སྐར་མའི་གོ་ལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐར་མའི་གོ་ལ།
སྐར་མའི་གོ་ལ་ནི་འཇིག་རྟེན་ཁམས་ཀྱི་བར་སྟོང་གི་དངོས་པོའི་གྲུབ་ཚུལ་ལ་འཇུག སྐར་མའི་གོ་ལ་སྤྱི་འདུས་དེས་རྣམ་པ་མི་འདྲ་བའི་སྐར་མའི་གོ་ལ་ཡི་རྣམ་པའི་ཞིབ་འཇུག་བྱེད་ཡུལ་གྲུབ་ཡོད། མིའི་རིགས་ཀྱིས་མཁའ་དབྱིངས་སུ་བཏང་བའི་མིས་བཟོས་སྲུང་སྐར་དང་མཁའ་སྐྱོད་འཕུར་གྲུ། བར་སྟོང་ཚན་རིག་ཁང་སོགས་རྣམ་པ་མི་འདྲ་བའི་ལྟ་ཞིབ་འཕྲུལ་ཆས་རྣམས་ནི་མིས་བཟོས་སྐར་མའི་གོ་ལ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
天体
ཕྱི་ཡིག་གི་མིང་།
celestial body
1 ངོ་སྤྲོད།

སྐར་མའི་གོ་ལ་ནི་འཇིག་རྟེན་ཁམས་ཀྱི་བར་སྟོང་གི་དངོས་པོའི་གྲུབ་ཚུལ་ལ་འཇུག སྐར་མའི་གོ་ལ་སྤྱི་འདུས་དེས་རྣམ་པ་མི་འདྲ་བའི་སྐར་མའི་གོ་ལ་ཡི་རྣམ་པའི་ཞིབ་འཇུག་བྱེད་ཡུལ་གྲུབ་ཡོད།  མིའི་རིགས་ཀྱིས་མཁའ་དབྱིངས་སུ་བཏང་བའི་མིས་བཟོས་སྲུང་སྐར་དང་མཁའ་སྐྱོད་འཕུར་གྲུ། བར་སྟོང་ཚན་རིག་ཁང་སོགས་རྣམ་པ་མི་འདྲ་བའི་ལྟ་ཞིབ་འཕྲུལ་ཆས་རྣམས་ནི་མིས་བཟོས་སྐར་མའི་གོ་ལ་ཡིན། ཡང་དཔེར་ན། ཉི་མའི་ཁྱིམ་རྒྱུད་ཀྱི་ཉི་མ་དང་། རྒྱུ་སྐར། འཁོར་སྐར། རྒྱུ་སྐར་ཆུང་བ། སྐར་མ་དུ་བ་མཇུག་རིང་། སྐར་མདའ། རྒྱུ་སྐར་ཚོགས་པའི་དངོས་རྫས། དགུ་ཚིགས་ཁྱིམ་རྒྱུད་ཀྱི་བརྟན་སྐར་དང་། སྐར་ཚོགས། སྐར་སྤྲིན། སྐར་མའི་ཚོགས་པའི་དངོས་རྫས། ད་དུང་སྐར་མའི་ཚོགས་པ་རྣམ་པ་འདྲ་མིན་སྣ་ཚོགས། ཉི་མའི་ལྡོག་ཐིག་དང་སྨུག་ཕྱིའི་འོད་ཐིག་སོགས་ཚང་མ་ཡང་སྐར་མའི་གོ་ལ་ཡིན།

2 བརྡར་ཤ་གཅོད་ཐབས།

དངོས་པོ་ཞིག་སྐར་མའི་གོ་ལ་ཡིན་མིན་ཐག་གཅོད་བྱེད་སྐབས། དོ་སྣང་བྱ་དགོས་པའི་གནད་དོན་གསུམ་ཡོད་དེ། དང་པོ་ནི་འཇིག་རྟེན་ཁམས་ཀྱི་དངོས་རྫས་གྲུབ་མིན་གྱི་རྣམ་པ་ལ་བལྟ་བ། སྐར་ཚོགས་དངོས་རྫས་ནི་མིག་གིས་གཏན་ནས་མཐོང་མི་ཐུབ་ནའང་། དེ་སྐར་མའི་གོ་ལ་ཡིན་ངེས། གཉིས་པ་ནི་འཇིག་རྟེན་ཁམས་ཀྱི་དངོས་རྫས་ཡིན་མིན་ལ་བལྟ་བ། སྐར་མའི་གོ་ལའི་ཆ་ཤས་རེ་འགའ་སྐར་མའི་གོ་ལ་མིན། གསུམ་པ་ནི་སའི་གོ་ལའི་རླུང་ཁམས་ཆེན་མོའི་བང་རིམ་ན་ཡོད་མེད་ལ་བལྟ་བ། ཕྱི་རོལ་བང་རིམ་གྱི་བར་སྟོང་ན་ཡོད་པ་ནི་སྐར་མའི་གོ་ལ་ཡིན་ལ། སའི་གོ་ལའི་རླུང་ཁམས་ཆེན་མོའི་ཁྲོད་ན་ཡོད་པ་ནི་སྐར་མའི་གོ་ལ་མིན།

3 གནས་ཡུལ།

སྐར་མའི་གོ་ལ་ནི་གནས་ཚད་མ་ལག་ག་གེ་མོའི་ཁྲོད་ཀྱི་གནས་ཚད་ཡིན་ལ། རྒྱུན་པར་ཐིག་དམར་གྱི་གནས་ཚད་མ་ལག(གཞུང་ཐིག་དང་འཕྲེད་ཐིག)གིས་སྟོན་པར་བྱེད། ཐིག་དམར་གནས་ཚད་ཀྱི་རྩ་བའི་ངོས་སྙོམས(ཐིག་དམར་ངོས)དང་གཙོ་ཚེག(དཔྱིད་མཉམ་ས)གི་ལོ་ཚད་ཧེ་བག་དང་། འགུལ་བ་ལས་དུས་ཚོད་འགྱུར་བ་འབྱུང་བཞིན་ཡོད་ཅིང་། དེ་དང་བསྟུན་ནས་སྐར་མའི་གོ་ལའི་གཞུང་ཐིག་དང་འཕྲེད་ཐིག་ཀྱང་འགྱུར་བ་འབྱུང་གིན་ཡོད། དེར་མ་ཟད། སའི་གོ་ལའི་སྟེང་གི་ལྟ་ཞིབ་པས་ལྟ་ཞིབ་ལས་ཤེས་གསལ་ལྟར་ན། སྐར་མའི་གོ་ལའི་གནས་ཚད་ཀྱང་སྐར་མའི་གོ་ལའི་རང་འགུལ་དང་ལྟ་ཞིབ་པ་གནས་པའི་སའི་གོ་ལའི་ཁ་གཏད་དུ་ཡོད་པའི་སྐར་མའི་གོ་ལའི་འགུལ་སྐྱོད་མི་འདྲ་བ་དང་བསྟུན་ནས་འགྱུར་བ་འདྲ་མིན་སྣ་ཚོགས་པ་འབྱུང་བཞིན་ཡོད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-27

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།