སྐར་སྤྲིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐར་སྤྲིན།
སྐར་སྤྲིན་ལ་རྒྱུ་སྐར་དང་སྐར་མ་དུ་བ་མཇུག་རིང་ཕུད་གཞན་དག་ཚང་མ་ཕལ་ཆེར་རྒྱ་བསྐྱེད་པའི་སྐར་མའི་གོ་ལ་འདུ། དེ་དག་གི་གཙོ་བོའི་གྲུབ་ཆ་ནི་ཆཱིན་ཡིན་ལ། དེའི་འཕྲོར་ཧའེ། ད་དུང་ཅུང་ཉེ་བའི་ལྕགས་རིགས་གཞི་རྒྱུ་དང་ལྕགས་རིགས་མ་ཡིན་པའི་གཞི་རྒྱུ་ཡང་ཡོད། སྤྱི་ལོ1990ལོར། ཧ་པོ་རྒྱང་ཤེལ་མཁའ་དབྱིངས་སུ་འཕགས་ནས་ཞིབ་འཇུག་བྱས་པར་ད་དུང་མ་རྡུལ་དངོས་རྫས་འདྲེས་པའི་དངོས་གཟུགས་ཀྱང་ཡོད་པ་རྟོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
星云
ཕྱི་ཡིག་གི་མིང་།
Nebula
1 ངོ་སྤྲོད།

སྐར་སྤྲིན་ལ་རྒྱུ་སྐར་དང་སྐར་མ་དུ་བ་མཇུག་རིང་ཕུད་གཞན་དག་ཚང་མ་ཕལ་ཆེར་རྒྱ་བསྐྱེད་པའི་སྐར་མའི་གོ་ལ་འདུ།  དེ་དག་གི་གཙོ་བོའི་གྲུབ་ཆ་ནི་ཆཱིན་ཡིན་ལ། དེའི་འཕྲོར་ཧའེ། ད་དུང་ཅུང་ཉེ་བའི་ལྕགས་རིགས་གཞི་རྒྱུ་དང་ལྕགས་རིགས་མ་ཡིན་པའི་གཞི་རྒྱུ་ཡང་ཡོད། སྤྱི་ལོ1990ལོར། ཧ་པོ་རྒྱང་ཤེལ་མཁའ་དབྱིངས་སུ་འཕགས་ནས་ཞིབ་འཇུག་བྱས་པར་ད་དུང་མ་རྡུལ་དངོས་རྫས་འདྲེས་པའི་དངོས་གཟུགས་ཀྱང་ཡོད་པ་རྟོགས།

2 གྲུབ་ཚུལ།

སྐར་སྤྲིན་ནི་རྡུལ་ཕྲན་དང་ཆཱིན་དབུགས། ཧའེ་དབུགས། གློག་རྡུལ་དབུགས་གཟུགས་གཞན་དག་གིས་མཉམ་དུ་གྲུབ་པའི་སྐར་ཚོགས་ཀྱི་སྤྲིན་ཞིག་ཡིན། མ་གཞི་དེ་ནི་གནམ་དཔྱད་རིག་པའི་རྒྱུན་སྤྱོད་མིང་ཚིག་ཅིག་ཡིན་ནའང་། གནམ་དཔྱད་རིག་པ་གང་རུང་གི་ཁྲོད་དུ་ཁྱབ་པའི་སྐར་མའི་གོ་ལར་གོ་བ་ཡིན་ཞིང་། དགུ་ཚིགས་སྐྱ་མོའི་ཁྱིམ་རྒྱུད་ཕུད་པའི་སྐར་མའི་ཁྱིམ་རྒྱུད་ཀྱང་འདུ།  སྐར་སྤྲིན་དེ་རྒྱུན་པར་བརྟན་སྐར་གྲུབ་པའི་ཁོངས་གཏོགས་སུ་ཡོད་དེ། དཔེར་ན། གླག་རྒོད་སྐར་སྤྲིན་ལྟ་བུ།  ཁུལ་འདིས་དབུགས་གཟུགས་དང་རྡུལ་ཕྲན་སོགས་རྒྱུ་ཆ་གཞན་དག་འདྲེས་ནས་གྲུབ་ཅིང་། སྤུས་ཚད་ཆེས་ཆེ་བར་རྒྱས། འདིས་དེ་ལས་ལྷག་པའི་སྤུས་ཚད་ནང་དུ་དྲངས། མཐའ་མར་བརྟན་སྐར་འདང་ཚད་ཅིག་གྲུབ། ཤེས་གསལ་ལྟར་ན། ལྷག་མའི་རྒྱུ་ཆ་དག་གིས་ད་དུང་རྒྱུ་སྐར་དང་རྒྱུ་སྐར་ཁྱིམ་རྒྱུད་སོགས་སྐར་མའི་གོ་ལ་གཞན་དག་ཀྱང་གྲུབ།

སྐར་སྤྲིན་ནི་སྐར་ཚོགས་བར་སྟོང་གི་དབུགས་གཟུགས་དང་རྡུལ་ཕྲན་མཉམ་དུ་བསྲེས་ནས་གྲུབ་པའི་སྤྲིན་སྨུག་རང་བཞིན་གྱི་སྐར་མའི་གོ་ལ་ཞིག་ཡིན། སྐར་སྤྲིན་ནང་གི་དངོས་རྫས་ཀྱི་སྟུག་ཚད་ཧ་ཅང་དམའ། གལ་ཏེ་སའི་གོ་ལའི་སྟེང་གི་ཚད་ལྡན་ལྟར་ཚད་བཅལ་ན། ས་ཁུལ་ལ་ལ་ནི་དོན་དངོས་ཀྱི་སྟོང་བ་ཡིན། ཡིན་ཡང་སྐར་སྤྲིན་གྱི་རྒྱ་ཁྱོན་ཧ་ཅང་ཆེ། རྒྱུན་པར་འོད་ལོ་བཅུ་ཕྲག་འགའ་ལ་སླེབས་ཐུབ། དེ་བས། རྒྱུན་ལྡན་གྱི་སྐར་སྤྲིན་ནི་ཉི་མ་ལས་ཤིན་ཏུ་གཙོ།

3 རྣམ་པ། 

སྐར་སྤྲིན་གྱི་རྣམ་པ་ནི་སྣ་ཚོགས་སུ་སྣང་། སྐར་སྤྲིན་དང་བརྟན་སྐར་ལ་ཁྲག་རྒྱུད་ཀྱི་འབྲེལ་བ་ཡོད། བརྟན་སྐར་གྱིས་ཕྱིར་བཏང་བའི་དབུགས་གཟུགས་སྐར་སྤྲིན་གྱི་ཆ་ཤས་སུ་གྲུབ་པར་ངེས་ལ། སྐར་སྤྲིན་དངོས་རྫས་ཀྱི་འཐེན་ཤུགས་ནུས་པའི་འོག་བརྟན་སྐར་གྲུབ་པ་རེད། ཆ་རྐྱེན་ངེས་ཅན་གྱི་འོག སྐར་སྤྲིན་དང་བརྟན་སྐར་ནི་ཕན་ཚུན་འགྱུར་ལྡོག་ནུས་པ་རེད།

གནའ་བོའི་དུས་འཇིག་རྟེན་ཁམས་ཀྱི་སྤྲིན་སྨུག་རང་བཞིན་གྱི་གནམ་གྱི་གོ་ལ་དག་ལ་སྐར་སྤྲིན་དུ་འབོད། རྗེས་ནས་གནམ་དཔྱད་རིག་པའི་རྒྱང་མཐོང་གི་འཕེལ་རྒྱས་དང་བསྟུན་ནས། མི་རྣམས་ཀྱིས་ལྟ་ཞིབ་ཚད་ལྡན་གྱི་ནུས་པའང་ཇེ་མཐོང་སོང་བས། ད་གཟོད་མ་གཞིའི་སྐར་སྤྲིན་དེ་སྐར་ཚོགས་དང་སྐར་མའི་ཁྱིམ་རྒྱུད། སྐར་སྤྲིན་བཅས་རིགས་གསུམ་དུ་བགར་བ་རེད། 


བརྡ་འགྲེལ་གདོང་འཛར།

རང་བྱུང་ཁམས། བརྟན་སྐར། སྐར་སྤྲིན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-27

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།