སུའེ་ཏེན་གྱི་མི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སུའེ་ཏེན་གྱི་མི།
སུའེ་ཏེན་གྱི་མི་ནི་ཡོ་རོབ་བྱང་མའི་སུའེ་ཏེན་རྒྱལ་ཁབ་ཀྱི་མི་རིགས་གཙོ་གྲས་ཡིན། ཡང་སྐོར་ཞིག་ཧྥིན་ལན་གྱི་ལྷོ་ནུབ་ཁུལ་དང་། ཨ་མེ་རི་ཁ། ཁ་ན་ཏ། ཏེན་མག་སོགས་ལ་མཆེད་ཡོད། ཨོའུ་ལུའོ་པ་མི་རྒྱུད་ཀྱི་ཡོ་རོབ་བྱང་མའི་རིགས་རྒྱུད་ལ་གཏོགས། གདོད་མའི་མི་དམངས་ནི་རི་ཨེར་མན་བྱང་ཁུལ་གྱི་ཚོ་བ་དག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
瑞典人
ཕྱི་ཡིག་གི་མིང་།
Swedish
སྐད་རིགས།
སུའེ་ཏན་གྱི་སྐད།
མི་རྒྱུད།
ཨོའུ་ལུའོ་པ་མི་རྒྱུད་ཀྱི་ཡོ་རོབ་བྱང་མའི་རིགས།
ཆོས་ལུགས་དད་མོས།
ཡེ་ཤུའི་ཆོས་ལུགས་ཀྱི་ལུའུ་ཏི་ཙུང་།
མི་གྲངས།
ཁྲི890 (སྤྱི་ལོ1978ལོར)
1 ངོ་སྤྲོད།

སུའེ་ཏེན་གྱི་མི་ནི་ཡོ་རོབ་བྱང་མའི་སུའེ་ཏེན་རྒྱལ་ཁབ་ཀྱི་མི་རིགས་གཙོ་གྲས་ཡིན། ཡང་སྐོར་ཞིག་ཧྥིན་ལན་གྱི་ལྷོ་ནུབ་ཁུལ་དང་། ཨ་མེ་རི་ཁ། ཁ་ན་ཏ། ཏེན་མག་སོགས་ལ་མཆེད་ཡོད། ཨོའུ་ལུའོ་པ་མི་རྒྱུད་ཀྱི་ཡོ་རོབ་བྱང་མའི་རིགས་རྒྱུད་ལ་གཏོགས། གདོད་མའི་མི་དམངས་ནི་རི་ཨེར་མན་བྱང་ཁུལ་གྱི་ཚོ་བ་དག་ནས་ཡོང་། སྤྱི་ལོ་དུས་རབས་སྔོན་མར་སི་ཁན་གྱི་ན་ཝེ་ཡ་ཕྱེད་གླིང་གི་ལྷོ་རྒྱུད་ས་ཁུལ་དུ་ཁྱབ་ཡོད་པ་ཡིན། དུས་རབས8པ་ནས11པའི་བར་ནུ་མན་གྱི་མིར་འབོད་པའི་ཤར་རྒྱུད་ནས་ཨུ་རུ་སུའི་ཕྱོགས་ལ་རྒྱ་བསྐྱེད། དུས་རབས17པར་ཡོ་རོབ་བྱང་མའི་ཆེས་སྟོབས་ལྡན་གྱི་མི་རིགས་ཡིན། དུས་རབས18པར་རྒུད་པའི་མགོ་བརྩམས། སུའེ་ཏེན་གྱི་སྐད་རིགས་སྤྱོད། ཡེ་ཤུའི་ཆོས་ལུགས་ཀྱི་ལུའུ་ཏི་ཙུང་ཆོས་ལུགས་གསར་བ་དེ་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་བྱེད། སྤྱི་ལོ1870ལོའི་སྔོན་ན། ལུའུ་ཏི་ཆོས་ལུགས་ཀྱི་རྗེས་འཇུག་པ་ལ་དམངས་གཙོའི་དབང་ཆ་འཐོབ།

སུའེ་ཏེན་གྱི་མི་ནི་ཚེ་ཐག་རིང་བའི་མི་རིགས་ཀྱི་གྲས་ཤིག་ཡིན། སྤྱི་སྡོམ་རེའུ་མིག་ལས་ཤེས་གསལ་ལྟར་ན། རྒྱལ་ཁབ་དེའི་སྐྱེས་མ་དང་སྐྱེས་པ་སོ་སོར་ཆ་སྙོམས་བྱས་ན་ལོ81.4དང76.3ལྷག་ལ་འཚོ་ཐུབ་པར་བཤད།

2 མི་རིགས།

སུའེ་ཏེན་གྱི་མིའི་སྤྱི་ཚོགས་དང་ལས་ཀའི་གནོན་ཤུགས་ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་དག་དང་བསྡུར་ན་དེ་འདྲ་ཆེ་རྒྱུ་མེད། མི་རྣམས་གྱི་བྱ་བ་ཧ་ཅང་ཡང་ལ་ཧ་ཅང་སོས་དལ་ཡིན། སུའེ་ཏེན་གྱི་མིས་ཆེས་ཚད་མཐོ་བའི་སྒོ་ནས་ཚེ་སྲོག་ལ་གཅེས་སྐྱོང་དང་། བརྩེ་བ་ལྡན་པའི་སྒོ་ནས་མི་ཚེ་བསྐྱལ་བར་བྱེད།  

སུའེ་ཏེན་ནས་ཞིང་ལས་ཀྱིས་རང་བྱུང་མཚོན་ལ། ཞིང་ལས་ཀྱིས་བབ་ཆགས་ཀྱང་མཚོན། ཞིང་ལས་ཀྱིས་ད་དུང་སྟབས་བདེ་ཡང་མཚོན། དེས་སུའེ་ཏེན་གྱི་མི་དམངས་ལ་རིག་གནས་དང་སྲོལ་རྒྱུན་གྱི་ཁོར་ཡུག་མང་དུ་བསྐྲུན་ཡོད། ཁོ་ཚོ་ནི་རང་བྱུང་དང་ཐག་ཉེ་བའི་མི་རིགས་ཤིག་ཡིན་པས། ཁོ་ཚོས་འཚོ་བར་རེ་སྙེགས་དང་སྤྱི་ཚོགས་འཆམ་མཐུན་ཞིག་སྙེགས་པར་གདོན་མི་ཟའོ། ། སུའེ་ཏེན་ནས་རྒྱུན་དུ་འདི་འདྲའི་བཤད་རྒྱུན་ཞིག་ཡོད་དེ། ང་ཚོ་ལོ་ངོ་བརྒྱའི་སྔོན་ནས་བཟུང་ཞིང་བ་ཡིན་ཨང་ཟེར། ཁོ་ཚོས་སྐད་ཆ་འདི་བཤད་དུས། དོགས་སྣང་ཕྲན་ཙམ་ཡང་མེད་པར་མ་ཟད་ད་དུང་ང་རྒྱལ་དང་གཟི་བརྗིད་ཀྱིས་ཁེངས་ནས་ཡོད། དེས་ཁོ་ཚོ་དང་ཞིང་སྡེ། ས་གཞི། རང་བྱུང་ཁམས་ཆེན་པོ་བཅས་ཀྱི་བར་ན་འབྲལ་དཀའ་བའི་འབྲེལ་བ་ཡོད་པ་མཚོན།

སུའེ་ཏེན་གྱི་མི་འཚོ་བར་རེ་སྙེག་དང་སྤྱི་ཚོགས་འཆམ་མཐུན་ལ་སྤྲོ་བའི་མི་རིགས་ཤིག་ཡིན། ཁོ་ཚོར་གནའ་སྔ་མོའི་དུས་ནས་བཟུང་དེང་རབས་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཆགས་ཡོད། དེར་མ་ཟད་འཛམ་གླིང་སྟེང་ཆེས་སྔ་མོར་མིའི་རིགས་ཀྱི་སྤྱི་ཚོགས་དང་རང་བྱུང་ཁོར་ཡུག་རིམ་གྱིས་འཕེལ་རྒྱས་འགྲོ་བར་ཕྱོགས་སྟོན་མཁན་ཡང་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-02

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།