WIFI
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

WIFI
WIFIནི་སྤྱིར་བཏང་དུWi-Fiལ་ཟེར། དེ་ནི་མི་སྒེར་གློག་ཀླད་དང་ལག་འཁྱེར་སྒྲིག་ཆས(དཔེར་ན། padདང་ལག་འཁྱེར་ཁ་པར)སོགས་མཐའ་སྣེ་སྐུད་མེད་བྱེད་སྟངས་ཀྱིས་ཕན་ཚུན་འབྲེལ་མཐུད་བྱེད་པའི་ལག་རྩལ་ཏེ། དོན་དངོས་སྟེང་དེ་ནི་ཟློས་མཐོའི་སྐུད་མེད་གློག་གི་བརྡ་རྟགས་ཤིག་ཡིན། སྐུད་མེད་འགན་བཅོལ་ནི་སྐུད་མེད་དྲ་རྒྱའི་འཕྲིན་གཏོང་ལག་རྩལ་ཀྱི་ཚོང་རྟགས་ཡིན་ལ། Wi-Fiམནའ་འབྲེལ་གྱིས་བདག་ཏུ་བཟུང་ཡོད། དམིགས་ཡུལ་ནིIEEE 802.11ཚད་གཞིར་བཟུང་པའི་སྐུད་མེད་དྲ་རྒྱའི་ཐོན་རྫས་བར་གྱི་འབྲེལ་མཐུད་རང་བཞིན་ལེགས་བཅོས་བྱེད་རྒྱུ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
无线保真
ཕྱི་ཡིག་གི་མིང་།
WIreless-FIdelity[
ཕྱི་ཡིག་གི་བསྡུས་མིང་།
WI-FI
མིང་གཞན།
སྐུད་མེད་ཐག་ཡངས་དང་སྐུད་མེད་དྲ་བ།
ནུས་པ།
གློག་རྡུལ་མཐའ་སྣེ་སྐུད་མེད་ཀྱི་རྣམ་པའི་ཐོག་ནས་ཕན་ཚུན་འབྲེལ་མཐུད་བྱེད་པ།
1 ལག་རྩལ་གྱི་རྩ་བའི་རིགས་པ།

སྐུད་མེད་ཁོངས་ཆུང་དྲ་རྒྱ་རུ་སྐུད་མེད་དྲ་རྒྱའི་ཁོངས་གཏོགས་ཞེས་པ་ནི་“སྐུད་མེད་འཆམ་མཐུན་རང་བཞིན་གྱི་ར་སྤྲོད”ངོ་བོའི་སྟེང་ནས་ཚོང་ལས་ཀྱི་ར་སྤྲོད་ཅིག་ཡིན་ལ། དུས་མཚུངས་སུ་སྐུད་མེད་སྦྲེལ་དྲའི་ལག་རྩལ་ཞིག་ཀྱང་ཡིན། སྔོན་ཆད་དྲ་སྐུད་བརྒྱུད་ནས་གློག་ཀླད་ལ་འབྲེལ་མཐུད་བྱེད་པ་དང་། སྐུད་མེད་འགན་བཅོལ་ནི་སྐུད་མེད་གློག་རླབས་བརྒྱུད་ནས་དྲ་སྦྲེལ་བ་ཡིན། རྒྱུན་དུ་མཐོང་བ་ནི་སྐུད་མེད་ལམ་འཚོལ་ཆས་ཤིག་ཡིན་པ་དང་། དེ་ན་སྐུད་མེད་ལམ་འཚོལ་ཆས་ཀྱི་གློག་རླབས་ཁྱབ་པའི་ནུས་ལྡན་ཁྱབ་ཁོངས་ཏེ། སྐུད་མེད་འགན་བཅོལ་འབྲེལ་མཐུད་རྣམ་པའི་དྲ་སྦྲེལ་ཆོག གལ་ཏེ་སྐུད་མེད་ལམ་འཚོལ་ཆསADSསྐུད་ལམ་ཞིག་དང་ཡང་ན། གཞན་པའི་དྲ་འཇུག་སྐུད་ལམ་ལ་འབྲེལ་མཐུད་བྱས་ཚེ། དེ་ལ་ཀུན་བརྗོད་དམ་ཀུན་གླེང་ཡང་ཟེར།

2 བྱེད་ལས་གཙོ་བོ།

སྐུད་མེད་དྲ་རྒྱའི་དྲ་འཇུག་སྟབས་བདེ་ངང་སྐུད་མེད་དྲ་འཇུག་ལ་གོ་བ་ལེན་ཆོག ཕལ་ཆེར་རིག་ལྡན་ལག་འཁྱེར་ཁ་པར་ཡོད་ཚད་དང་། ངོས་ལེབ་གློག་ཀླད་དང་ལག་ཐོགས་རྩིས་འཁོར་བཅས་ཚང་མས་སྐུད་མེད་འགན་བཅོལ་དྲ་འཇུག་ལ་རམ་འདེགས་བྱེད་པ་དང་། དེང་སྐབས་སྤྱོད་རྒྱ་ཆེས་ཆེ་བའི་སྐུད་མེད་དྲ་རྒྱའི་བརྒྱུད་གཏོང་ལག་རྩལ་ཞིག་ཡིན། དོན་དངོས་སྟེང་སྐུད་ལྡན་དྲ་རྒྱའི་བརྡ་རྟགས་ཏེ་སྐུད་མེད་བརྡ་རྟགས་སུ་བརྗེ་སྤོར་བྱས་པ་དང་། དང་ཐོག་ཚང་མར་ངོ་སྤྲོད་བྱས་པ་ནང་བཞིན། སྐུད་མེད་ལམ་འཚོལ་ཆས་སྤྱད་ན་དེའི་ལག་རྩལ་གྱི་འབྲེལ་ཡོད་གློག་ཀླད་དང་ལག་འཁྱེར་ཁ་པར། ངོས་ལེབ་གློག་ཀླད་སོགས་ཀྱི་བསྡུ་ལེན་ལ་རམ་འདེགས་འདོན་སྤྲོད་བྱེད་པ་ཡིན།

སྐུད་མེད་འགན་བཅོལ་གྱི་ཆེས་གཙོ་བོའི་ལེགས་ཆ་ནི་སྐུད་འགྲེམ་མི་མཁོ་བ་དེ་ཡིན་ལ། སྐུད་འགྲེམ་ཆ་རྐྱེན་གྱི་ཚད་བཀག་མེད་པ་དང་། དེའི་ཕྱིར་སྤོ་སྒུལ་གཞུང་ལས་ཁང་གི་སྤྱོད་མཁན་གྱི་བླང་བྱ་དང་ཤིན་ཏུ་འཚམ་པ་ཡིན། དེ་མ་ཟད། འཕྲོ་གཏོང་བརྡ་རྟགས་རྩོད་ཕྱོད100mwལས་དམའ་བ་དང་། ལག་འཁྱེར་ཁ་པར་གྱི་འཕྲོ་གཏོང་རྩོལ་ཕྱོད་ལས་དམའ་བ་ཡིན། དེ་བས་སྐུད་མེད་འགན་བཅོལ་དྲ་འཇུག་ནི་བལྟོས་བཅས་ཀྱིས་ཆེས་བདེ་འཇགས་དང་བདེ་ཐང་ཅན་ཡང་ཡིན་པ་རེད།

3 འཕེལ་རྒྱས་ཀྱི་མདུན་ལམ།

དྲ་རྒྱ་མགྱོགས་མྱུར་ངང་འཕེལ་རྒྱས་འབྱུང་བཞིན་པའི་དེ་རིང་། གཉེར་སྐྱོང་ཚོང་བས Wi-Fiཚོང་ལས་དཔེ་དབྱིབས་ཀྱི་གསར་གཏོད་བརྒྱུད་ནསWi-Fiའཕེལ་རྒྱས་ཡི་གཉེར་ཚོང་བགྲོད་ལམ་གསར་བ་འཚོལ་ཞིབ་བྱེད་པ་དང་། མིག་སྔར་རྒྱལ་ནང་གིWi-Fiཚོང་ལས་རྣམ་པ་གཙོ་བོ་ནི་བརྡ་ཁྱབ་ཡིན་ཏེ། རྣམ་པ་འདིར་གཞིགས་ནས་རྒྱལ་ནང་གི་སྔོན་ཐོན་གྱིWi-Fiཞབས་ཞུ་མཁོ་འདོནwitownཡིསWi-Fiཚོང་གཉེར་མ་ལག་ཆ་ཚང་ཞིག་གསར་སྤེལ་བྱས་པ་དང་། ཁེ་ལས་ཆུང་འབྲིང་གི་བེད་མེད་དུ་སྐྱུར་བའིWi-Fiཚོང་སྤྱོད་ཚོང་གཉེར་ཅན་གྱིWi-Fiལ་སྒྱུར་བཀོད་བྱས་པ་དང་། ཁེ་ལས་རིམ་པའི་ལམ་འཚོལ་བྱེད་ལས་ཡོད་པ་མ་ཟད། ད་དུངWi-Fiབརྒྱུད་ནས་ཁེ་ལས་ཚོང་རྟགས་འགྲེམས་སྟོན་བྱེད་ཆོག་ལ།  མ་གནས་མེད་པ་དང་གང་ལའམ་མཐུན་སྦྱོར་ཐུབ་པའི་འདེད་སྐུར་བརྡ་ཁྱབ་སོགས་ཀྱི་བྱེད་ལས་ཡོད་པ་དང་། མི་འགྱང་པར་རྒྱལ་ནང་གི་ཁེ་ལས་འབྲིང་ཆུང་ཁྲོད་འཁྱིལ་རླུང་ཞིག་འབྱུང་སྲིད་པ་དང་། Wi-Fiདྲ་རྒྱའི་འཛུགས་སྐྲུན་གྱི་འགྲོས་སྣོན་དང་འགྲོགས་ནས། སྐུད་མེད་དྲ་འཇུག་ལ་གཞི་བྱས་པའིWi-Fiགསར་གཏོད་ཉེར་སྤྱོད་ལ་ཡང་ངེས་པར་དུ་སྔར་ལས་ཆེ་བའི་ཁྲོམ་རའི་བར་སྟོང་ཞིག་ཡོང་ངེས་རེད།




དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། དྲ་ྲརྒྱ། གཞན་དག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-02

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།