ཕ་ལེ་སི་ཐན་གྱི་མི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕ་ལེ་སི་ཐན་གྱི་མི།
ཕ་ལེ་སི་ཐན་གྱི་མི་ནི་ཡ་གླིང་ནུབ་མའི་ཨ་རབ་ཀྱི་མི་རིགས་ཤིག་ཡིན་ལ། སྤྱི་ལོ1948ལོའི་སྔོན་ལ་ཕ་ལེ་སི་ཐན་ས་ཁུལ་གྱི་གཞིས་སྡོད་གྲོང་མི་དང་གཙོ་གྲས་མི་རིགས་ཡིན། ཅོར་ཏན་གྱི་གཙང་བོའི་ནུབ་མའི་འགྲམ་རྒྱུད་དང་ཨ་རབ་ཀྱི་རྒྱལ་ཁབ་གཞན་དག་ནའང་ཡོད། ཕ་ལེ་སི་ཐན་གྱི་མི་ནི་ཨོའུ་ལུའོ་པ་མི་རྒྱུད་ཀྱི་ཏི་ཀྲུང་རྒྱ་མཚོའི་རིགས་སུ་གཏོགས། ཚང་མས་ཨ་རབ་ཀྱི་སྐད་རིགས་སྤྱོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
巴勒斯坦人
ཕྱི་ཡིག་གི་མིང་།
Palestinese
སྐད་རིགས།
ཨ་རབ་སྐད།
མི་རྒྱུད།
ཨོའུ་ལུའོ་པ་མི་རྒྱུད་ཀྱི་ཏི་ཀྲུང་རྒྱ་མཚོའི་རིགས།
ཆོས་ལུགས་དད་མོས།
དབྱི་སི་ལན་ཆོས་ལུགས།
མི་གྲངས།
ཁྲི510(སྤྱི་ལོ2015ལོར)
1 ངོ་སྤྲོད།

ཕ་ལེ་སི་ཐན་གྱི་མི་ནི་ཡ་གླིང་ནུབ་མའི་ཨ་རབ་ཀྱི་མི་རིགས་ཤིག་ཡིན་ལ། སྤྱི་ལོ1948ལོའི་སྔོན་ལ་ཕ་ལེ་སི་ཐན་ས་ཁུལ་གྱི་གཞིས་སྡོད་གྲོང་མི་དང་གཙོ་གྲས་མི་རིགས་ཡིན། ཅོར་ཏན་གྱི་གཙང་བོའི་ནུབ་མའི་འགྲམ་རྒྱུད་དང་ཨ་རབ་ཀྱི་རྒྱལ་ཁབ་གཞན་དག་ནའང་ཡོད། ཕ་ལེ་སི་ཐན་གྱི་མི་ནི་ཨོའུ་ལུའོ་པ་མི་རྒྱུད་ཀྱི་ཏི་ཀྲུང་རྒྱ་མཚོའི་རིགས་ཡིན། ཚང་མས་ཨ་རབ་ཀྱི་སྐད་རིགས་བཀོལ། ཞུན་ཉི་གྲུབ་མཐའ་ལ་དད། སྤྱི་ལོ་སྔོན་གྱི་དུས་རབས20བའི་གཡས་གཡོན་དུ་ཕ་ལེ་སི་ཐན་ས་ཁུལ་ནི་ཅ་ནན་མི་རིགས་ཀྱི་ཕ་ཡུལ་ཡིན། སྤྱི་ལོ་སྔོན་གྱི་དུས་རབས13པར་ཕའེ་ལི་སི་ཏིང་མིའི་མཚོ་ཐོག་ནས་བཙན་འཛུལ་བྱས་ཤིང་རྒྱ་མཚོའི་འགྲམ་རྒྱུད་ས་ཁུལ་ནས་རྒྱལ་ཁབ་བཙུགས། ཕ་ལེ་སི་ཐན་ཞེས་པའི་རྒྱལ་མིང་དུས་དེ་ནས་ཐོགས། རྗེས་ནས་ཅ་ནན་མི་དང་ཕའེ་ལི་སི་ཏིང་གི་མི་གཉིས་མཉམ་བསྲེས་བྱུང་ཤིང་མི་རིགས་གཞན་མང་དག་ཅིག་ཀྱང་ནང་དུ་བསྲེས། སྤྱི་ལོ་སྔོན་གྱི་དུས་རབས14པར། ཞི་པའོ་ལའེ་འབྲོག་དམངས་ཚོ་བ12ཀྱིས་ཅ་ནན་གྱི་ནུབ་རྒྱུད་ས་ཁུལ་དུ་བཙན་འཛུལ་བྱས་ཤིང་། ཅ་ནན་རིག་གནས་ལ་སློབ་སྦྱོང་བྱས་ཤིང་གཏན་སྡོད་བྱས། དེ་སྔའི་དུས་རབས11པའི་མཇུག་ལ་བྱང་ཁུལ་དུ་དབྱི་སི་རལ་རྒྱལ་ཁབ་བཙུགས་ཤིང་ལྷོ་ཁུལ་ནས་ཡིའུ་ཐའེ་རྒྱལ་ཁབ་བཙུགས། དེའི་འཕྲོར་རིམ་བཞིན་ཡ་ཧྲུའུ་དང་པ་པི་ལུན། ཏ་ཟིག་དང་མ་ཆི་ཏུན་བཙན་རྒྱལ་སོགས་ཀྱིས་དབང་བསྒྱུར་བྱས། སྤྱི་ལོ་སྔོན་གྱི་དུས་རབས་དང་པོ་ལ་རོ་མ་བཙན་རྒྱལ་གྱིས་བཙན་འཛུལ་བྱས་ཤིང་། ཡིའུ་ཐའེ་པ་མང་པོ་འཛམ་གླིང་གི་ཡུལ་གྲུ་སོ་སོར་འཁྱམས། དུས་རབས་བདུན་པར་ཕ་ལེ་སི་ཐན་གྱི་གཏན་སྡོད་དམངས་དེ་ཨ་རབ་རང་བཞིན་ཅན་ཏུ་གྱུར་ལ་རིམ་བཞིན་ཕ་ལེ་སི་ཐན་གྱི་མིར་གྱུར། མང་ཤས་ཀྱིས་ཞིང་ལས་གཉེར་ལ། གྲོ་དང་སྲན་མ། དུ་རྩྭ་སོགས་འདེབས་འཛུགས་བྱེད་ལ། ནོར་དང་དྲེལ། རྟ། རྔ་མོང་སོགས་ཀྱང་གསོ། འགའ་རེས་འབྲོག་ལས་ཕྱེད་མའི་ལས་རིགས་གཉེར། ལུག་འཚོ་བ་དང་རྔ་མོང་རེ་འགའ་ཡང་འཚོ་སྐྱོང་བྱེད། བཟའ་བཅའ་གཙོ་བོའི་རིགས་ལ་གོ་རེ་བསྲེགས་མ་དང་ཞོག་ཁོག་ལེབ་མོ། ཞོ་སོགས་ཡོད་ལ། འབྲོག་པའི་འོ་མའི་རིགས་ཀྱི་བཟའ་བཅའ་སྤྱོད། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལྭ་བ་ལ་ཕུ་ཐུང་རིང་བའི་ལྭ་བ་དང་རྐང་སྣམ་ནག་པོ། མགོ་དཀྲིས་དཀར་པོས་མགོ་འགེབས་པར་བྱེད། ཞིང་གྲོང་ནས་མང་ཤས་ཀྱིས་འདམ་གྱི་ཁང་བ་དང་རྩྭ་ཁང་བཟོས་ནས་འདུག་ལ། གྲོང་གསེབ་ནས་ཁང་བ་མང་ཤས་གྱོ་མོས་བཟོས་པ་ཡིན།

2 མི་སྣ།

ཕ་ལེ་སི་ཐན་གྱི་མིའི་ཁྲོད་མི་སྣ་མིང་གྲགས་ཅན་མང་དུ་ཡོད་མོད་། དེའི་ཁྲོད་ཆེས་མཆོག་ཏུ་གྱུར་བ་ནི་ཡ་ཞི་ཨེར﹒ཨ་ལ་ཧྥ་ཐི( Yasser-Arafat )དང་ཞེ་ཧི﹒ཨའེ་ཧ་མའེ་ཏི﹒ཡ་སིན( Ahmed Yassin)གཉིས་ཡིན་ནོ། །


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-02

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།