གཞི་གྲངས་ཆེན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཞི་གྲངས་ཆེན་མོ།
གཞི་གྲངས་ཆེན་མོ་ནི་བྱེད་ཐབས་བྲལ་བའི་ཐེག་ཚད་དུས་ཚོད་ཀྱི་ཁྱབ་ཁོངས་ནང་དུ་རྒྱུན་གཏན་གྱི་ཡོ་བྱད་སྤྱད་ནས་འཛིན་བཟུང་དང་དོ་དམ། སྒྲིག་གཅོད་བྱེད་པའི་གཞི་གྲངས་ཚོགས་སྤྱི་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大数据
ཕྱི་ཡིག་གི་མིང་།
big data,mega data
མིང་གཞན།
Data Mining
འདོན་མཁན།
ཁེན་ཉི་སི· ཁུ་ཁེ་ཡེ་དང་ཝེ་ཁེ་ཐའོ་· མའེ་ཨེར། ཧྲེ་ཨུན་པོ་ཀུ
བཏོན་པའི་དུས་ཚོད།
2008ལོའི་ཟླ8པའི་ཟླ་དཀྱིལ།
ཉེར་སྤྱོད་རིག་ཚན།
རྩིས་འཁོར། ཆ་འཕྲིན་ཚན་རིག བསྡོམས་རྩིས་རིག་པ།
སྤྱད་འཐུས་མངའ་ཁོངས་་ཀྱི་ཁྱབ་ཁོངས།
མིས་བཟོས་རིག་སྟོབས་སམ་རིག་ལྡན།
v4ཁྱད་ཆོས།
འབོར་ཆེན། མགྱོགས་ཚད་མྱུར་བ། རིགས་མང་བ། གནས་ཐང་།
1 མཚན་ཉིད།

གཞི་གྲངས་ཆེན་མོ་དང་ལུགས་རྩིས་འབྲེལ་བས“གཞི་གྲངས་ཆེན་མོའི”་ཞིབ་འཇུག་ལས་ཁུངསGartnerལ་མཚན་ཉིད་འདི་འདྲ་ཞིག་བཞག་ཡོད་དེ། “གཞི་གྲངས་ཆེན་མོ”ནི་སྒྲིག་གཅོད་བྱེད་ཐབས་གསར་བས་ད་གཟོད་ཐབས་ཇུས་ཤུགས་ཆེ་རུ་གཏོང་ཐུབ་པ་དང་། མཐིལ་རྟོགས་ཤེས་ནུས་དང་ལས་རིམ་ལེགས་འགྱུར་བྱེད་པའི་ནུས་པ་ཐོན་ཐུབ་པ་དང་། འཕར་ཚད་མཐོ་བ་དང་སྣ་མང་ཅན་གྱི་ཆ་འཕྲིན་རྒྱུ་ནོར་འབྱུང་བ་ཡིན།

ཝེ་ཁེ་རིག་མཛོད་ལ་གཞིགས་ན་གཞི་གྲངས་ཆེན་མོ་ནི་བྱེད་ཐབས་བྲལ་བའི་ཐེག་ཚད་དུས་ཚོད་ཀྱི་ཁྱབ་ཁོངས་ནང་དུ་རྒྱུན་གཏན་གྱི་ཡོ་བྱད་སྤྱད་ནས་འཛིན་བཟུང་དང་དོ་དམ། སྒྲིག་གཅོད་བྱེད་པའི་གཞི་གྲངས་ཚོགས་སྤྱི་ཡིན།

གཞི་གྲངས་ཆེན་མོའི་ལག་རྩལ་གྱི་འཐབ་ཇུས་དོན་སྙིང་ནི་གཞི་གྲངས་ཆ་འཕྲིན་གཏོས་ཆེ་བ་ཚོད་འཛིན་བྱེད་རྒྱུ་དེ་མ་ཡིན་པར། དོན་སྙིང་ལྡན་པའི་གཞི་གྲངས་འདི་དག་ལ་ཆེད་ཆས་ཅན་གྱི་སྒྲིག་གཅོད་བྱེད་རྒྱུ་དེ་རེད།

གཞི་གྲངས་ཆེན་མོར་དམིགས་བསལ་གྱི་ལག་རྩལ་མཁོ་བ་རེད། ཕན་ནུས་ལྡན་པའི་སྒོ་ནས་ཚོད་འཛིན་ཐུབ་པའི་དུས་ཚོད་ནང་བརྒྱུད་པའི་གཞི་གྲངས་འབོར་ཆེན་ལ་སྒྲིག་གཅོད་བྱེད་པ་དང་། གཞི་གྲངས་ཆེན་མོའི་ལག་རྩལ་སྤྱད་ན་འཐུས། དེའི་ནང་དུ་གཞི་རྒྱ་ཆེ་བའི་གཤིབ་བགྲོད་སྒྲིག་གཅོད་གཞི་གྲངས་མཛོད་དང་། གཞི་གྲངས་གློག་དྲའི་སྔོགས་འདོན། ཁྱབ་ཚུལ་ཡིག་ཆའི་རྒྱུད་ཁོངས། ལུགས་རྩིས་ལས་ཁྲི། སྦྲེལ་རེས་དྲ་རྒྱ་དང་སྐྱེད་རུང་རང་བཞིན་གྱི་གསོག་འཇོག་རྒྱུད་ཁོངས་སོགས་ཡོད་པ་དང་། ཆེས་ཆུང་བའི་གཞི་རྩའི་འཇལ་བྱེད་ནིbitཡིན་ལ། གོ་རིམ་ལྟར་འཇལ་བྱེད་ཡོད་ཚད་སྟེར་བ་དང་། bit、Byte、KB、MB、GB、TB、PB、EB、ZB、YB、BB、NB、DB

དེ་དག་ནི་འགྲིལ་ཕྱོད1024(2ཡི་རང་བཅུ་སྒྱུར)ལ་བརྟེན་ནས་རྩིས་རྒྱག་བྱེད་པ་རེད།

8 bit = 1 Byte

1 KB = 1,024 Bytes

1 MB = 1,024 KB = 1,048,576 Bytes

1 GB = 1,024 MB = 1,048,576 KB

1 TB = 1,024 GB = 1,048,576 MB

1 PB = 1,024 TB = 1,048,576 GB

1 EB = 1,024 PB = 1,048,576 TB

1 ZB = 1,024 EB = 1,048,576 PB

1 YB = 1,024 ZB = 1,048,576 EB

1 BB = 1,024 YB = 1,048,576 ZB

1 NB = 1,024 BB = 1,048,576 YB

1 DB = 1,024 NB = 1,048,576 BB

2 ཁྱད་ཆོས།

1.ཤོང་ཚད(Volume)དེ་གཞི་གྲངས་ཆེ་ཆུང་གིས་དམིགས་འབེན་གཞི་གྲངས་ཀྱི་རིན་ཐང་དང་གབ་པའམ་སྦས་པའི་རང་བཞིན་གྱི་ཆ་འཕྲིན་ཐག་གཅོད་བྱེད་པ་ཡིན།

2.རིགས(Variety)ཏེ་གཞི་གྲངས་རིགས་གྲས་སྣ་མང་རང་བཞིན་ཅན་ཡིན།

3.མྱུར་ཚད(Velocity)དེ་ནི་གཞི་གྲངས་ཐོབ་པའི་མྱུར་ཚད་ཡིན།

4.འགྱུར་རུང་རང་བཞིན(Variability)ཏེ་སྒྲིག་གཅོད་ལ་འགོག་རྐྱེན་བཟོ་དང་ནུས་ལྡན་སྒོས་གཞི་གྲངས་དོ་དམ་བྱེད་པའི་བརྒྱུད་རིམ་ལ་ཟེར།

5.དོན་དངོས་རང་བཞིན(Veracity)ཏེ་གཞི་གྲངས་ཀྱི་སྤུས་ཚད་ཡིན།

6.རྙོག་འཛིང་རང་བཞིན(Complexity)་ཏེ་གཞི་གྲངས་ཚད་འབོར་ཆེན་ཡིན་པ་དང་། འབྱུང་ཁུངས་དང་ཐབས་མང་བོ་ལྡན་ནོ།།

3 དོན་སྙིང་།

གཞི་གྲངས་ཆེན་མོའི་རིན་ཐང་ནི་གཤམ་གྱི་ཕྱོགས་འགའ་ནས་མཚོན་ཡོད།

1.གྲངས་འབོར་ཆེན་པོའི་འཛད་སྤྱོད་པར་ཐོན་རྫས་འདོན་སྤྲོད་དང་། ཡང་ན་ཞབས་ཞུའི་ཁེ་ལས་པས་གཞི་གྲངས་ཆེན་མོ་བེད་སྤྱད་ནས་གནད་ལ་འཁེལ་བའི་ངང་ཚོང་གཉེར་བྱེད་ཆོག

2.ཆུང་ཞིང་མཛེས་པའི་རྣམ་པ་ཅན་གྱི་ཁེ་ལས་ཆུང་གྲས་ཀྱིས་གཞི་གྲངས་ཆེན་མོ་སྤྱད་ནས་ཞབས་ཞུ་རིགས་བསྒྱུར་བྱེད་ཆོག

3.སྦྲེལ་རེས་དྲ་རྒྱའི་གནོན་ཤུགས་འོག་ཏུ་ངེས་པར་དུ་རིགས་བསྒྱུར་བྱེད་དགོས་པའི་སྲོལ་རྒྱུན་ཁེ་ལས་དུས་བསྟུན་མདུན་སྐྱོད་བྱེད་པར་གཞི་གྲངས་ཆེན་མོའི་རིན་ཐང་བེད་སྤྱོད་གང་ལེགས་བྱེད་ཆོག




དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། དྲ་རྒྱ། གྲངས་མཛོད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-01

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།