ཡིའུ་ཐའེ་མི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡིའུ་ཐའེ་མི།
ཡིའུ་ཐའེ་མིའམ་ཡིའུ་ཐའེ་མི་རིགས་ནི་འཛམ་གླིང་གི་ས་ཁུལ་སོ་སོར་ཁྱབ་པའི་རིགས་ཚོགས་ཤིག་ཡིན་ལ། རིགས་རྒྱུད་ཚོགས་པ་དེར་གནའ་ནས་ད་ལྟའི་བར་དུ་བརྒྱུད་པའི་དབྱི་སི་རལ་རིགས་རྒྱུད་ཡོད། སྤྱི་ལོ2007ལོར་འཛམ་གླིང་གི་ཡིའུ་ཐའེ་མིའི་སྤྱིའི་མི་འབོར་ནི་ཁྲི1320ཡི་ཡས་མས་ཟིན་ལ། དེའི་ཁྲོད་མི་འབོར་ཁྲི540ལྷག་དབྱི་སི་རལ་ན་གཞི་སྡོད་བྱས་ཡོད། མི་འབོར་ཁྲི530ལྷག་ཨ་མེ་རི་ཁར་གཞིས་ཆགས་ཡོད། ལྷག་མ་རྣམས་འཛམ་གླིང་གི་ས་ཆ་སོ་སོར་ཁྱབ་ཡོད། དབྱི་སི་རལ་ནི་འཛམ་གླིང་སྟེང་གི་ཡིའུ་ཐའེ་མི་རིགས་འདུས་སྡོད་ཆེས་མང་བའི་རྒྱལ་ཁབ་གཅིག་པུ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
犹太人
ཕྱི་ཡིག་གི་མིང་།
Jewish
མི་རྒྱུད།
མི་དཀར།
ཆོས་ལུགས་དད་མོས།
ཡིའུ་ཐའེ་ཆོས་ལུགས།
མི་གྲངས།
ཁྲི1320(སྤྱི་ལོ2007ལོར)
1 ངོ་སྤྲོད།

ཡིའུ་ཐའེ་མིའམ་ཡིའུ་ཐའེ་མི་རིགས་ནི་འཛམ་གླིང་གི་ས་ཁུལ་སོ་སོར་ཁྱབ་པའི་རིགས་ཚོགས་ཤིག་ཡིན་ལ། རིགས་རྒྱུད་ཚོགས་པ་དེར་གནའ་ནས་ད་ལྟའི་བར་དུ་བརྒྱུད་པའི་དབྱི་སི་རལ་རིགས་རྒྱུད་ཡོད་ལ།   རྗེས་ནས་དུས་ཚིགས་སོ་སོ་དང་འཛམ་གླིང་ས་ཆ་སོ་སོ་ནས་མཆེད་པའི་ཡིའུ་ཐའེ་ཆོས་ལུགས་ལ་དད་མོས་བྱེད་མཁན་གྱི་མི་ཚོགས་ཀྱང་འདུ། ཁྱབ་རྒྱ་ཆེ་ས་ནས་བཤད་ན། ཡིའུ་ཐའེ་མི་ནི་ཆོས་ལུགས་ལ་ལྷག་ཏུ་དད་མོས་བྱེད་མཁན་ཡིན་ཡང་སྲིད་ལ་མིན་ཀྱང་ཆོག ཡིའུ་ཐའེ་མི་ཡི་རྩ་འཛུགས་ལ་འབྲེལ་ཡོད་རྒྱུས་ལོན་བྱས་པ་ལྟར་ན། སྤྱི་ལོ2007ལོར་འཛམ་གླིང་གི་ཡིའུ་ཐའེ་མིའི་སྤྱིའི་མི་འབོར་ནི་ཁྲི1320ཡས་མས་ཟིན་ལ། དེའི་ཁྲོད་མི་འབོར་ཁྲི540ལྷག་དབྱི་སི་རལ་ན་གཞི་སྡོད་བྱས་ཡོད། མི་འབོར་ཁྲི530ལྷག་ཨ་མེ་རི་ཁར་གཞིས་ཆགས་ཡོད། ལྷག་མ་རྣམས་འཛམ་གླིང་གི་ས་ཆ་སོ་སོར་ཁྱབ་ཡོད། དབྱི་སི་རལ་ནི་འཛམ་གླིང་སྟེང་ཡིའུ་ཐའེ་མི་རིགས་འདུས་སྡོད་ཆེས་མང་བའི་རྒྱལ་ཁབ་གཅིག་པུ་ཡིན། ཡིའུ་ཐའེ་མི་འབོར་གྱིས་འཛམ་གླིང་གི་སྤྱིའི་མི་འབོར་གྱི་བརྒྱ་ཆའི0.2ཙམ་ཟིན། གོང་གི་གྲངས་འབོར་ལས་ཡིའུ་ཐའེ་མི་ནི་ཡིའུ་ཐའེ་མིའི་སྤྱིའི་ཚོགས་པ་ལ་མི་འདུ། དོན་དངོས་ཁྲོད། འཛམ་གླིང་གི་ཡིའུ་ཐའེ་མིའི་སྤྱིའི་མི་འབོར་ནི་ཚད་ལྡན་གྱི་གཏན་འཁེལ་བྱ་རྒྱུ་ནི་ཧ་ཅང་ཁག་པོ་འདུག  རྒྱུ་མཚན་ནི་ཡིའུ་ཐའེ་མིའི་མཚན་ཉིད་ལ་ཚད་གཞི་དང་མཚན་ཉིད་ཧ་ཅང་མང་བས་སྤྱི་སྡོམ་བྱ་རྒྱུ་ལ་ཤན་ཤུགས་ཧ་ཅང་མང་པོ་ཐེབས་ཡོད།

2 ཁྱད་ཆོས།

ཡིའུ་ཐའེ་མི་ནི་འཛམ་གླིང་གི་ས་ཁུལ་སོ་སོར་འཁྱམ་ནས་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན་ལ། ས་གནས་དེ་གའི་མི་དང་གཉེན་སྡེབ་ནས་ཡོད་པས་ཁོ་ཚོའི་ཤ་མདངས་ལའང་རྣམ་པ་སྣ་ཚོགས་མཆིས་ཏེ། མི་རྒྱུད་དཀར་པོའི་ཡིའུ་ཐའེ་མི་དང་། མི་རྒྱུད་སེར་པོའི་ཡིའུ་ཐའེ་མི། མི་རྒྱུད་ནག་པོའི་ཡིའུ་ཐའེ་མི། ཧིན་རྡུ་དང་ལཱ་མེ་ཏི་ཡའི་ཤ་མདངས་ལྡན་པའི་ཡིའུ་ཐའེ་མི་སོགས་མང་དུ་ཡོད།

སྔོན་པོ་དང་དཀར་པོ་ནི་ཡིའུ་ཐའེ་མི་ཡི་ཁ་དོག་མཚོན་བྱེད་ཡིན་ལ།  འཇར་མན་གྱིས་སྤྱི་ལོ1935ལོར་གཏན་འབེབས་གནང་བའི《ཉིའུ་ལུན་པོ་ཁྲིམས་ལུགས》ཀྱི་དོན་ཚན་བཞི་བར་ཡིའུ་ཐའེ་མི་ཡི་ཁ་དོག་གིས་བཙན་རྒྱལ་རིང་ལུགས་རྒྱལ་ཁབ་གསུམ་པའི་རྒྱལ་དར་མཚོན་མི་ཆོག་ལ་འཇར་མན་གྱི་ཁ་དོག་ཀྱང་མཚོན་མི་ཆོག ཡིའུ་ཐའེ་མི་ཡིས་ཡིའུ་ཐའེ་མི་ཁོ་ནས་ཁ་དོག་མཚོན་དགོས་པ། དཀར་པོ་ནི་བཙན་རྒྱལ་རིང་ལུགས་རྒྱལ་ཁབ་གསུམ་པའི་རྒྱལ་དར་གྱི་ཁ་དོག་ཡིན་ལ་ཡིའུ་ཐའེ་མི་ཡིས་ཁ་དོག་ཀྱང་ཡིན་པས། ཡིའུ་ཐའེ་མི་ཡི་ཁ་དོག་དེ་དཀར་པོ་འཇོག་པར་གཏོར་བརླག་བཟོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-26

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།