YouTube
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

YouTube
YouTubeནི་འཛམ་གླིང་སྟེང་གི་ཆེས་ཆེ་བའི་བརྙན་ཟློས་དྲ་ཚིགས་ཡིན་ལ། སྔ་དུས་ཀུང་སིའི་སྤྱི་ཁྱབ་པུའུ་ཅཱ་ལི་ཧྥུའུ་ཉི་ཡཱ་ཀྲོའུ(State of California )ཡི་ཧྲེང་པུའུ་ལུའུ་ནུའོ(San Bruno)རུ་ཡོད་པ་དང་། པི་སཱ་ཁང་དང་འཇར་པན་ཟ་ཁང་དུ། སྤྱོད་མཁན་ལ་ཕབ་ལེན་དང་། བརྙན་འཕྲིན་ལ་བལྟ་བ། དེ་བཞིན་གློག་བརྙན་ནམ་ཡང་ན། གློག་བརྙན་ཐུང་ངུ་མཉམ་སྤྱོད་བྱེད་དུ་འཇུག་པ་ཡིན། ཀུང་སི2005ལོའི་ཟླ2པའི་ཚེས15ཉིན་ཐོ་འགོད་བྱས་པ་དང་། ཕྱིར་སྡོད་ཀྲུང་གོ་བ་ཨ་མེ་རི་ཁའི་རྒྱལ་ཁོངས་ཀྱི་ཁྲེན་ཧྲི་ཅུན་སོགས་ཀྱིས་གསར་འཛུགས་བྱས་པ་རེད། 2006ལོའི་ཟླ11པར། Googleཀུང་སིས་ཨ་སྒོར་དུང་ཕྱུར16.5བྱིན་ནསYouTubeཉོ་སྒྲུབ་བྱས་པ་དང་། འོན་ཀྱངYouTubeལ་ཇི་ལྟར་བརྟེན་ནས་ཁེ་སྤོགས་འཐོབ་པ་ལ། Googleཡིས་ཐོག་མཐའ་བར་གསུམ་དུ་ཧ་ཅང་གཟབ་ནན་གྱི་སྤྱོད་ཚུལ་རྒྱུན་འཁྱོངས་བྱེད་བཞིན་ཡོད། YouTubeཉོ་སྒྲུབ་བྱས་པའི་རྗེས་སུ་སྔར་བཞིན་འཛམ་གླིང་ལ་ཁྱབ་ཡོད། དར་ཁྲའི་དངུལ་ཁང་གི་དབྱེ་ཞིབ་ཆེན་མོ་བས་ངོས་འཛིན་ལ། 2012ལོའི་ལོ་ཧྲིལ་པོར་རྩིས་རྒྱག་བྱས་ན། Googleལ་ཕལ་ཆེརYouTubeསྟེང་དུ་ཡོང་འབབ་སྨར་པོ་ཨ་སྒོར་དུང་ཕྱུར24ཐོབ་ཡོད་འདུག
གཞི་རྩའི་གནས་ཚུལ།

ཕྱི་ཡིག་གི་མིང་།
YouTube
ཁོངས་གཏོགས་ཀུང་སི།
Googleཀུང་སི།
སྤྱི་ཁྱབ་པུའུ་ས་གནས།
ཨ་རིའི་ཅཱ་ཀྲོའུ་ཧྲེང་པུའུ་ལུའུ་ནུའོ།
ལས་བཟོ་བའི་མི་གྲངས
མི་གྲངས650ཡས་མས་ཡོད( 2011 ལོར)
ཐོན་རྫས་གཙོ་བོ།
བརྙན་ཟློས་ཐུང་གྲས་མཉམ་སྤྱོད་བྱེད་པའི་་ཞབས་ཞུ།
གཞུང་ཕྱོགས་དྲ་ཚིགས།
http://www.youtube.com/
1 ཉོ་སྒྲུབ་ཀྱི་གནས་ཚུལ།

1.NETWORKSཉོ་སྒྲུབ་བྱས་པ།

2011ལོའི་ཟླ3པའི་ཚེས9ཉིན་གྱི་ཞོགས་པར། YouTubeཡིས་དྲ་ཐོག་བརྙན་ཟློས་ནང་དོན་འདོན་སྤྲོད་བྱེད་གནསNEXT NEWNETWORKSཉོ་སྒྲུབ་བྱས་ཟིན་པ་ཁྱབ་བསྒྲགས་བྱས་པ་དང་། ད་དུང་མིང་ལ“YOUTUBE NEXT”ཟེར་བའི་ལས་དོན་ཚོགས་པ་ཞིག་བཙུགས་ཡོད་པ་དང་། བརྙན་འཕྲིན་གསར་སྤེལ་མགྱོགས་སུ་གཏོང་བ་དང་མཉམ་ལས་རོགས་ཟླའི་འཕར་སྣོན་ལ་སྐུལ་འདེད་བྱེད་པ་ལ་འགན་ཁུར་ཞིང་། དེ་མ་ཟད“NEXT”ཡི་སྤུས་ལེགས་ཐོན་རྫས་རབ་དང་རིམ་པ་ཞིབ་འཇུག་གསར་སྤེལ་བྱེད་རྒྱུ་ཡིན་པ་བསྟན།

YOUTUBEཡིས2011ལོའི་ཟླ3པའི་ཚེས7ཉིན་དངོས་སུ་བརྙན་ཟློས་གསར་བཟོ་ཀུང་སིNEXT NEW NETWORKSཉོ་སྒྲུབ་བྱས་པ་ཁྱབ་བསྒྲགས་བྱས་ཤིང་། ལས་རིགས་ནང་ཁུལ་གྱི་མི་སྣས་ངོས་འཛིན་ལ། Googleདེ་ནས་བཟུང་དོན་དངོས་ཀྱི་སྨྱན་གཟུགས་ཀུང་སིར་གྱུར་བ་རེད།

2 ཐོན་རྫས་ཀྱི་ཞབས་ཞུ།

YOUTUBEཡིསSORENSON SPARKདངADOBE FLASH9བེད་སྤྱད་ནས་བརྙན་གཟུགས་ཨང་སྒྲིག་ལག་རྩལ་འདོན་སྤྲོད་བྱས་ཏེ། སྤྱོད་མཁན་གྱིས་གཏོང་སྤེལ་བྱས་པའི་བརྙན་གཟུགས་ཡིག་ཚགས་ལ་གནོན་སྐྱུང་བྱས་ནས་གནོན་སྐྱུང་ཡིག་ཚགས་སུ་བསྒྱུར། དེང་སྐབསYOUTUBEགློག་བརྙན་གྱི་ནང་དོན་ནི་སྣ་ཚོགས་ཀུན་འདུས་ཞིག་སྟེ། དེའི་ནང་དུ་མི་སྒེར་གློག་བརྙན་དང་དེ་བཞིན། བརྙན་འཕྲིན་ལེ་ཚན་དུམ་ཚན་དང་། རོལ་དབྱངས་བརྙན་འབེབས་སྤྱིན་ཐག་དང་ཁྱིམ་ཆས་བརྙན་ཕབ་སོགས་ཡོད།

3 སྤྱི་ཚོགས་ཀྱི་ཤུགས་རྐྱེན།

1.བརྙན་ཟློས་གྲངས་ཀ

YOUTUBEཡིས་ལོ་བརྒྱད་སྐྱེས་སྐར་གྱི་རྟེན་འབྲེལ་གྱི་པོད་རྩོམ་ཞིག་ཏུ་ཁྱབ་བསྒྲགས་བྱས་པར། སྤྱོད་མཁན་གྱིས་སྐར་མ་རེར་གཏོང་སྤེལ་བྱས་པའི་བརྙན་ཟློས་རིང་ཚད་ནི་ཆུ་ཚོད100བརྒལ་འདུག་པ་དང་། འདིས་མཚོན་པ་ནི་སྐར་མ་རེར་གཏོང་སྤེལ་བྱས་པའི་བརྙན་ཟློས་ལ་སྤྱོད་མཁན་ཞིག་གིས་ཉིན40ལ་བལྟས་ན་ད་གཟོད་ཚར་བ་རེད། བསྡུར་བ་བྱས་ན། 2001ལོར། YOUTUBEཡིས་ཁྱབ་བསྒྲགས་བྱས་དོན་སྐར་མ་རེར་འབྱོར་བའི་བརྙན་ཟློས་རིང་ཚད་ནི་ཆུ་ཚོད48ཡིན་པ་དང་། ལོ་གཉིས་ཀྱི་རིང་ལྡབ་གཅིག་འཕར་བ་རེད།

2.དྲ་རྒྱའི་སྡེ་ཁུལ།

དྲ་དམངས་མི་ཉུང་བ་ཞིག་གིས་རང་པར་བརྙན་ཐུང་མཉམ་སྤྱོད་བྱས་ནས་མི་སྒེར་ཉར་ཚགས་དང་བསམ་བློའི་མྱོང་ཚོར་བྱེད་པ་དང་། ཡང་ན་ཚོང་ལས་ཉོ་ཚོང་བྱེད་པ་བཅས་ཡོད། 2009ལོའི་ཟླ4པའི་ཚེས29ཉིན། དབྱིན་ཀེ་ལན་གྱི་སྦྲུམ་མ་ཞིག་ལ་རང་ཁྱིམ་དུ་གློ་བུར་དུ་ལུས་པོ་མི་བདེ་ཚོར་བ་བྱུང་ཞིང་། ཕྲུ་གུ་སྐྱེས་གྲབས་ཡོད་པ་དང་། དེའི་ཁྱོ་གས་གནས་ཚུལ་ཛ་དྲག་འོག་ཏུYOUTUBEསྟེང་བྱིས་པ་བཙའ་བའི་འབྲེལ་ཡོད་ཀྱི་བརྙན་ཟློས་འཚོལ་བཤེར་བྱས་ཤིང་། ཆུ་ཚོད་བཞི་ཡི་རྗེས་སུ་ཁོའི་ཆུང་མས་བྱིས་བཙའ་འགོ་བརྩམས་ཤིང་། YOUTUBEཡི་སྟེང་གི་བརྙན་ཟློས་སློབ་སྟོན་གཞིར་བཟུང་སྟེ། ཁྱོ་གས་བདེ་ལེགས་ངང་ཕྲུ་གུ་སྐྱེ་ལེན་བྱས་སོང་།

3.སྤྱོད་མཁན་གྱི་གཞི་ཁྱོན།

2006ལོའི་ཞིབ་འཇུག་ཞིག་ལས་ཤེས་པ་ནིYOUTUBEབེད་སྤྱོད་བྱེད་པའི་ཕོ་ནི་མོ་ལས20%མང་བ་ཡོད་པ་དང་། དུས་མཚུངས་སུ་ཡང་ཤེས་པ་ནི་ལོ12ནས17ཅན་གྱིས་གཞན་པའི་ལོ་ཚད་ཅན་ལས་ལྡབ1.5ཡི་ཚད་ཀྱིསYOUTUBEལ་མིག་བཤར་བྱེད་བཞིན་ཡོད་པ་རེད།

2013ལོའི་བསྡོམས་རྩིས་གཞི་གྲངས་ཐོག་ནས་མངོན་པར་གཞིགས་ན། ཟླ་རེར་མི་ཐེངས་དུང་ཕྱུར8གྱིསYOUTUBEབེད་སྤྱོད་བྱེད་པ་དང་། སྤྱིའི་གཟིགས་བལྟའི་དུས་ཚོད་ནི་དུང་ཕྱིར30ལས་བརྒལ་བ་མ་ཟད། སྐར་མ་རེར་གཏོང་སྤེལ་བྱས་པའི་གློག་བརྙན་གྱི་རིང་ཚད་ནི་ཆུ་ཚོད72ལ་སླེབས་ཡོད་དོ།།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-26

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།