སྦྲེལ་མཐུད་ལ་ཕྱོགས་པའི་ཞབས་ཞུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྦྲེལ་མཐུད་ལ་ཕྱོགས་པའི་ཞབས་ཞུ་ནི་འཕྲིན་གཏོང་ཕྱོགས་གཉིས་ཀྱིས་འཕྲིན་གཏོང་བྱེད་སྐབས་སུ། སྔོན་ལ་འཕྲིན་གཏོང་ལམ་ཐིག་ཅིག་འཛུགས་དགོས་པ་དང་། དེའི་བརྒྱུད་རིམ་ལ་འབྲེལ་མཐུད་འཛུགས་པ་དང་འབྲེལ་མཐུད་བེད་སྤྱོད་དང་། འབྲེལ་མཐུད་གྲོལ་གཏོང་བྱེད་པ་བཅས་བརྒྱུད་རིམ་གསུམ་ཡོད། TCPགྲོས་མཐུན་ནི་སྦྲེལ་མཐུད་ལ་ཁ་ཕྱོགས་པའི་ཞབས་ཞུའི་གྲོས་མཐུན་ཞིག་ཡིན་པ་དང་། ཁ་པར་རྒྱུད་ཁོངས་ནི་སྦྲེལ་མཐུད་ལ་ཁ་ཕྱོགས་པའི་རྣམ་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
面向连接服务
ཕྱི་ཡིག་གི་མིང་།
connection-oriented service
རིགས་དབྱེ།
ཞབས་ཞུ།
མངའ་ཁོངས།
རྩིས་འཁོར་རིག་པ།
དཀར་ཆག
1 གོ་དོན།

སྦྲེལ་མཐུད་ལ་ཕྱོགས་པའི་ཞབས་ཞུ(connection-oriented service)ནི་འཕྲིན་གཏོང་ཕྱོགས་གཉིས་ཀྱིས་འཕྲིན་གཏོང་བྱེད་སྐབས་སུ། སྔོན་ལ་འཕྲིན་གཏོང་ལམ་ཐིག་ཅིག་འཛུགས་དགོས་པ་དང་། དེའི་བརྒྱུད་རིམ་ལ་འབྲེལ་མཐུད་འཛུགས་པ་དང་འབྲེལ་མཐུད་བེད་སྤྱོད་དང་། འབྲེལ་མཐུད་གྲོལ་གཏོང་བྱེད་པ་བཅས་བརྒྱུད་རིམ་གསུམ་ཡོད། TCPགྲོས་མཐུན་ནི་སྦྲེལ་མཐུད་ལ་ཁ་ཕྱོགས་པའི་ཞབས་ཞུའི་གྲོས་མཐུན་ཞིག་ཡིན་པ་དང་། ཁ་པར་རྒྱུད་ཁོངས་ནི་སྦྲེལ་མཐུད་ལ་ཁ་ཕྱོགས་པའི་རྣམ་པ་ཞིག་ཡིན།

སྦྲེལ་མཐུད་ལ་ཁ་ཕྱོགས་པའི་ཞབས་ཞུ་དང་ཁ་པར་རྒྱུད་ཁོངས་ཀྱི་ལས་ཀའི་རྣམ་པ་རིགས་མཚུངས་ཡིན། དེའི་ཁྱད་ཆོས་ནི་གཞི་གྲངས་བརྒྱུད་གཏོང་བརྒྱུད་རིམ་སྔོན་ལ་ངེས་པར་དུ་འབྲེལ་མཐུད་འཛུགས་པ་དང་འབྲེལ་མཐུད་སྲུང་སྐྱོང་། འབྲེལ་མཐུད་གྲོལ་གཏོང་བཅས་ཀྱི་བརྒྱུད་རིམ་གསུམ་བརྒྱུད་དགོས། གཞི་གྲངས་བརྒྱུད་གཏོང་བརྒྱུད་རིམ་ཁྲོད་དུ། ཚོ་ཆུང་ཁག་གིས་དམིགས་ཡུལ་གྱི་ཚིགས་ཚེག་གི་ཤག་གནས་འཁྱེར་མི་དགོས། སྦྲེལ་མཐུད་ལ་ཁ་ཕྱོགས་པའི་ཞབས་ཞུའི་བརྒྱུད་གཏོང་འབྲེལ་མཐུད་ནི་འཕྲིན་གཏོང་སྦུག་ལམ་ཞིག་དང་མཚུངས་པ་དང་། གཏོང་མཁན་གྱིས་སྣེ་གཅིག་ཏུ་གཞི་གྲངས་འཇུག་པ་དང་བསྡུ་ལེན་བྱེད་མཁན་གྱིས་གཞན་ཞིག་ཏུ་གཞི་གྲངས་ལེན་པ་ཡིན། སྦྲེལ་མཐུད་ལ་ཁ་ཕྱོགས་པའི་གཞི་གྲངས་བརྒྱུད་གཏོང་གི་གཏོང་ལེན་གཞི་གྲངས་ཀྱི་གོ་རིམ་མི་འགྱུར་པ་ཡིན། དེའི་ཕྱིར་བརྒྱུད་གཏོང་གི་ཡིད་རྟོན་རང་བཞིན་ཡག་པོ་ཡོད། འོན་ཀྱང་། འཕྲིན་གཏོང་འགོ་རྩོམ་པའི་སྔོན་གྱི་སྦྲེལ་མཐུད་ལ་འགྲོ་གྲོན་དགོས་པ་དང་གྲོས་མཐུན་ལ་རྙོག་འཛིང་ཆེ་ཞིང་། འཕྲིན་གཏོང་ལས་ཕྱོད་མི་མཐོ་བ་ཡིན།




དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། དྲ་རྒྱ། གཞན་དག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-02

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།