རིམ་འདས་གློག་འཁྱུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རིམ་འདས་གློག་འཁྱུག
རིམ་འདས་གློག་འཁྱུག་ནི་སྤྲིན་རིམ་གྱི་ཡང་རྩེ་རུ་བྱུང་བའི་བར་སྣང་མཐོན་པོའི་གློག་ཁུར་ཕོས་གློག་གཏོང་བ་དང་འོད་འཕྲོ་བའི་སྣང་ཚུལ་ཞིག་ཡིན་ལ། སྤྱིར་བཏང་གི་གློག་འཁྱུག་ལས་ཤུགས་ལྡབ་བརྒྱ་ཡས་མས་ཀྱིས་ཆེ་བའི་གློག་འཁྱུག་ཅིག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
超级闪电
ཕྱི་ཡིག་གི་མིང་།
Super bolt
1 ངོ་སྤྲོད།

རིམ་འདས་གློག་འཁྱུག་ནི་སྤྱིར་བཏང་གི་གློག་འཁྱུག་ལས་ཤུགས་ལྡབ་བརྒྱ་ཡས་མས་ཀྱིས་ཆེ་བའི་གློག་འཁྱུག་ཅིག་ཡིན།   སྤྱིར་བཏང་གི་གློག་འཁྱུག་གིས་ཐོན་སྐྱེད་བྱས་པའི་གློག་ཤུགས་ནི་ཕལ་ཆེར་ཝ་ཐེ་དུང་ཕྱུར་བཅུ་ཡས་མས་ཡིན།   རིམ་འདས་གློག་འཁྱུག་གིས་ཐོན་སྐྱེད་བྱས་པའི་གློག་ཤུགས་ནི་ཆེས་ཉུང་མཐའ་ཡང་ཝ་ཐེ་དུང་ཕྱུར་སྟོང་ལྷག་ཡོད།   ཐ་ན་དེའི་ཡན་ལ་སླེབས་ཐུབ།  བར་སྣང་ཅུང་དམའ་སའི་ས་ཁུལ་གྱི་གློག་ཁུར་མོ་ཡོད་པའི་སྤྱིར་བཏང་གི་གློག་འཁྱུག་དང་མི་འདྲ་བ་ཡིན།    ནེའུ་ཧྥིན་ལན་ས་གླིང་ཕྲན་ཞིག་ཏུ་སྤྱི་ལོ1978ལོར་རིམ་འདས་གློག་འཁྱུག་ཐེངས་གཅིག་གིས་འཇབ་རྒོལ་བྱས།   སྤྱི་ལེ་བཅུ་གསུམ་གྱི་ཕྱི་ན་ཡོད་པའི་སྡོད་ཁང་དང་སྡོང་བོ་སོགས་ཀྱང་འགུལ་བར་བྱས།   སྡེ་བ་ཡོངས་ཀྱི་སྒེའུ་ཁུང་ཡང་མདོག་སྔོན་པོའི་མེ་ལྕེ་འཕྱུར་བ་རེད།  

2 གྲུབ་ཚུལ་རྐྱེན་རྩ། 

རིམ་འདས་གློག་འཁྱུག་ནི་སྤྲིན་རིམ་གྱི་ཡང་རྩེ་རུ་བྱུང་བའི་བར་སྣང་མཐོན་པོའི་གློག་ཁུར་ཕོས་གློག་གཏོང་བ་དང་འོད་འཕྲོ་བའི་སྣང་ཚུལ་ཞིག་ཡིན།     སྤྱི་ལོ2003ལོའི་ཚུན་ཆད་དུ།  ཚན་རིག་པ་རྣམས་ཀྱིས་གསར་རྙེད་བྱས་པའི་བར་སྣང་མཐོན་པོ་རུ་ཅུང་ཐུང་བའི་འོད་འཕྲོ་བའི་སྣང་ཚུལ་ལ་མདོག་དམར་པོའི་གདོན་འདྲེ་དང་སྔོན་པོའི་གདོན་འདྲེ།   འཚུབ་པོའི་གདོན་འདྲེ་སོགས་ཡོད།   ཁོ་ཚོ་ཡོད་ཚད་ནི་ཐོལ་གློག་ཐོག་ཆར་གྱི་སྤྲིན་དང་བསྟུན་ནས་བར་སྣང་ནས་འོད་འཕྲོ་བའི་སྣང་ཚུལ་ཞིག་ཡིན།   ཉེ་བའི་དུས་རབས་གཅིག་གི་རིང་ལ།    འཕུར་སྐྱོད་པ་དང་ས་ངོས་ལྟ་ཞིབ་པ་མང་པོའི་སྙན་ཞུ་ལ་ཡ་མཚར་བོ་འདུག  གློག་འཁྱུག་དང་འདྲ་བའི་གློག་འོད་སྤྲིན་གྱི་རྩེ་ནས་ཡར་འཕེན་རྒྱང་བྱས་པ་རེད།   སྣང་ཚུལ་འདི་བར་སྣང་ནས་བྱུང་བ་དང་འོད་འཕྲོ་བའི་དུས་ཡུན་ཧ་ཅང་ཐུང་བས་རྐྱེན་གྱིས་ཚད་ལྡན་གྱི་བདེན་དཔང་བྱེད་མ་ཐུབ།   ཚན་རིག་གིས་འཇིག་རྟེན་ཁྲོད་དུ་ཚད་ལྡན་ཡིན་པའི་དབྱེ་ཞིབ་བྱེད་པར་ཧ་ཅང་དཀའ།   སྤྱི་ལོ1989ལོར་འོད་ཚད་དམའ་བའི་བརྙན་ལེན་འཕྲུལ་ཆས་ཀྱིས་བར་སྣང་གི་རླུང་ཁམས་ཆེན་མོའི་འོད་འཕྲོ་བའི་སྣང་ཚུལ་བརྙན་ལེན་ཐུབ་སོང་།  སྤྱི་ལོ1990ལོར་གནམ་གྲུའི་སྟེང་གི་བརྙན་ལེན་འཕྲུལ་ཆས་ཀྱིས་ཀྱང་དེ་དང་འདྲ་བའི་འདྲ་པར་མང་པོ་ཞིག་བརྙན་བླངས་ཡོད།   དེའི་རྗེས་སུ་བརྙན་ལེན་འཕྲུལ་ཆས་ཀྱི་རོགས་སྐྱོར་དང་བསྟུན་ནས་ང་ཚོས་གློག་འཁྱུག་ལྟ་བུའི་གློག་འོད་འདི་ཅུང་དམའ་བའི་རླུང་ཁམས་ཆེན་མོའི་བང་རིམ་ཁོ་ནར་བྱུང་བ་ཞིག་མ་ཡིན་པར་ཐ་ན་དེ་ལས་ཀྱང་མཐོ་བའི་གནས་སུའང་བྱུང་སྲིད་པའང་ཡོད།   བསྡོམས་རྩིས་བྱས་པ་ལྟར་ན།   སའི་གོ་ལའི་སྟེང་དུ་ལོ་རེར་གློག་འཁྱུག་ཐེངས་དུང་ཕྱུར་སོ་གཅིག་ལྷག་བྱུང་བཞིན་ཡོད་ལ།   ཆ་སྙོམས་ཀྱིས་སྐར་ཆ་རེ་ལ་ཐེངས་བརྒྱ་ལྷག་ལ་བྱུང་བ་རེད།   


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-02

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།