བཟང་བོ་ལྔའི་སྨན་མར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདི་ནི་བོད་ཀྱི་གསོ་རིག་ལས་མོ་ནད་གསོ་བའི་སྨན་ཞིག་ཡིན་ཏེ། པི་པི་ལིང་། སེ་འབྲུ། འུ་སུའི་འབྲས་བུ་སོགས་སྨན་སྣ་ལྔ་ལས་གྲུབ་པ་དང་། མེ་དྲོད་སྐྱེད་ཅིང་ལུས་ཤ་རྒྱས་པ་དང་། བུད་མེད་བུ་མེད་ལ་ཡང་བུ་རྙེད་འགྱུར་བར་ཕན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
良药酥油丸
རྣམ་པ།
རིལ་བུ།
1 སྨན་སྦྱོར། 

པི་པི་ལིང་། སེ་འབྲུ། འུ་སུའི་འབྲས་བུ། སྒ་སྨུག  ཙི་ཏྲ་ཀ་བཅས་སྨན་སྣ་ལྔ་ལས་གྲུབ་པ་ཡིན། 

2 ཕན་ནུས། 

མེ་དྲོད་སྐྱེད་ཅིང་ལུས་ཤ་རྒྱས་པ་དང་། །བུད་མེད་བུ་མེད་ལ་ཡང་བུ་རྙེད་འགྱུར། །

3 བསྟེན་ཚུལ། 

ཉིན་རེར་ཐེངས1དང་།   ཐེངས་རེར་རིལ་བུ1རེ་བསྟེན། 

4 ངོ་བོ། 

ངོ་བོ་དྲོ་ལ་བཟི་མེད། 

5 འཛེམ་བྱ།

ཁྲག་མཁྲིས་ནད་ཅན་དང་སྦྲུམ་འགོག་དག་གིས་མི་བསྟེན། 

6 རྣམ་པ།

རིལ་བུ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-26

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།