འཛམ་གླིང་སྦྲེལ་རེས་དྲ་རྒྱའི་ཚོགས་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཛམ་གླིང་སྦྲེལ་རེས་དྲ་རྒྱའི་ཚོགས་ཆེན།
འཛམ་གླིང་སྦྲེལ་རེས་དྲ་རྒྱའི་ཚོགས་ཆེན་ནི་ཀྲུང་གོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དར་སྤེལ་དང་འཛུགས་གཉེར་བྱས་པའི་འཛམ་གླིང་རང་བཞིན་གྱི་སྦྲེལ་རེས་དྲ་རྒྱའི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་ནོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
世界互联网大会(WIC)
ཕྱི་ཡིག་གི་མིང་།
World Internet Conference
ཕྱི་ཡིག་གི་བསྡུས་མིང་།
WIC
ཡུན་རིང་ཚོགས་གནས།
ཀྲེ་ཅང་ཞིང་ཆེན་ཅཱ་ཞིང་གྲོང་ཁྱེར་ཐུང་ཞང་ཝུའུ་གྲོང་རྡལ།
1 གོ་དོན།

འཛམ་གླིང་སྦྲེལ་རེས་དྲ་རྒྱའི་ཚོགས་ཆེན(World Internet Conference)ནི་ཀྲུང་གོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དར་སྤེལ་དང་འཛུགས་གཉེར་བྱས་པའི་འཛམ་གླིང་རང་བཞིན་གྱི་སྦྲེལ་རེས་དྲ་རྒྱའི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཀྲུང་གོ་དང་འཛམ་གླིང་ཕན་ཚུན་འབྲེལ་མཐུད་བྱེད་པའི་རྒྱལ་སྤྱིའི་ལས་སྟེགས་དང་རྒྱལ་སྤྱིའི་སྦྲེལ་རེས་དྲ་རྒྱ་མཉམ་སྤྱོད་མཉམ་བཅོས་ཀྱི་ཀྲུང་གོའི་ལས་སྟེགས་འཛུགས་པ་དང་། རྒྱལ་ཁབ་ཁག་རྩོད་གཞིའི་ཁྲོད་ངོས་འཛིན་གཅིག་མཐུན་ཡོང་བ་དང་། ངོས་འཛིན་གཅིག་མཐུན་ནང་དུ་མཉམ་ལས་དོན་གཉེར་བྱེད་པ་དང་། མཉམ་ལས་བྱེད་པའི་ཁྲོད་དུ་གསར་གཏོད་གཉིས་ཕན་ཡོང་བ་བྱེད་རྒྱུ་དེ་རེད།

2 སྐབས་རིམ་བྱུང་གི་ཚོགས་ཆེན།

སྐབས་དང་པོ།

སྐབས་དང་པོའི་འཛམ་གླིང་སྦྲེལ་རེས་དྲ་རྒྱའི་ཚོགས་ཆེན་ནི2014ལོའི་ཟླ11པའི་ཚེས19ནས21ཉིན་བར་འཚོགས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྦྲེལ་རེས་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་གིས་གཙོ་གཉེར་བྱས་པ་དང་། ཀྲེ་ཅང་ཞིང་ཆེན་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་དང་། ཀྲེ་ཅང་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཨུ་ཡོན་དང་། ཐུང་ཞང་གྲོང་ཁྱེར་སྲིད་གཞུང་དང་ཀྲུང་གོའི་སྦྲེལ་རེས་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱིས་མཉམ་འབྲེལ་སྒྲུབ་འགན་བཞེས་པ་དང“ཕན་ཚུན་འབྲེལ་མཐུད། མཉམ་སྤྱོད་མཉམ་སྐྱོང”བརྗོད་བྱ་གཙོ་བོ་བྱས་པ་དང་། ཐེངས་འདིའི་ཚོགས་ཆེན་ནི་ཀྲུང་གོས་གཉེར་བའི་གཞི་ཁྱོན་ཆེ་ཤོས་དང་རིམ་པ་མཐོ་ཤོས་བཅས་ཀྱི་སྦྲེལ་རེས་དྲ་རྒྱའི་ཚོགས་ཆེན་ཞིག་ཡིན་ལ། འཛམ་གླིང་སྦྲེལ་རེས་དྲ་རྒྱའི་ཁྱབ་ཁོངས་ནང་སྔར་བྱུང་མ་མྱོང་བའི་རྩེ་རིམ་གྲོས་ཚོགས་ཤིག་ཀྱང་ཡིན་པ་རེད།

སྐབས་གཉིས་པ།

སྐབས་གཉིས་པའི་འཛམ་གླིང་སྦྲེལ་རེས་དྲ་རྒྱའི་ཚོགས་ཆེན་ནི2015ལོའི་ཟླ12པའི་ཚེས16ནས18ཉིན་བར་ལ་ཀྲེ་ཅང་ཞིང་ཆེན་ཅཱ་ཞིང་གྲོང་ཁྱེར་ཐུང་ཞང་ཝུའུ་གྲོང་རྡལ་དུ་འཚོགས་པ་དང་། ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི“ཕན་ཚུན་འབྲེལ་འདྲིས། མཉམ་འཚོ་མཉམ་སྤྱོང་། དྲ་རྒྱའི་བར་སྟོང་གི་ཐུན་མོང་སྒྲིག་གཞི་མཉམ་འཛུགས་བྱེད་པ”ཡིན་ཞིང་། ཀྲུང་གོ་སྲིད་གཞུང་གིས་ཐེངས་འདིའི་ཚོགས་ཆེན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པ་མ་ཟད། གཏམ་བཤད་གལ་ཆེན་གནངས།

3 མཚོན་རྟགས།

འཛམ་གླིང་སྦྲེལ་རེས་དྲ་རྒྱའི་ཚོགས་ཆེན་གྱི་མཚོན་རྟགས་ནི་རི་མོ་དང་ཡི་གེ་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་དེ། སྤྱི་ཡོངས་ཀྱི་ཕན་འབྲས་ནི་བརྟན་ཞིང་བརླིང་བ་དང་། དེང་རབས་ཀྱི་ཉམས་འགྱུར་ལྡན་པ་བཅས་ཀྱི་ཁྱད་ཆོས་མངོན་ཡོད་དོ།།




དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། དྲ་རྒྱ། གཞན་དག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-02

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།