ཆ་འཕྲིན་ཐེག་གཟུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆ་འཕྲིན་ཐེག་གཟུགས་ནི་ཆ་འཕྲིན་ཁྱབ་སྤེལ་ཁྲོད་ཆ་འཕྲིན་འཁྱེར(སྐྱེལ)མཁན་གྱི་བར་རྫས་དང་། ཆ་འཕྲིན་བརྟེན་སའི་དངོས་པོའི་རྨང་གཞི་ཡིན་པ་སྟེ། ཆ་འཕྲིན་ཟིན་འགོད་དང་། བརྒྱུད་གཏོང་། གསོག་འཇོག ཉར་ཚགས་བཅས་སུ་སྤྱོད་པའི་དངོས་གཟུགས་ཤིག་ཡིན། ཆ་འཕྲིན་ཐེག་གཟུགས་ལ་རིགས་གཉིས་ཡོད་དེ། ནུས་ཁུངས་དང་བར་རྫས་ཁྱད་ཆོས་སུ་བྱས་པའི་སྒྲ་རླབས་དང་། འོད་རླབས། གློག་རླབས་སྤྱད་ནས་ཆ་འཕྲིན་བརྒྱུད་སྤྲོད་བྱེད་པའི་གཟུགས་མེད་ཐེག་གཟུགས་དང་། དངོས་གཟུགས་རྣམ་པའི་ཟིན་འགོད་ཁྱད་ཆོས་སུ་བྱས་པའི་ཤོག་བུ་དང་། སྤྱིན་ཤོག་འགྲིལ་མ། སྤྱིན་ལྷབ། སྤྱིན་ཤོག སྡུད་སྡེར་བཅས་སྤྱད་ནས་ཆ་འཕྲིན་བརྒྱུད་སྤྲོད་དང་གསོག་ཉར་བྱེད་པའི་གཟུགས་ལྡན་ཐེག་གཟུགས་བཅས་སོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
信息载体
ཕྱི་ཡིག་གི་མིང་།
Information carrier
བྱ་ཡུལ།
ཆ་འཕྲིན་བརྒྱུད་སྤེལ་བྱེད་བཞིན་པ།
སྤྱོད་ཡུལ།
ཆ་འཕྲིན་ཟིན་འགོད་དང་། བརྒྱུད་གཏོང་། གསོག་འཇོག ཉར་ཚགས་བྱེད་པ་ཡིན།
1 ངོ་སྤྲོད་མདོར་བསྡུས།

ཆ་འཕྲིན་དེ་ཉིད་ནི་དངོས་གཟུགས་མིན་ལ། དེ་ནི་གནས་ཚུལ་དང་གསང་འཕྲིན། བཀའ་བརྡ། གཞི་གྲངས་དང་བརྡ་རྟགས་ནང་ཚུད་པའི་ནང་དོན་ཡིན་པ་དང་། ངེས་པར་དུ་བར་རྫས་ག་གེ་མོར་བརྟེན་ནས་བརྒྱུད་སྤྲོད་བྱེད་པ་ཡིན། ཆ་འཕྲིན་ཐེག་གཟུགས་ཀྱི་འཕེལ་འགྱུར་གྱིས་མིའི་རིགས་ཀྱི་ཆ་འཕྲིན་བྱེད་སྒོའི་འཕེལ་རྒྱས་ལ་སྐུད་འདེད་བྱེད་བཞིན་ཡོད། དོན་སྙིང་ག་གེ་མོ་ཞིག་གི་སྟེང་ནས་བཤད་ན། བརྡ་རྟགས་གསར་བརྗེ་ནི་ཆ་འཕྲིན་ཐེག་གཟུགས་ཀྱི་གསར་བརྗེ་རེད།

2 རྒྱུད་ཁོངས་ཀྱི་འཕེལ་རྒྱས།

མིའི་རིགས་ཀྱི་གདོད་མའི་སྤྱི་ཚོགས་ནས་བཟུང་སྐད་ཆ་བེད་སྤྱོད་བྱེད་འགོ་བརྩམས་པ་དང་། འཛམ་གླིང་སྟེང་ངག་ཐོག་སྐད་རིགས་ཧ་ལམ3500ཡོད་པ་དང་། སྐད་ཆ་ནི་མིའི་རིགས་ཀྱི་ཆ་འཕྲིན་བརྒྱུད་སྤྲོད་བྱེད་པའི་ཐེག་གཟུགས་ཨང་དང་པོ་ཡིན་ལ། དེ་ནི་སྤྱི་ཚོགས་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་བྱེད་པའི་ལག་ཆ་ཡིན་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་ཁྲོད་དུ་ཆེས་སྟབས་བདེ་དང་ཆེས་རྙོག་འཛིང་ཆེ་ཤོས། ཀུན་སྤྱོད་དང་ཆེས་གལ་ཆེ་བའི་ཆ་འཕྲིན་ཐེག་གཟུགས་རྒྱུད་ཁོངས་ཡིན། ཐོན་སྐྱེད་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཟམ་མི་ཆད་པར་ཡར་རྒྱས་ཡོང་བ་དང་བསྟུན་ནས། ཆ་འཕྲིན་གྱི་ཐེག་གཟུགས་ཨང་གཉིས་པ་སྟེ་ཡི་གེ་བྱུང་བ་རེད།

འཛམ་གླིང་སྟེང་ཡིག་རིགས500ལྷག་བེད་སྤྱོད་བྱེད་བཞིན་ཡོད། ཡི་གེ་གསར་གཏོད་བྱས་པས། ཆ་འཕྲིན་གསོག་ཉར་དང་རྒྱང་ཐག་རིང་བོ་བརྒྱུད་སྤྲོད་བྱེད་པ་ཐུབ་པ་འདོན་སྤྲོད་བྱས་ཤིང་། དེ་ནི་མིའི་རིགས་ཀྱི་ཡར་ཐོན་ཧ་ཅང་ཆེན་པོ་ཞིག་རེད། གློག་འཕྲིན་དང་ཁ་པར། སྐུད་མེད་གློག་གི་གསར་གཏོད། ཆ་འཕྲིན་འབོར་ཆེན་འོད་ཀྱི་མྱུར་ཚད་ཀྱིས་བརྒྱུད་སྤྲོད་བྱེད་པར་བརྟེན། འཛམ་གླིང་ཡོངས་ལ་འབྲེལ་མཐུད་བྱས་ཤིང་། མིའི་རིགས་ཀྱི་ཆ་འཕྲིན་བྱེད་སྒོ་དུས་རབས་གསར་བ་ཞིག་ཏུ་སླེབས་པར་བྱས་པ་རེད།

གློག་སྡུད་རླབས་དང་གློག་གི་བརྡ་འཕྲིན་ནི་མིའི་རིགས་ཀྱི་ཆ་འཕྲིན་ཐེག་གཟུགས་ཨང་གསུམ་པར་གྱུར་བ་དང་། ཆ་འཕྲིན་ཚད་ཀྱི་འཕར་ཤུགས་ཆེ་རུ་སོང་བ་དང་། ཆ་འཕྲིན་རྒྱ་ཁྱབ་ཏུ་སྤེལ་རེས་བྱེད་པར་བརྟེན། ཤོང་ཚད་དེ་བས་ཀྱང་ཆེ་བའི་ཆ་འཕྲིན་ཐེག་གཟུགས་མཁོ་བ་རེད། རྩིས་འཁོར། འོད་སྐུད། འཕྲིན་གཏོང་སྲུང་སྐར་སོགས་ཆ་འཕྲིན་སྐྱེལ་འདྲེན་ཡོ་བྱད་གསར་བ་ནི་ལག་རྩལ་གསར་བརྗེ་གསར་པའི་གནས་བབ་འོག་གི་ཆ་འཕྲིན་ཐེག་གཟུགས་གཙོ་བོར་གྱུར་པ་དང་། སྐྲ་ཉག་མ་གཅིག་དང་མཚུངས་བའི་ཞིབ་ཕྲའི་འོད་སྐུད་ཀྱིས་དུས་མཚུངས་སུ་འབུམ་ཕྲག་ཁ་ཤས་ཀྱི་ཁ་པར་འམ་ཡང་ན། སྟོང་ཕྲག་ཁ་ཤས་ཀྱི་བརྙན་འཕྲིན་བརྒྱུད་གཏོང་བྱེད་ཐུབ་པ་རེད། སྲུང་སྐར་འཕྲིན་གཏོང་གིས་ཆ་འཕྲིན་འཛམ་གླིང་གི་གནས་གང་རུང་དུ་འདྲེན་ཐུབ་ལ། ཆ་འཕྲིན་ཐེག་གཟུགས་གསར་པས་ཆ་འཕྲིན་གསར་བརྗེ་གསར་བ་ཞིག་སློང་ངེས་རེད།




དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། དྲ་རྒྱ། གཞན་དག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-02

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།