ཀོ་བྱི་ལ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཀོ་བྱི་ལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དག་ཡིག)

ཀོ་བྱི་ལ།
འབྲུ་སྨན་ཞིག་གི་མིང་།
1 ལོ་ཙཱ།

རྒྱ་ཡིག 番木鳖,马钱子

དབྱིན་ཡིག vomiting nut

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  འབྲུ་སྨན་ཞིག་གི་མིང་སྟེ། རྒྱ་སྐད་དུ་མ་ཆན་ཙི་ཟེར།

2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  འདི་རྒྱ་གར་དང་། ཡོན་ནན། འབར་མ། ཐའེ་གོ  སིང་ག་ལ་སོགས་ཚ་བ་ཆེ་བའི་ས་ཁུལ་གྱི་ཀླུང་ཆེན་གྱི་འགྲམ་དང་ནགས་གསེབ་ཏུ་སྐྱེ་བ་དང་ཤིས་ཧྲོང་པ་ན་དང་ཧའེ་ནན་གླིང་ཕྲན་བཅས་སུ་འདེབས་འཛུགས་ཀྱང་བྱས་ཡོད། རོ་ཁ། ཞུ་རྗེས་བསིལ། ནུས་པས་ཁྲག་རླུང་སྟོད་འཚང་འཇོམས། གླང་ཐབས་སེལ། དུག་ཚད་ཞི་བར་བྱེད། མིང་གི་རྣམ་གྲངས་ལ་སྔོ་ལེབ་སྤུ་ཅན་དང་། ལྡུམ་སྟག ཕུར་ལེབ། བཅས་སོ།།

3.བོད་རྒྱ་ཚིག་མཛོད་ཆེན་མོ།  ཐང་སྨན་གྱི་རིགས་ཤིག་སྟེ། རོ་ཁ། ཞུ་རྗེས་བསིལ།  ནུས་པས་ཁྲག་རླུང་སྟོད་འཚང་འཇོམས། གླང་ཐབས་སེལ། དུག་ཚད་ཞི་བར་བྱེད།  番木鳖,马钱子。马钱科药用植物。味苦,性寒,功能治风血上亢、镇肠胃绞痛、清热解毒。མིང་གི་རྣམ་གྲངས་ལ་སྔོ་ལེབ་སྤུ་ཅན་དང༌།  ལྡུམ་སྟག་ཕུར་ལེབ། བྱ་འཕུར་ལེབ་བཅས་སོ། ། 

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག བསེ་ཤིང་དཀར་པོའི་འབྲས་བུ་མ་ནུ་ཁྲག་ཅན་གྱི་མིང་གི་རྣམ་གྲངས་ཤིག་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། མ་ནུ་ཁྲག་ཅན་རྟའི་ནུ་མདེལ། ཀོ་བྱིལ་རྣམས་ནི་བསེ་འབྲས་མིང། ཞེས་གསུངས་པ་ལྟར། ཐང་སྨན་གྱི་རིགས་ཤིག་སྟེ། རོ་ཁ། ཞུ་རྗེས་བསིལ། ནུས་པས་ཁྲག་རླུང་སྟོད་འཚང་འཇོམས། གླང་ཐབས་སེལ། དུག་ཚད་ཞི་བར་བྱེད། མིང་གི་རྣམ་གྲངས་ལ་སྔོ་ལེབ་སྤུ་ཅན་དང༌། ལྡུམ་སྟག་ཕུར་ལེབ། བྱ་འཕུར་ལེབ་བཅས་སོ། །


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-04-25

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།