སྐྱུག་ལྡད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནོར་ལུགས་སོགས་སྒོ་ཕྱུགས་སེམས་ཅན་གྱི་ཁ་ནང་དུ་ཕྱིར་གཟན་བསྐྱུགས་པ་དག་སླང་ཡང་ཞིབ་མོར་འཆའ་བའི་དོན།
1 ལོ་ཙཱ།

རྒྱ་ཡིག 反刍

དབྱིན་ཡིག chewing cud

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  བ་ལང་སོགས་སྲོགས་ཆགས་གྲོད་པུ་ཅན་གྱིས་རྩྭ་ཆས་རགས་ཙམ་བལྡད་ནས་ཁོང་དུ་མིད་རྗེས་སླར་བསྐྱུགས་ནས་ཟ་བའི་མིང་སྟེ། བ་ལང་གིས་སྐྱུག་ལྡད་བྱེད་ལྟ་བུ།

2.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  མཛོ་གཡག་སོགས་སྒོ་ཕྱུགས་སེམས་ཅན་གྱིས་གཟན་པ་རགས་ཙམ་འཆོས་ནས་གྲོད་པར་མིད་དེ་སླར་ཡང་ཁའི་ནང་དུ་བསྐྱུགས་པ་དེ་ཉིད་ཞིབ་མོར་འཆའ་བ། 反刍。牛羊等动物,在食物入于反刍胃后,复反至口中细嚼。

3.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ①ནོར་ལུག་སོགས་སེམས་ཅན་གྱི་ཁ་ནང་གི་རྩྭ་ལྷག་སོགས་སླར་ཡང་ཞིབ་མོར་འཆའ་བའི་དོན། དཔེར་ན། ནོར་ལུག་ལྷས་ལ་འཁོར་ནས་སྐྱུག་ལྡད་བྱེད་ཀྱིན་འདུག སེམས་ཅན་གྱིས་སྐྱུག་ལྡད་བྱེད་པ། ②ནོར་ལུག་སོགས་སེམས་ཅན་གྱི་ཁ་ནང་དུ་ཕྱིར་གཟན་བསྐྱུགས་པ་དག་སླར་ཡང་ཞིབ་མོར་འཆའ་བའི་དོན། དཔེར་ན། འབྲི་མོས་སྐྱུག་ལྡད་བྱས་ནས་ལྷས་ལ་འཁོར། ལུག་གིས་སྐྱུག་ལྡད་བྱེད་པ་ལྟ་བུ། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-07

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།