བཀའ་བརྒྱུད་པ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

བཀའ་བརྒྱུད་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དག་ཡིག)

བཀའ་བརྒྱུད་པ།
བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཞིག་གི་མིང་།
1 ​ལོ་ཙཱ།

རྒྱ་ཡིག 噶举派

དབྱིན་ཡིག the Kagyu sect

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཞིག་གི་མིང་།

2.བརྡ་དག་མིང་ཚིག་གསལ་བ་ལས།  བཀའ་གདམས་པའི་མན་ངག་བརྒྱུད་པའི་རྒྱུད་པ། 噶举巴(音译,佛教宗派名),傅承“教授”为主的一派。

3.དུང་དཀར་ཚིག་མཛོད་ཆེན་མོ་ལས།  བོད་དུ་དར་བའི་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་ཆེན་པོ་ལྔའི་ནང་གསེས་ཤིག་ཡིན་ ཅིང༌། གྲུབ་ཆེན་ཏེ་ལོ་པ་ནས་བརྒྱུད་པའི་བཀའ་བབས་ཀྱི་གདམས་པའི་བརྒྱུད་འཛིན་ཡིན་པས་བཀའ་བརྒྱུད་པ་ཞེས་གྲགས་པ་ཡིན། དེ་ཡང་གྲུབ་ཆེན་ཏེ་ལོ་པ་ལ་བཀའ་བབས་བཞིའི་གདམས་པ་ཡོད་པ་སྟེ། བཀའ་བབས་དང་པོ་ནི། རྒྱལ་བ་རྡོ་རྗེ་འཆང་ནས། རྒྱལ་པོ་ཨིནྡྲ་བོ་དྷི། ཀླུ་ལས་གྱུར་པའི་རྣལ་འབྱོར་མ། སྔ་བདག་བྷི་སུ་ཀལྤ། གྲུབ་ཆེན་ས་ར་ཧ། མགོན་པོ་ཀླུ་སྒྲུབ། གྲུབ་ཆེན་ཏེ་ལོ་པ་སྟེ། གསང་བ་འདུས་པ་དང༌། རྡོ་རྗེ་གདན་བཞི། ནཱ་རོ་ཆོས་དྲུག་གི་སྒྱུ་ལུས་དང༌། འཕོ་བའི་བཀའ་བབས་ཡིན། བཀའ་བབས་གཉིས་པ་ནི། རྒྱལ་བ་རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་ཀུ་ཀུ་རི་པ། གྲུབ་ཆེན་ཙརྱ་པ། ཏེ་ལོ་པ་སྟེ་སྒྱུ་མ་ཆེན་པོ་དང༌། ནཱ་རོ་ཆོས་དྲུག་གི་རྨི་ལམ་གྱི་བཀའ་བབས་ཡིན།བཀའ་བབས་གསུམ་པ་ནི། རྒྱལ་བ་རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། གྲུབ་ཆེན་ཊོམ་བྷི་ཧེ་རུ་ཀ  བི་ན་བཛྲ། ལ་ཝ་པ། ཏེ་ལོ་པ་སྟེ། འཁོར་ལོ་བདེ་མཆོག་སོགས་མ་བརྒྱུད་མཐའ་དག་དང༌། ནཱ་རོ་ཆོས་དྲུག་གི་འོད་གསལ་གྱི་བཀའ་བབས་ཡིན། བཀའ་བབས་བཞི་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེ། ཞིང་པ་པདྨ་བཛྲ། ཌཱ་ཀི་མ་སྐལ་བ་བཟང་མོ། ཏེ་ལོ་པ་སྟེ། དགྱེས་པ་རྡོ་རྗེ་དང་། ནཱ་རོ་ཆོས་དྲུག་གི་གཏུམ་མོའི་བཀའ་བབས་ཡིན། གོང་གསལ་བཀའ་བབས་བཞིའི་གདམས་པ་ཆ་ཚང་བ་ལྷོ་བྲག་མར་པ་ལོ་ཙྰ་ལ་བརྒྱུད་པ་སྟེ། མར་པས་པཎ་ཆེན་ནཱ་རོ་པ་དང་། མངའ་བདག་མེ་ཏྲི་པ། དཔལ་ཞི་བ་བཟང་པོ། གྲུབ་ཆེན་ཡེ་ཤེས་སྙིང་པོ་བཅས་བླ་མའི་གཙོ་བོ་བཞི་དང༌། གཞན་ཡང་པཎྜི་ཏ་དང༌། གྲུབ་ཐོབ་མཁའ་འགྲོ་མ་སོགས་བླ་མ་བརྒྱ་དང་བདུན་ཅུ་ལྷག་ཙམ་བསྟེན་ནས་གསན། དེ་ནས་བོད་དུ་ཕེབས་རྗེས་བཀའ་བབས་བཞིའི་གདམས་པ་རྣམས་འཆད་སྤེལ་མང་དུ་མཛད་པ་ ལས། མན་ངག་དང༌། བཤད་རྒྱུད་འཛིན་པའི་སློབ་མ་ཀ་ཆེན་བཞི་སྟེ། མི་ལ་རས་པ། མེས་སྟོན་ཚོན་པོ། རྔོག་ཆོས་སྐུ་རྡོ་རྗེ། མཚུར་སྟོན་དབང་གི་རྡོ་རྗེ་བཅས་བྱུང་ཞིང༌། རྗེ་བཙུན་མི་ལ་རས་པ་དང་དེའི་སློབ་མ་མཉམ་མེད་དྭགས་པོ་ལྷ་རྗེ་ནས་བཀའ་ཕྱག་ཆུ་ བོ་གཉིས་འདྲེས་སྒྲུབ་བརྒྱུད་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་འཕེལ་རྒྱས་བྱུང་བར་བརྟེན། བཀའ་བརྒྱུད་ཆེ་བཞི་དང་ཆུང་བརྒྱད་བཅས་རིམ་བཞིན་བྱུང་བ་ཡིན།

4.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  བོད་དུ་ནང་ཆོས་ཀྱི་གདམས་ངག་འཛིན་པའི་གྲུ་མཐའི་ཡ་གྱལ་ཞིག་སྟེ། མདོ་ལུགས་ལྟར་ན་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པའི་གདམས་ངག་གི་རྒྱུན་འཛིན་པའི་གྲུབ་མཐའ་ལ་ཟེར། སྔགས་ལུགས་ལྟར་ན་རྗེ་བཙུན་ཏེ་ལོ་པའི་བཀའ་བབས་བཞིའི་གདམས་ངག་རྣམས་བྱིན་རླབས་ཀྱི་རྒྱུན་མ་ཉམས་པར་འཛིན་པའི་གྲུབ་མཐའ་ལ་ཟེར། ཏེ་ལོ་པ་ལ་ཉེ་བརྒྱུད་དང་རིང་བརྒྱུད་ཀྱི་བཀའ་གཉིས་སུ་བབས་པ་ལས། རིང་བརྒྱུད་ཀྱི་བཀའ་བབས་བཞི་ནི། ཡོངས་གྲགས་ལྟར་ན། ཀླུ་སྒྲུབ་ཙཱར་ཡ་ལྭ་བ་པ།  ། སྐལ་པ་བཟང་པོ་ང་ཡི་ནི།  ། བཀའ་བབས་བཞི་ཡི་བླ་མ་ཡིན། ཞེས་གསུངས་པ་ལྟར། ཙཱར་ཡ་པ་ལས་གཏུམ་མོ། ལྭ་བ་པ་ལས་རྨི་ལམ། ཀླུ་སྒྲུབ་ལས་སྒྱུ་ལུས་དང་འོད་གསལ། སུ་ཁ་སདྷི་ལས་བར་དོ་དང་འཕོ་བའི་བཀའ་བབས་པ་ལ་བཀའ་བབས་བཞི་ཟེར། གཞན་ཡང་བཀའ་བཞིའི་བཞེད་སྲོལ་མི་འདྲ་བ་འགའ་ཞིག་ཡོད་པ་ལས། ཀརྨ་རང་བྱུང་རྡོ་རྗེས། རྡོ་རྗེ་འཆང་གིས་གསང་བའི་བདག་པོ་ལ་སོགས་བྱང་ཆུབ་སེམས་དཔའ་རྣམས་ལ་གསུངས། དེ་རྣམས་བཀའ་བཞི་བརྒྱུད་པའི་བླ་མ་རྣམས་ལས་བརྒྱུད་དེ། ཀླུ་སྒྲུབ། ཨཱར་ཡ་དེ་བ། ཟླ་བ་གྲགས་པ། མཱ་ཏིངྒ་རྣམས་ལྷོའི་བརྒྱུད་པ། ཌོམྦི་པ། བཱི་ན་པ། ལྭ་བ་པ། ཨིནྡྲ་བྷཱུ་ཏི་རྣམས་ནུབ་ཀྱི་བརྒྱུད་པ། ལཱུ་ཡི་པ།  ཌེངྒི་པ། དཱ་རི་ཀ་པ། སུ་ཁ་དྷ་རི་རྣམས་བྱང་གི་བརྒྱུད་པ། སུ་ཁ་མ་ཧཱ་སིདྡྷི། ཐང་ལོ་པ། ཤིང་ལོ་པ། ཀརྞ་རི་པ་རྣམས་ཤར་གྱི་བརྒྱུད་པ་ཞེས་ཕྱོགས་རེ་ལའང་བཀའ་བབས་ཀྱི་བརྒྱུད་པ་བཞི་ རེ་བྱུང་ཡོད་པར་གསུངས། འདིར་ཕྱོགས་བཞིར་གསུངས་པ་ནི་རྒྱ་གར་ཡུལ་གྱི་ཤར་ལྷོ་ནུབ་བྱང་རྣམས་ལ་ཟེར་བ་ཡིན་འདུག

ཉེ་བརྒྱུད་ལྟར་ན། ཏེ་ལོ་པ་ལ་མིའི་བླ་མ་མེད། ང་ཡི་བླ་མ་ཐམས་ཅད་མཁྱེན་པ་ཡིན།  ། ཞེས་གསུངས་པ་ལྟར། རྡོ་རྗེ་འཆང་དངོས་ལས་གསང་སྔགས་རྒྱུད་སྡེ་བཞིའི་གདམས་པ་རྣམས་གསན། རྡོ་རྗེ་རྣལ་འབྱོར་མས་སྙན་བརྒྱུད་ནོར་བུ་སྐོར་གསུམ་གྱི་མཛོད་གཏད་པས་དེའི་ ནང་དུ་གདམས་པའི་བཅུད་ཐམས་ཅད་འདུས་པ་ཡིན་ཟེར། ཏེ་ལོ་པའི་མདུན་ནས་པཎ་ཆེན་ནཱ་རོ་པས་དཀའ་ཆེན་བཅུ་གཉིས་སྤྱད་ནས་ཞུས་པའི་མཐར། ཚིག་དང་བརྡ་ལ་བརྟེན་ནས་གསང་སྔགས་ཀྱི་དོན་ཐམས་ཅད་ཁོང་དུ་ཆུད་ཅིང་གྲུབ་པ་ བརྙེས་པར་བཤད། ནཱ་རོ་པས་དཀའ་སྤྱད་བཅུ་གཉིས་སྤྱད་ཚུལ་གྱི་ལོ་རྒྱུས་རྒྱས་པ་ནཱ་རོའི་རྣམ་ཐར་ ལས་གསལ་བ་ལྟར་རོ།།

5.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  རྒྱལ་བ་རྡོ་རྗེ་འཆང་གིས་གསུངས་པའི་གསང་སྔགས་ཀྱི་གདམས་པའི་བཤའ་བབས་ཀྱི་ཆོས་བརྒྱུད་འཛིན་མཁན་ཞིག་སྟེ།  བོད་དུ་དེའི་རིང་ལུགས་སྲོལ་འབྱེད་གྲུབ་ཆེན་ཁྱུང་པོ་མཁའ་གྲུབ་ནས་བརྒྱུད་པ་ལ་ཤངས་པ་བཀའ་བརྒྱུད་དང་།  ལྷོ་བྲག་མར་པ་ནས་བརྒྱུད་པ་ལ་དྭངས་པོ་བཀའ་བརྒྱུད་ཟེར། དྭངས་པོ་ལའང་ནང་གསེས་ཕྱེ་ན་གརྨ་དང་།  ཚལ་པ། འབའ་རོམ། ཕག་གྲུ་བཅས་བཞི། ཕག་གྲུ་ལ་ཡང་འབྲི་གུང་དང་། སྟག་ལུང་། འབྲུག་པ།  གཡའ་བཟང་། ཁྲོ་ཕུ། ཤུགས་གསེབ། ཡེལ་པ། སྨར་ཚང་རྣམས་སོ་སོར་ཕྱེ་ཡོད།  噶居派。旧译噶举派。“噶”译佛语,“居”译传承;传承金刚持佛亲口所授密咒教义的佛教徒,是藏传佛教派系之一。此在西藏分为两大支系,由琼波克珠传出者,名香巴噶居派;由玛尔巴译师传出者,名塔波噶居派。塔波噶居后又发展出噶玛噶居、采巴噶居,跋绒噶居、帕竹噶居四大派系。其中帕竹一系又分直工、达隆、竹巴、雅桑、绰普、休色、也巴、玛仓等八派。

6.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ཆོས་ལུགས། རྒྱལ་བ་རྡོ་རྗེ་འཆང་གིས་གསུངས་པའི་གསང་སྔགས་ཀྱི་གདམས་པའི་བཀའ་བབས་ཀྱི་ཆོས་བརྒྱུད་འཛིན་མཁན་ཞིག་སྟེ། བོད་དུ་དེའི་རིང་ལུགས་སྲོལ་འབྱེད་མཁན་གྲུབ་ཆེན་ཁྱུང་པོ་མཁས་གྲུབ་ནས་བརྒྱུད་པ་ལ་ཤངས་པ་བཀའ་བརྒྱུད་དང༌། ལྷོ་བྲག་མར་པ་ནས་བརྒྱུད་པ་ལ་དྭགས་པོ་བཀའ་བརྒྱུད་ཟེར། དྭགས་པོ་ལའང་ནང་གསེས་ཕྱེ་ན་ཀརྨ་དང༌། ཚལ་པ། འབའ་རོམ། ཕག་གྲུ་བཅས་བཞི། ཕག་གྲུ་ལ་ཡང་འབྲི་གུང་དང༌། སྟག་ལུང༌། འབྲུག་པ། གཡའ་བཟང༌། ཁྲོ་ཕུ། ཤུག་གསེབ། ཡེལ་པ། སྨར་ཚང་རྣམས་སོ་སོར་ཕྱེ་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-08

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།