འཕེལ་རིམ་འཕྲིན་གཏོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཕེལ་རིམ་འཕྲིན་གཏོང་ནི་འཕེལ་རིམ་བར་གཞི་གྲངས་བརྒྱུད་གཏོང་བྱེད་པ་ལ་ཟེར་ཞིང་། འཕེལ་རིམ་འཕྲིན་གཏོང་ནི་ཆ་འཕྲིན་བརྗེ་རེས་བྱས་པའི་ཚད་ཀྱི་མང་ཉུང་དང་ལས་ཕྱོད་ཀྱི་མཐོ་དམའ་ལ་གཞིགས་ནས། དམའ་རིམ་འཕྲིན་གཏོང་དང་མཐོ་རིམ་འཕྲིན་གཏོང་རིགས་གཉིས་སུ་དབྱེ་ཡོད། དེའི་ཁྲོད་ཀྱི་མཐོ་རིམ་འཕེལ་རིམ་འཕྲིན་གཏོང་བྱེད་ཐབས་རིགས་གསུམ་དུ་དབྱེ་ཡོད། ནང་གསོག་མཉམ་སྤྱོད་བྱེད་པའི་རྣམ་པ་དང་། གནས་ཚུལ་བརྒྱུད་སྤྲོད་བྱེད་པའི་རྣམ་པ། ཡིག་ཆ་མཉམ་སྤྱོད་བྱེད་པའི་རྣམ་པ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
进程通信
རིགས་དབྱེ།
བཀོལ་སྤྱོད་རྒྱུད་ཁོངས།
1 གོ་དོན།

གཤིབ་བགྲོད་འཕེལ་རིམ་གཉིས་ཕན་ཚུན་ལ་ཆ་འཕྲིན་སྐྱེལ་སྐུར་བྱེད་པར་བརྟེན་ནས་མཉམ་ལས་བྱེད་ཆོག ཆ་འཕྲིན་ནི་ཆ་འཕྲིན་ལྷོད་གཏོང་བྱེད་པ་བརྒྱུད་ནས་འཕེལ་རིམ་བར་ཕན་ཚུན་བརྒྱུད་སྤྲོད་བྱེད་པ་ཡིན།

UNIXརྒྱུད་ཁོངས་ཁྲོད་ཀྱི་འཕེལ་རིམ་བར་གྱི་འཕྲིན་གཏོང་ལ་གོ་དོན་གཉིས་ཡོད་དེ།

རྐྱང་མའི་འཕེལ་རིམ་ནང་ཁུལ་གྱི་དཔེ་དུམ་སོ་སོའི་བར་གྱི་འཕྲིན་གཏོང་།

ཁེར་རྐྱང་སྡེ་ཚན་བྱེད་པའི་འཕེལ་རིམ་མི་འདྲ་བ་སོ་སོའི་བར་གྱི་འཕྲིན་གཏོང་།

སྔོན་མས་ལས་འགན་རྐྱང་མའི་བཀོལ་སྤྱོད་རྒྱུད་ཁོངས་ཁྲོད་ཀྱི་དཔེ་དུམ་འཕྲིན་གཏོང་བྱེད་ཐབས་རྒྱུན་འཛིན་བྱས་ཡོད་པ་དང་། ཕྱི་མས་ངེས་པར་དུ་འཕེལ་རིམ་སོ་སོས་འཕྲིན་གཏོང་བརྒྱུད་རིམ་ཁྲོད་དུ་ཕན་ཚུན་ལ་འགོག་རྐྱེན་མི་བཟོ་བ་འགན་ལེན་བྱས་ཏེ་དེའི་འཕྲིན་གཏོང་གི་གཅིག་མཐུན་རང་བཞིན་ རྒྱུན་འཁྱོངས་བྱེད་པ་ཡིན།

2 རིགས་དབྱེ།

ཆ་འཕྲིན་བརྗེ་རེས་བྱས་པའི་ཚད་ཀྱི་མང་ཉུང་དང་ལས་ཕྱོད་ཀྱི་མཐོ་དམའ་ལ་གཞིགས་ནས། འཕེལ་རིམ་འཕྲིན་གཏོང་ལ་གཤམ་གྱི་དམའ་རིམ་འཕྲིན་གཏོང་དང་མཐོ་རིམ་འཕྲིན་གཏོང་རིགས་གཉིས་སུ་དབྱེ་ཡོད།

1.དམའ་རིམ་འཕྲིན་གཏོང་།

འཕེལ་རིམ་གྱི་འབུད་རེས་དང་གོམ་མཉམ་གྱི་དབང་གིས་འཕེལ་རིམ་ཁྲོད་ངེས་ཅན་གྱི་ཆ་འཕྲིན་བརྗེ་རེས་བྱེད་དགོས། དེར་བརྟེན་མཁས་དབང་མི་ཉུང་བ་ཞིག་གིས་དེ་དག་ཡང་འཕེལ་རིམ་འཕྲིན་གཏོང་དུ་བསྡུ་བ་རེད། རྣམ་པ་དང་ཧྲིལ་གྲངས་གྲངས་ཐང(ཆ་འཕྲིན་ཚོད་འཛིན)ཁོ་ན་བརྒྱུད་སྤྲོ་བྱེད་པ།

ཁྱད་ཆོས་ནི་ཆ་འཕྲིན་བརྒྱུད་སྐྱེལ་ཚད་ཆུང་བ་དང་ལས་ཕྱོད་དམའ་བ་། ཐེངས་རེའི་འཕྲིན་གཏོང་བརྒྱུད་སྤྲོད་ཀྱི་ཆ་འཕྲིན་ཚད་གཏན་འཇགས་ཡིན་པ་དང་། ཆ་འཕྲིན་བརྒྱུད་སྤྲོད་ཅུང་མང་བ་ཡིས་ཐེངས་མང་པོར་འཕྲིན་གཏོང་བྱེད་དགོས།

བྱ་རིམ་སྒྲིག་པར་རྙོག་འཛིང་ཆེ་བ། སྤྱོད་མཁན་གྱིས་ཐད་ཀར་འཕྲིན་གཏོང་གི་ཞིབ་ཕྲ་དང་ནོར་འཁྲུལ་འབྱུང་སླ་བ་མངོན་འགྱུར་བྱེད་པ་ཡིན།

2.མཐོ་རིམ་འཕྲིན་གཏོང་།

བརྡ་རྟགས་འཕྲིན་གཏོང་གི་ལས་ཕྱོད་མཐོར་འདེགས་དང་གཞི་གྲངས་འབོར་ཆེན་བརྒྱུད་སྤྲོད། བྱ་རིམ་སྒྲིག་བཟོ་ཡི་རྙོག་འཛིང་ཚད་ཇེ་ཉུང་དུ་གཏོང་བ།

བྱེད་ཐབས་རིགས་གསུམ་འདོན་སྤྲོད་བྱས་ཡོད།

(1) ནང་གསོག་མཉམ་སྤྱོད་བྱེད་པའི་རྣམ་པ།

(2) གནས་ཚུལ་བརྒྱུད་སྤྲོད་བྱེད་པའི་རྣམ་པ།

(3) ཡིག་ཆ་མཉམ་སྤྱོད་བྱེད་པའི་རྣམ་པ།

3 བྱེད་ཐབས།

1.ཡིག་ཆ་དང་ཟིན་ཐོ་དམིགས་འཛིན་བྱེད་པ།

འཕེལ་རིམ་གཉིས་གྱི་བར་དུས་མཚུངས་སུ་གཅིག་མཐུན་གྱི་ཐོན་ཁུངས་མཉམ་སྤྱོད་ལ་ལྟ་སྤྱོད་བྱེད་པའི་རེ་ཞུ་ལས་བྱུང་བའི་ལྟ་སྤྱོད་དང་བཀོལ་སྤྱོད་ཀྱི་རྙོག་དྲ་དང་། འཕེལ་རིམ་གྱིས་ཐོན་ཁུངས་མཉམ་སྤྱོད་ལྟ་སྤྱོད་བྱེད་པའི་སྔོན་ལ་ངེས་པར་དུ་དེར་དམིགས་འཛིན་བྱ་དགོས། འཕེལ་རིམ་དེ་ལ་ལྟ་སྤྱོད་བྱས་ཚར་རྗེས་གྲོལ་གཏོང་བྱེད་པ་དང་། འདི་ནིUNIXཡིས་ཐོན་ཁུངས་མཉམ་སྤྱོད་འདོན་སྤྲོད་བྱས་པའི་ཕུད་རེས་རང་བཞིན་གྱི་འགན་སྲུང་ཡིན།

2.སྦུག་ལམ།

སྦུག་ལམ་ནི་སྤྱིར་བཏང་དུ་འཕེལ་རིམ་མི་འདྲ་བ་གཉིས་ཀྱི་འཕྲིན་གཏོང་ལ་སྤྱོད་པ་ཡིན།

3.FIFO

FIFOནི་སྔོན་ཞུགས་སྔོན་ཐོན་གྱི་རུ་སྟར་ཞིག་ཡིན།

4.ཆ་འཕྲིན་རུ་སྟར།

UNIXའོག་འཕེལ་རིམ་མི་འདྲ་བའི་བར་ཐོན་ཁུངས་མཉམ་སྤྱོད་མངོན་འགྱུར་རུང་བའི་ལམ་སྲོལ་ཞིག་ཡིན། UNIXའཕེལ་རིམ་མི་འདྲ་བའི་རྣམ་གཞག་ཅན་གྱི་གཞི་གྲངས་རྒྱུན་ཆ་འཕྲིན་རྣམ་པའི་གང་རུང་གི་འཕེལ་རིམ་ལ་སྐྱེལ་གཏོང་བྱེད་ཆོག

5.ནང་གསོག་མཉམ་སྤྱོད།

བརྡ་རྟགས་གློག་སྒྲོན་ལ་བརྟེན་ནས་ནང་གསོག་མཉམ་སྤྱོད་མངོན་འགྱུར་བྱེད་པ་ཡིན།




དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། མཉེན་ཆས། འཕེལ་རིམ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-02

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།