སྐར་མ་བརྟན་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐར་མ་བརྟན་པ།
སྐར་མ་བརྟན་པ་ནི་སྐར་ཚོམ་ཞིག་གི་མིང་ཡང་ཡིན་ལ། བྱང་ཕྱོགས་མཁའ་དབྱིངས་ཀྱི་མཚོན་རྟགས་ཡིན། སྐར་མ་བརྟན་པ་ནི་དུས་ལ་ངེས་བརྟན་མེད་པར་བྱང་མཐའི་མཚམས་ལ་འཆར་བའི་བརྟན་སྐར་ལའང་ཟེར། སའི་གོ་ལ་དང་བར་ཐག་ཧ་ཅང་ཉེ་ཞིང་། སའི་གོ་ལའི་སྲོག་ཤིང་དང་ཁ་གཏད་འདྲ་བོ་ཆགས་ཡོད། སའི་གོ་ལའི་སྟེང་ནས་བལྟས་ན། དེའི་གནས་ཡུལ་ལ་ཕལ་ཆེར་འགྱུར་བ་འབྱུང་གི་མེད་ཅིང་། དེ་ལ་བརྟེན་ནས་ཁ་ཕྱོགས་ངོས་འཛིན་བྱེད་ནུས། སྐར་མ་བརྟན་པ་ནི་དོམ་ཆུང་སྐར་ཚོམ་གྱི་ཁོངས་སུ་གཏོགས་ཤིང་། སའི་གོ་ལ་དང་བར་ཐག་འོད་ལོ400ཙམ་ཡོད་ལ། སྤུས་ཚད་ནི་སའི་གོ་ལ་ཡི་ལྡབ5ཡིན། དེ་ནི་མཚན་མོའི་མཁའ་དབྱིངས་ནས་མཐོང་ཐུབ་པའི་གསལ་ཚད་དང་གནས་ཡུལ་ཅུང་འགྱུར་བ་མེད་པའི་བརྟན་སྐར་ཞིག་ཡིན། ཀྲུང་གོའི་གནའ་བོའི་དུས་སུ་མིང་མི་འདྲ་བ་དུ་མ་རེ་ཡོད་ལ། དེ་ནི་སྐར་ཚོམ་རི་མོའི་སྟེང་དུ་དོམ་ཆུང་གི་རྔ་མའི་སྣེ་ཁ་རུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
北极星
ཕྱི་ཡིག་གི་མིང་།
Polaris
མཐོང་བའི་སྐར་གསལ་རིམ་པ།
1.97
བར་ཐག
434ly
1 ངོ་སྤྲོད།

སྐར་མ་བརྟན་པ་ནི་སྐར་ཚོམ་ཞིག་གི་མིང་ཡང་ཡིན་ལ། བྱང་ཕྱོགས་མཁའ་དབྱིངས་ཀྱི་མཚོན་རྟགས་ཡིན། སྐར་མ་བརྟན་པ་ནི་དུས་ལ་ངེས་བརྟན་མེད་པར་བྱང་མཐའི་མཚམས་ལ་འཆར་བའི་བརྟན་སྐར་ལའང་ཟེར། སའི་གོ་ལ་དང་བར་ཐག་ཧ་ཅང་ཉེ་ཞིང་། སའི་གོ་ལའི་སྲོག་ཤིང་དང་ཁ་གཏད་འདྲ་བོ་ཆགས་ཡོད། སའི་གོ་ལའི་སྟེང་ནས་བལྟས་ན། དེའི་གནས་ཡུལ་ལ་ཕལ་ཆེར་འགྱུར་བ་འབྱུང་གི་མེད་ཅིང་། དེ་ལ་བརྟེན་ནས་ཁ་ཕྱོགས་ངོས་འཛིན་བྱེད་ནུས། སྐར་མ་བརྟན་པ་ནི་དོམ་ཆུང་སྐར་ཚོམ་གྱི་ཁོངས་སུ་གཏོགས་ཤིང་། སའི་གོ་ལ་དང་བར་ཐག་འོད་ལོ400ཙམ་ཡོད་ལ། སྤུས་ཚད་ནི་སའི་གོ་ལ་ཡི་ལྡབ5ཡིན། དེ་ནི་མཚན་མོའི་མཁའ་དབྱིངས་ནས་མཐོང་ཐུབ་པའི་གསལ་ཚད་དང་གནས་ཡུལ་ཅུང་འགྱུར་བ་མེད་པའི་བརྟན་སྐར་ཞིག་ཡིན། ཀྲུང་གོའི་གནའ་བོའི་དུས་སུ་མིང་མི་འདྲ་བ་དུ་མ་རེ་ཡོད་ལ། དེ་ནི་སྐར་ཚོམ་རི་མོའི་སྟེང་དུ་དོམ་ཆུང་གི་རྔ་མའི་སྣེ་ཁ་རུ་ཡོད།

སྐར་མ་བརྟན་པའམ་དོམ་ཆུང་སྐར་ཚོམαཡིས་ཁ་ཕྱོགས་ལ་དབྱེ་བ་འབྱེད་ནུས་ནའང་། ལོ་ཡི་ཧེ་བག་གི་རྐྱེན་གྱིས་སྐར་མ་བརྟན་པ་གཏན་ཏུ་འགྱུར་བ་མེད་པའི་སྐར་མ་ཞིག་ཡིན། སྤྱི་ལོ14000གི་ལོར་སྐར་མ་ཐགས་མ་རུ་འགྱུར་སྲིད།  ལོ25800ཡི་ནང་དུ་ཐེངས་གཅིག་ལ་འཁོར་གི་ཡོད། དཔེར་ན་མའེ་ཀྲེ་ལུན་མཚོ་སྐྱོད་དུས་རབས་སུ། སྐར་མ་བརྟན་པ་དང་བྱང་གི་མཁའ་མཐའ་བར་ལ་ཏུའུ8ཀྱི་ཟུར་ཚད་ཡོད། ཡིན་ཡང་མིག་སྔར་སྐར་མ་བརྟན་པ་བྱང་གི་མཁའ་མཐའ་གཉིས་བར་ཐག་ཉེ་བར་ཡོད་ཅིང་ཟུར་ཚད40′ཙམ་ལས་མེད། གནམ་དཔྱད་རིག་པས་བརྟན་སྐར་འཐེན་ཤུགས་སོགས་ལས་རྩིས་པ་ལྟར་ན། སྤྱི་ལོ2100ལོར་ཐོན་དུས། སྐར་མ་བརྟན་པ་བྱང་གི་མཁའ་མཐའི་ཚེག་དང་གྱེས་པའི་སྟེང་ཕྱོགས་ཀྱི་ཉེ་བའི་གནས་སུ་ཐོན་ལ། དེ་དང་བྱང་གི་མཁའ་མཐའ་གཉིས་བར་ལ28′ཙམ་ལས་མེད། རྗེས་ནས་རིམ་བཞིན་དེ་གཉིས་ཐག་ཇེ་རིང་དུ་བུད་འགྲོ།

2 མཚོན་བྱའི་ནང་དོན།

སྐར་མ་བརྟན་པའི་གནས་བབ་ཧ་ཅང་རྒྱུན་ལྡན་ཡིན་ལ་འགྱུར་བག་མེད་པས་ན། མི་རྣམས་ཀྱིས་ཧ་ཅང་བློ་དཀར་བར་འདོད་ལ། རང་སེམས་ཀྱི་གོ་གནས་ཤིག་ཀྱང་ཡོད།

མི་ཚེའི་ཟུར་ནས་བལྟས་ན། སྐར་མ་བརྟན་པས་ང་ཚོ་ལ་མི་ཚེའི་འདུན་མ་སྟོན་པའི་དོན་སྙིང་ལྡན་ཞིང་། ཁོས་ང་ཚོར་ཁ་ཕྱོགས་སྟོན་ནུས་པ་དང་འདྲ་བོ་རེད།

བརྩེ་དུང་གི་ཟུར་ནས་བལྟས་ན། སྐར་མ་བརྟན་པས་རྟག་བརྟན་དང་མི་འགྱུར་བའི་དམ་བཅའ་མཚོན་ནུས།

གལ་ཏེ་ཁོ་སེམས་ལྡན་ཞིག་ཡིན་པའི་དབང་དུ་བྱས་ན། དེས་ཉེ་འཁོར་གྱི་སྐར་མ་དེ་ལ་དམ་ཚིག་བརྟན་པོར་སྲུང་ཞིང་གཏན་དུ་ཁ་མི་འབྲལ། དཔེར་ན། ཟླ་བ་དང་ཐག་ཧ་ཅང་རིང་ནའང་། སྐར་མ་བརྟན་པས་སྔར་བཞིན་གཏན་སྲུང་བྱས་ཡོད། དེ་བས་སྐར་མ་བརྟན་པ་ནི་ཧ་ཅང་བརྟན་ཆགས་ཡིན་ལ། ནམ་ཡང་འགྱུར་བ་མེད་པའི་མཚོན་རྟགས་ཡིན།

སྐར་མ་བརྟན་པས་སྔོན་ཆད་སའི་གོ་ལར་འདི་ལྟར་བརྗོད་མྱོང་སྟེ། གལ་ཏེ་ནམ་ཞིག་གི་དུས་སུ་ཁྱེད་རང་ལམ་མགོ་འཁོར་ཚེ། ཁྱེད་ཀྱིས་མགོ་བོ་དགྱེས་ནས་ང་ལ་གཟིགས་དང་། ངས་ནམ་ཡང་ཁྱོད་ལ་སྒུག་ནས་ཡོད་ཟེར། དེ་བས་ལམ་མགོ་འཁོར་བའི་ཚང་མས་མགོ་དགྱེས་ནས་སྐར་མ་བརྟན་པ་འཚོལ་བར་བྱེད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-27

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།