གློག་རྡུལ་ཚོང་དོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གློག་རྡུལ་ཚོང་དོན།
གློག་རྡུལ་ཚོང་དོན་ནི་ཆ་འཕྲིན་དྲ་རྒྱའི་ལག་རྩལ་གྱི་བྱེད་ཐབས་དང་། ཚོང་ཟོག་བརྗེ་རེས་ལྟེ་གནས་བྱས་པའི་ཚོང་དོན་བྱེད་སྒོ་སྟེ། ཡང་ན། སྦྲེལ་རེས་དྲ་རྒྱ་དང་ཁེ་ལས་ནང་ཁུལ་གྱི་དྲ་རྒྱ། གནས་ཐང་འཕར་བའི་དྲ་བའི་སྟེང་དང་། དེ་བཞིན་གློག་རྡུལ་ཉོ་ཚོང་རྣམ་པའི་ཉོ་ཚོང་བྱེད་སྒོ་སྤེལ་བ་དང་འབྲེལ་ཡོད་ཀྱི་ཞབས་ཞུའི་བྱེད་སྒོ་ཡིན་པ་དང་། སྲོལ་རྒྱུན་ཚོང་ལས་བྱེད་སྒོའི་ལྷུ་ཚིགས་སོ་སོའི་གློག་རྡུལ་ཅན་དང་དྲ་རྒྱ་ཅན། ཆ་འཕྲིན་ཅན་བཅས་ཡིན། གློག་རྡུལ་ཚོང་དོན་ལ་རིགས་དབྱེ་ན། ABC、B2B、B2C、C2C、B2M、M2C、B2A(དེ་ནིB2G)、C2A(དེ་ནིC2G)、O2Oསོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
电子商务
ཕྱི་ཡིག་གི་མིང་།
Electronic Commerce、E-Commerce
མཚན་ཉིད།
གློག་རྡུལ་ཡོ་བྱད་སྤྱད་ནས་ཚོང་དོན་བྱེད་སྒོ་བསྒྲུབ་པ།
བསྡུས་མིང་།
EC
ནང་དོན།
གློག་རྡུལ་དངུལ་ལོར་བརྗེ་རེས་དང་གློག་རྡུལ་ཉོ་ཚོང་ཁྲོམ་ར་སོགས་ཡིན།
གྲུབ་ཆ་གཙོ་བོ།
ཚོང་ར། འཛད་སྤྱོད་པ། ཐོན་རྫས། ཟོག་འདྲེན།
གཙོ་གནད།
གློག་རྡུལ་སྒྲིག་ཆས་དང་དྲ་རྒྱའི་ལག་རྩལ།
1 གཞི་རྩའི་མཚན་ཉིད།

གློག་རྡུལ་ཚོང་དོན་ནི་གློག་ཀླད་ཆུང་བའི་ལག་རྩལ་དང་དྲ་རྒྱའི་འཕྲིན་གཏོང་ལག་རྩལ་སྤྱད་པའི་ཚོང་དོན་བྱེད་སྒོ་ཞིག་ཡིན། རྒྱལ་ཁབ་ཁག་གི་སྲིད་གཞུང་དང་མཁས་པ། ཁེ་ལས་ལས་རིགས་ཀྱི་མི་སྣས་རང་ཉིད་གནས་པའི་གོ་གནས་དང་གློག་རྡུལ་ཚོང་དོན་ལ་ཞུགས་པའི་ལྟ་ཕྱོགས་དང་ཚད་མི་འདྲ་བར་གཞིགས་ནས་མཚན་ཉིད་མི་འདྲ་བ་མང་བོ་བཞག་ཡོད། འོན་ཀྱང་། གློག་རྡུལ་ཚོང་དོན་ནི་ཚོང་དོན་གློག་རྡུལ་ཅན་དང་མི་འདྲ་བའོ།།

2 ཁྱབ་ཁོངས།

གློག་རྡུལ་ཚོང་དོན་ནང་དུ་ཁྱབ་པའི་ཁྱབ་ཁོངས་ཀྱི་གཞི་རྒྱ་ཧ་ཅང་ཆེ་ལ། སྤྱིར་བཏང་དུ་དབྱེ་ན། ཚབ་གཉེར་ཚོང་བ། ཚོང་བ། འཛད་སྤྱོད་པ(Agent、Business、Consumer,དེ་ནིABC)དང་ཁེ་ལས་ཀྱིས་ཁེ་ལས(Business-to-Business དེ་ནི B2B) ཁེ་ལས་ཀྱིས་འཛད་སྤྱོད་པ(Business-to-Consumer དེ་ནིB2C)དང་མི་སྒེར་གྱིས་འཛད་སྤྱོད་པ(Consumer-to-Consumerདེ་ནིC2C) ཁེ་ལས་ཀྱིས་སྲིད་གཞུང(Business-to-Government)དང་སྐུད་སྟེང་གིས་སྐུད་འོག(Online To Offline,O2O) ཚོང་ལས་ལས་ཁུངས་དང་ཁྱིམ་ཚང(Business To Family) མཁོ་སྤྲོད་བྱེད་མཁན་གྱིས་དགོས་མཁོ་ཡོད་མཁན(Provide to Demand)དང་སྐུད་ཐོག་ཚོང་ཁང(Online to Partner དེ་ནིO2P)སོགས་རྣམ་པ་རིགས་བརྒྱད་ཡོད་པ་དང་། དེའི་ཁྲོད་ཀྱི་གཙོ་བོ་ནི་ཁེ་ལས་ཀྱིས་ཁེ་ལས(Business-to-Business དེ་ནི B2B)དང་ཁེ་ལས་ཀྱིས་འཛད་སྤྱོད་པ(Business-to-Consumer དེ་ནིB2C)ཡི་རྣམ་པའི་རིགས་གཉིས་ཡིན།

3 གྲུབ་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོ།

གྲུབ་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་བཞི་ནི། ཚོང་ར། འཛད་སྤྱོད་པ། ཐོན་རྫས། དངོས་ཟོག་སྐྱེལ་འདྲེན།

1.ཉོ་ཚོང་། དྲ་རྒྱའི་ལས་ཁྲི་ཆེན་པོ་ཁག་གིས་འཛད་སྤྱོད་པར་སྤུས་ལེགས་གོང་བདེའི་ཚོང་རྫས་འདོན་སྤྲོད་བྱེད་པ་དང་། འཛད་སྤྱོད་པ་བཀུག་ནས་ཉོ་ཚོང་བྱེད་པ་དང་མཉམ་དུ་ཚོང་བ་མང་པོ་ནང་འཇུག་བྱེད་པར་སྐུལ་འདེད་བྱེད་པ།

2.མཉམ་ལས། ཚོང་ཟོག་སྐྱེལ་འདྲེན་ཀུང་སི་དང་མཉམ་ལས་འབྲེལ་བ་འཛུགས་པ་དང་། འཛད་སྤྱོད་པའི་ཉོ་སྒྲུབ་བྱ་སྤྱོད་ཐད་མཐར་འགན་སྲུང་འདོན་སྤྲོད་བྱེད་པ་དང་། འདི་ནི་གློག་རྡུལ་ཚོང་དོན་གཉེར་སྐྱོང་གི་སྲ་གཤིས་ཀྱི་ཆ་རྐྱེན་གྲས་ཤིག་རེད།

3.ཞབས་ཞུ། གློག་རྡུལ་ཚོང་དོན་ཀྱི་རྒྱུ་རྐྱེན་གཙོ་བོ་གསུམ་གྲས་ཀྱི་ཚོང་ཟོག་སྐྱེལ་འདྲེན་དེ་གཙོ་བོ་ནི་འཛད་སྤྱོད་པར་ཉོ་སྒྲུབ་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། དེ་ནས་ཡང་བསྐྱར་ཉོ་ཚོང་མངོན་འགྱུར་བྱེད་པ།

4 ཁྱད་ཆོས་དང་བྱེད་ལས།

གཞི་རྩའི་ཁྱད་ཆོས།

1.ཡོངས་ཁྱབ་རང་བཞིན།

2.སྟབས་བདེ་རང་བཞིན།

3.སྤྱི་ཡོངས་རང་བཞིན།

4.བདེ་འཇགས་རང་བཞིན།

5.མཐུན་སྦྱོར་རང་བཞིན།

5 བྱེད་ལས་ཁག

1.བརྡ་ཁྱབ་དྲིལ་བསྒྲགས།

2.བློ་འདྲི་དང་ངོ་འཕྲད་གྲོས་མོལ།

3.དྲ་ཐོག་མངགས་ཉོ།

4.དྲ་ཐོག་དངུལ་སྤྲོད།

5.གློག་རྡུལ་ཐོ་ཁོངས།

6.ཞབས་ཞུ་བརྒྱུད་སྤྲོད།

7.བསམ་འཆར་འདྲི་རྟོགས།

8.ཉོ་ཚོང་དོ་དམ།

6 ཁེ་སྤོགས་རྣམ་པ།

1.དྲ་ཐོག་དཀར་ཆག་གི་ཁེ་སྤོགས་རྣམ་པ།

2.ཨང་ཀིའི་ནང་དོན་གྱི་ཁེ་སྤོགས་རྣམ་པ།

3.བརྡ་ཁྱབ་རམ་འདེགས་ཀྱི་ཁེ་སྤོགས་རྣམ་པ།

4.ཉོ་ཚོང་གྲོན་དངུལ་གྱི་ཁེ་སྤོགས་ཀྱི་རྣམ་པ།

5.ཞབས་ཞུའི་གྲོན་དངུལ་ཁེ་སྤོགས་རྣམ་པའི་རྒྱུད་ཁོངས་གྲུབ་ཚུལ།

6.སྐུད་ཐོག་ཕྱིར་འཚོང་གི་ཁེ་སྤོགས་རྣམ་པ།




དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-01

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།