ཚོང་ལས་ཆ་འཕྲིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚོང་ལས་ཆ་འཕྲིན།
སྒྲ་ཡངས་འཇུག་ཏུ། ཚོང་ལས་ཆ་འཕྲིན་ནི་ཚོང་ལས་དཔལ་འབྱོར་བྱེད་སྒོའི་གནས་ཚུལ་མཚོན་པ་དང་། ཚོང་ཟོག་བརྗེ་རེས་དང་དོ་དམ་དང་འབྲེལ་བའི་ཆ་འཕྲིན་སྣ་ཚོགས་དང་། གཞི་གྲངས། གསང་འཕྲིན་དང་དཔྱད་གཞིའི་ཡིག་རིགས་ཀྱི་སྤྱི་མིང་དུ་སྤྱོད་པ་ཡིན། སྒྲ་དོག་འཇུག་ཏུ། ཚོང་ལས་ཆ་འཕྲིན་ནི་ཐད་ཀར་ཚོང་ཟོག་ཉོ་ཚོང་གི་བྱེད་སྒོའི་ཁྱད་ཆོས་དང་འགྱུར་ལྡོག་སོགས་ཀྱི་གནས་ཚུལ་མཚོན་པའི་ཆ་འཕྲིན་སྣ་ཚོགས་དང་གསང་འཕྲིན། དཔྱད་གཞིའི་ཡིག་རིགས་ཀྱི་སྤྱི་མིང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
商业信息
ཁྱད་ཆོས།
འགྱུར་མང་རང་བཞིན། ཐར་ཐོར་རང་བཞིན། གོ་ཆོད་རང་བཞིན།
རིགས་རྣམ།
ཁྲོམ་རའི་ཚོང་གཉེར་ཆ་འཕྲིན། ཚོང་རའི་དོ་དམ་གྱི་ཆ་འཕྲིན།
ཚད་གཞི།
དུས་ཐོག གནད་དུ་འཁེལ་བ། སྤྱོད་གོ་ཆེ་བ། དཔལ་འབྱོར།
1 ཚོང་ལས་ཆ་འཕྲིན་གྱི་རིགས།

ཚོང་ལས་ཆ་འཕྲིན་གྱི་ངོ་བོ་དང་ནང་དོན་ལྟར་རིགས་དབྱེ་ན།

ཁྲོམ་རའི་གཉེར་སྐྱོང་ཆ་འཕྲིན།

དེ་ནི་ཚོང་རའི་ཆ་འཕྲིན་གྱི་སྲོག་ཤིང་དང་གཙོ་བོ་ཡིན། དེའི་ནང་དུ་གཙོ་བོ་གཤམ་གྱི་ཆ་འཕྲིན་འགའ་ཡོད་དེ། ཚོང་ཟོག་ཐོན་སྐྱེད་དང་མཁོ་སྤྲོད་ཆ་འཕྲིན། ཚོང་ཟོག་འགྲན་རྩོད་ཆ་འཕྲིན་ཡོད་པ་རེད།

ཁྲོམ་རའི་དོ་དམ་ཆ་འཕྲིན།

དེའི་ནང་དུ་རྒྱལ་ཁབ་སྙོམས་སྒྲིག་ཚོང་ར། ཁྲོམ་རའི་ཁྲིད་སྟོན་ཁེ་ལས་ཀྱི་སྤྱི་ཁོག་དོ་དམ་ཆ་འཕྲིན་དང་ཁེ་ལས་ནང་ཁུལ་ལས་སྒོའི་དོ་དམ་གྱི་ཆ་འཕྲིན། སྔ་མ་དེའི་ནང་དུ་རྒྱལ་ཁབ་ཀྱི་གཏན་འབེབས་དང་ཁྱབ་བསྒྲགས་བྱས་པའི་དཔལ་འབྱོར་ཁྲིམས་སྲོལ་དང་། སྲིད་ཇུས་དང་དེ་བཞིན་ཁྲལ་བསྡུ། དངུལ་ཁང་། དངོས་ཟོག་རིན་གོང་སོགས་སྡེ་ཁག་གྱིས་བཏོན་པའི་འབྲེལ་ཡོད་ཀྱི་གཏན་འབེབས་གསར་པ་སོགས་ཡོད་པ་རེད། རྗེས་མའི་ནང་དུ་ཚོང་ཟོག་ཐོན་སྐྱེད་དང་འཆར་གཞི། ཉོ་ཚོང་གི་གན་རྒྱ་འཇོག་པ་དང་ལག་བསྟར། དེ་བཞིན་ལས་སྒོ་དང་ནོར་དོན། རྩིས་གཉེར། རྩིས་བཤེར། ཚོང་ཟོག་རིན་གོང་སོགས་དོ་དམ་བྱེད་ཐབས་ཀྱི་འབྲེལ་ཡོད་ཆ་འཕྲིན་སོགས་ཡོད།

ཁྲོམ་རའི་ཚོང་ཟོག་ཚན་རྩལ་ཆ་འཕྲིན།

དེའི་ནང་དུ་ཐོན་རྫས་གསར་བ་གསར་སྤེལ་དང་། ཇུས་འགོད་དང་ཚོད་བཟོ། དེ་བཞིན་ཐོན་རྫས་སྣ་ཚོགས་ལས་སྣོན། ཐུམ་སྒྲིལ། མཛོད་ཁང་། སྐྱེལ་འདྲེན། ཞིབ་བཤེར། ཉོ་སྒྲུབ། ཕྱིར་འཚོང་། ཞབས་ཞུ་སོགས་ཀྱི་ལྷུ་ཚིགས་ཁྲོད་དུ་བྱུང་བའི་ཚན་རྩལ་ལག་རྩལ་གསར་གཏོད་ཀྱི་གྲུབ་འབྲས་དང་བསྒྱུར་བཅོས། གསར་བཅོས་བྱེད་ཐབས་བཅས་ལས་གྲུབ་པའི་ཆ་འཕྲིན་ཡིན།

ཁྲོམ་རའི་ཁོར་ཡུག་ཆ་འཕྲིན།

ཁྲོམ་རའི་འདོན་སྤྲོད་དགོས་མཁོའི་འགྱུར་ལྡོག་དང་བྲིན་ཚོང་བྱེད་སྒོར་ཤུགས་རྐྱེན་ཐེབས་པའི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། རང་བྱུང་ཁོར་ཡུག་འགྱུར་ལྡོག་གི་ཆ་འཕྲིན་ལ་ཟེར།

2 ཚོང་ལས་ཆ་འཕྲིན་གྱི་ཁྱད་ཆོས།

ཚོང་ལས་ཆ་འཕྲིན་ནི་སྤྱི་ཚོགས་ཐོན་སྐྱེད་དང་བརྗེ་རེས། འཛད་སྤྱོད་སོགས་དཔལ་འབྱོར་བྱེད་སྒོར་མེད་དུ་མི་རུང་བའི་ཆ་འཕྲིན་ཞིག་ཡིན་པ་དང་། སྤྱིར་བཏང་གི་ཆ་འཕྲིན་ལ་ཐུན་མོང་དུ་ཡོད་པའི་བརྒྱུད་སྤྲོད་རུང་བའི་རང་བཞིན་དང་ཉར་ཆོག་རང་བཞིན། འདྲ་བཟོ་ཆོག་པའི་རང་བཞིན་དང་མཉམ་སྤྱོད་ཆོག་པའི་རང་བཞིན་སོགས་ཁྱད་ཆོས་ལས་གཞན་ད་དུང་། འགྱུར་མང་རང་བཞིན་དང་ཐོར་བུའི་རང་བཞིན། དངོས་སྤྱོད་རང་བཞིན་བཅས་ཁྱད་ཆོས་ལྡན།

ཚོང་ལས་ཆ་འཕྲིན་དང་ཚོང་ལས་གཞི་གྲངས།

1.ཚོང་ལས་ཆ་འཕྲིན་དང་ཚོང་ལས་གཞི་གྲངས་ཀྱི་མཚན་ཉིད། ཚོང་ལས་ཆ་འཕྲིན་ནི་མི་རྣམས་ཀྱིས་ཚོང་ལས་བྱེད་སྒོའི་འབྲེལ་ཡོད་ཀྱི་དངོས་པོ་དང་དེ་བཞིན་དེའི་འགྱུར་ལྡོག་གི་ཆོས་ཉིད་ཀྱི་ངོས་འཛིན་ལ་ཟེར། ཚོང་ལས་གཞི་གྲངས་ནི་ཚོང་ལས་ཆ་འཕྲིན་ཟིན་ཐོའི་ཐེག་གཟུགས་ཡིན།

2.ཚོང་ལས་ཆ་འཕྲིན་དང་ཚོང་ལས་གཞི་གྲངས་ཀྱི་འབྲེལ་བ། ཚོང་ལས་ཆ་འཕྲིན་ནི་དངོས་པོའི་ངོ་བོ་དང་། ཚོང་ལས་གཞི་གྲངས་ནི་ཚོང་ལས་ཆ་འཕྲིན་དོ་དམ་གྱི་བར་རྫས་ཡིན།




དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-01

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།