ས་མོ་ཡའི་མི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ས་མོ་ཡའི་མི།
ས་མོ་ཡའི་མི་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་དབུས་རྒྱུད་ཀྱི་ས་མོ་ཡ་གླིང་ཚོམ་གྱི་མི་རིགས་ཤིག་ཡིན། མི་འབོར་ཁྲི22.2ལྷག་ཡོད། སོག་པོ་ལྷོ་མའི་རིགས་རྒྱུད་དང་ཨོ་སི་ཁྲུ་ལི་ཡའི་རིགས་རྒྱུད་བསྲེས་མའི་མི་རིགས་ཡིན། ས་མོ་ཡའི་སྐད་རིགས་སྤྱོད་ལ། ལ་ཏིང་ཡི་གེ་རྨང་གཞི་བྱས་པའི་གསར་བཟོས་ཡི་གེ་བཀོལ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
萨摩亚人
ཕྱི་ཡིག་གི་མིང་།
Samoans
སྐད་རིགས།
ས་མོ་ཡའི་སྐད།
མི་རྒྱུད།
སོག་པོ་ལྷོ་མའི་རིགས་རྒྱུད་དང་ཨོ་སི་ཁྲུ་ལི་ཡའི་རིགས།
ཆོས་ལུགས་དད་མོས།
ཡེ་ཤུའི་ཆོས་ལུགས།
མི་གྲངས།
ཁྲི22.2ལྷག
1 ངོ་སྤྲོད།

ས་མོ་ཡའི་མི་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་དབུས་རྒྱུད་ཀྱི་ས་མོ་ཡ་གླིང་ཚོམ་གྱི་མི་རིགས་ཤིག་ཡིན། མི་འབོར་ཁྲི22.2ལྷག་ཡོད་ལ། དེའི་ཁྲོད་ཀྱི་མི་འབོར་ཁྲི15ལྷག་ས་མོ་ཡ་ནུབ་མར་ཡོད་ཅིང་། མི་འབོར་ཁྲི3ལྷག་ས་མོ་ཡ་ཤར་མར་མཆེད་ཡོད། ཁྲི4ལྷག་གི་གཞི་སྤོར་མི་ནེའུ་ཙི་ལན་དང་ཧྥེ་ཅི་སོགས་རྒྱལ་ཁབ་ན་ཡོད། སོག་པོ་ལྷོ་མའི་རིགས་རྒྱུད་དང་ཨོ་སི་ཁྲུ་ལི་ཡའི་རིགས་རྒྱུད་བསྲེས་མའི་མི་རིགས་ཡིན། ས་མོ་ཡའི་སྐད་རིགས་སྤྱོད་ལ། ལ་ཏིང་ཡི་གེ་རྨང་གཞི་བྱས་པའི་གསར་བཟོས་ཡི་གེ་བཀོལ། ཁོ་ཚོའི་མེས་པོ་ལོ་ངོ2500ལྷག་གི་ཡར་སྔོན་ནས་གནས་འདིར་སྤོས་ནས་ཡོང་བ་ཡིན། ནུབ་ཕྱོགས་རྒྱལ་ཁབ་ཀྱི་རིག་གནས་ཤན་ཤུགས་ཐེབས་ཡོད་ལ། རྫོང་མཐུག་པའི་མི་རིགས་སྲོལ་རྒྱུན་རིག་གནས་ཀྱང་བརྟན་སྲུང་བྱས་ནས་ཡོད། དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཞིང་ལས་དང་ཉ་ལས་ཡིན། རྣམ་པ་ཆུང་བའི་བཟོ་ལས་ཀྱང་འཕེལ་རྒྱས་འགྲོ་འགོ་ཚུགས་ཡོད། ཁོ་ཚོ་སྔོན་མར་རྫུ་འཕྲུལ་དང་མགོན་སྐྱབས་ལ་དད་པ་ཡོད་ན་ཡང་། ད་བར་མང་ཤས་ཀྱིས་ཡེ་ཤུའེ་ཆོས་ལུགས་ལ་དད། ཞིབ་འཇུག་པ་ལ་ལས་འདོད་ཚུལ་ལྟར་ན། ཁོ་ཚོའི་མེས་པོ་ནི་ལོ་ངོ2500ལྷག་གི་ཡར་སྔོན་ནས་བཟུང་ཡ་གླིང་ཤར་ལྷོ་ནས་གནས་འདིར་ཡོང་བར་འདོད། དུས་རབས19པའི་དུས་དཀྱིལ་ཀྱི་ཡར་སྔོན་ལ། ཕ་རྒྱུད་ཁྱིམ་རྒྱུད་ཀྱི་རྨང་གཞིའི་གོ་གནས་གལ་ཆེན་ཟིན་ལ། གྲལ་རིམ་གྱི་དབྱེ་བའང་དགར་རྒྱུ་ཡོད། ཁྱིམ་བདག་བྲན་གཡོག་ལམ་ལུགས་ཀྱང་བྱུང་། ཁོ་ཚོ་ཁ་ཝ་ཆང་ཟེར་བ་ཞིག་འཐུང་རྒྱུར་དགའ་ལ། སྡོད་ཤུན་གྱི་རས་ལྭ་གྱོན་པར་ཡང་དགའ། སྡོང་ལོ་དང་སྡོང་བོའི་ཡལ་གས་ཁང་བ་སྐྲུན་ལ། འགའ་རེའི་མཐོ་ཚད་ལ་སྨི6ཡོད། ཕྱོགས་བཞིར་གྱང་ར་མེད་ཀྱང་ཡོལ་བ་འཐེན་ནས་ཡོད། དམངས་ཁྲོད་ལྷ་སྒྲུང་ཕུན་སུམ་ཚོགས།

2 ལོ་རྒྱུས།

དུས་རབས19པའི་དཀྱིལ་ལ། དབྱིན་ཇི་དང་ཨ་མེ་རི་ཁ། འཇར་མན་སོགས་ཀྱིས་རིམ་བཞིན་དུ་འཇབ་རྒོལ་བྱས་ཤིང་། ཕན་ཚུན་བར་ལ་རྩོད་རེས་བྱས། སྤྱི་ལོ1889ལོར། རྒྱལ་ཁབ་གསུམ་གྱིས་གྲོས་ཆིངས་བཞག་ནས་མཉམ་དུ་དབང་བསྒྱུར་བྱས། སྤྱི་ལོ1899ལོར་དབྱིན་ཇི་དབང་བསྒྱུར་ལས་ཕྱིར་བུད་ཅིང་། ས་མོ་ཡ་གླིང་ཚོམ་དེ་འཇར་མན་དང་ཨ་མེ་རི་ཁ་གཉིས་ཀྱིས་སོ་སོར་བགོས། ས་མོ་ཡ་ནུབ་མ་དེ་འཇར་མན་གྱིས་དབང་བསྒྱུར། འཛམ་གླིང་འཁྲུག་ཆེན་དང་པོའི་རྗེས་ནས་ནེའུ་ཙི་ལན་གྱིས་བདག་ཏུ་བཟུང་། ས་མོ་ཡ་ཤར་མ་ཨ་མེ་རི་ཁའི་དབང་བསྒྱུར་ལ་ལོག ས་མོ་ཡ་ནུབ་མའི་མི་ལ་སྤྱི་ལོ1962ལོའི་ཟླ1པོའི་ཚེས1ཉིན་ལ་དངོས་སུ་རང་བཙན་འཐོབ། ས་མོ་ཡ་ནུབ་མའི་རང་བཙན་རྒྱལ་ཁབ་བཙུགས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-02

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།