འོད་ལོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འོད་ལོ།
འོད་ལོ་ནི་སྐར་མའི་གོ་ལའི་བར་གྱི་བར་སྟོང་བར་ཐག་འཇལ་བའི་ཚད་གཞི་ཞིག་སྟེ། སྤྱིར་སྐར་མའི་གོ་ལ་བར་གྱི་བར་སྟོང་བར་ཐག་འཇལ་བ་དང་། ཡིག་ཐོག་གི་ནང་དོན་ལྟར་ན་འོད་དེ་མཁའ་དབྱིངས་ཁྲོད་ཀྱི་དྲང་ཐིག་ཏུ་བརྒྱུད་པའི་ལོ་གཅིག་གི་བར་ཐག་ལ་བྱ། དེ་ཕལ་ཆེར་སྟོང་སྨི་དུང་ཕྱུར94605ཙམ་ཡོད་ལ། དེ་ནི་དུས་ཚོད་དང་འོད་ཀྱི་མྱུར་ཚད་ལས་རྩིས་འོངས་པ་ཡིན། ལོ་ཟེར་བ་ནི་དུས་ཚོད་ཀྱི་ཚད་གཞི་ཞིག་ཡིན་མོད། ཡིན་ཡང་འོད་ལོ་ཟེར་བའི་ལོ་ནི་དུས་ཚོད་ཀྱི་ཚད་གཞི་ཞིག་གཏན་ནས་མིན་ལ། དེ་ནི་གནམ་དཔྱད་རིག་པའི་ཁྲོད་ཀྱི་གནམ་གྱི་གོ་ལའི་བར་ཐག་འཇལ་བྱེད་ཀྱི་ཚད་གཞི་ཞིག་ཡིན། འཇིག་རྟེན་ཁམས་ཆེན་མོའི་ཁྲོད་ཀྱི་སྐར་མའི་གོ་ལ་སོ་སོའི་བར་ཐག་ཧ་ཅང་ཧ་ཅང་རིང་བོ་ཡོད། གལ་ཏེ་ང་ཚོས་རྒྱུན་ལྡན་ནང་བཞིན་སྨི་དང་སྟོང་སྨི། སྤྱི་ལེ་སོགས་ཚད་གཞི་བཞག་ནས་བཀོལ་བ་ཡིན་ན། སྐར་མའི་གོ་ལའི་བར་ཐག་འཇལ་བའི་གྲངས་ཀ་དེ་ཧ་ཅང་རྙོག་འཛིང་དུ་འགྱུར་ཉེན་ཆེ་བས་ན། གནམ་དཔྱད་རིག་པ་བ་རྣམས་ཀྱིས་ཚད་འཇལ་བའི་གཞི་གྲངས་ཞིག་སྟེ་འོད་ལོ་ཞེས་པ་གསར་དུ་གཏན་ལ་ཕབ། དེ་ནི་འོད་ལོ་གཅིག་གི་ནང་དུ་རྒྱུ་བའི་བར་ཐག་ཡིན། བར་ཐག=མྱུར་ཚད×དུས་ཚོད། འོད་ཀྱི་མྱུར་ཚད་སྐར་ཆ་རེ་ལ་ཕལ་ཆེར་སྟོང་སྨི་ཁྲི30(སྐར་ཆ་རེར་སྨི་299.792.458ཡིན)ཡིན་པ་དང་། འོད་ལོ1ནི་ཕལ་ཆེར་སྟོང་སྨི་དུང་ཕྱུར94605ཙམ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
光年
ཕྱི་ཡིག་གི་མིང་།
light-year
མཚན་ཉིད།
སྐར་མའི་གོ་ལའི་བར་གྱི་བར་སྟོང་བར་ཐག་འཇལ་བའི་ཚད་གཞི་ཞིག
གྲངས་འབོར།
སྨི9460730472580800
བསྡུས་འབྲི།
l.y.
1 ངོ་སྤྲོད།

འོད་ལོ་ནི་སྐར་མའི་གོ་ལའི་བར་གྱི་བར་སྟོང་བར་ཐག་འཇལ་བའི་ཚད་གཞི་ཞིག་སྟེ། སྤྱིར་སྐར་མའི་གོ་ལ་བར་གྱི་བར་སྟོང་བར་ཐག་འཇལ་བ་དང་། ཡིག་ཐོག་གི་ནང་དོན་ལྟར་ན་འོད་དེ་མཁའ་དབྱིངས་ཁྲོད་ཀྱི་དྲང་ཐིག་ཏུ་བརྒྱུད་པའི་ལོ་གཅིག་གི་བར་ཐག་ལ་བྱ། དེ་ཕལ་ཆེར་སྟོང་སྨི་དུང་ཕྱུར94605ཙམ་ཡོད་ལ། དེ་ནི་དུས་ཚོད་དང་འོད་ཀྱི་མྱུར་ཚད་ལས་རྩིས་འོངས་པ་ཡིན།

ལོ་ཟེར་བ་ནི་དུས་ཚོད་ཀྱི་ཚད་གཞི་ཞིག་ཡིན་མོད། ཡིན་ཡང་འོད་ལོ་ཟེར་བའི་ལོ་ནི་དུས་ཚོད་ཀྱི་ཚད་གཞི་ཞིག་གཏན་ནས་མིན་ལ། དེ་ནི་གནམ་དཔྱད་རིག་པའི་ཁྲོད་ཀྱི་གནམ་གྱི་གོ་ལའི་བར་ཐག་འཇལ་བྱེད་ཀྱི་ཚད་གཞི་ཞིག་ཡིན། འཇིག་རྟེན་ཁམས་ཆེན་མོའི་ཁྲོད་ཀྱི་སྐར་མའི་གོ་ལ་སོ་སོའི་བར་ཐག་ཧ་ཅང་ཧ་ཅང་རིང་བོ་ཡོད། གལ་ཏེ་ང་ཚོས་རྒྱུན་ལྡན་ནང་བཞིན་སྨི་དང་སྟོང་སྨི། སྤྱི་ལེ་སོགས་ཚད་གཞི་བཞག་ནས་བཀོལ་བ་ཡིན་ན། སྐར་མའི་གོ་ལའི་བར་ཐག་འཇལ་བའི་གྲངས་ཀ་དེ་ཧ་ཅང་རྙོག་འཛིང་དུ་འགྱུར་ཉེན་ཆེ་བས་ན། གནམ་དཔྱད་རིག་པ་བ་རྣམས་ཀྱིས་ཚད་འཇལ་བའི་གཞི་གྲངས་ཞིག་སྟེ་འོད་ལོ་ཞེས་པ་གསར་དུ་གཏན་ལ་ཕབ། དེ་ནི་འོད་ལོ་གཅིག་གི་ནང་དུ་རྒྱུ་བའི་བར་ཐག་ཡིན། བར་ཐག=མྱུར་ཚད×དུས་ཚོད། འོད་ཀྱི་མྱུར་ཚད་སྐར་ཆ་རེ་ལ་ཕལ་ཆེར་སྟོང་སྨི་ཁྲི30(སྐར་ཆ་རེར་སྨི་299.792.458ཡིན)ཡིན་པ་དང་། འོད་ལོ1ནི་ཕལ་ཆེར་སྟོང་སྨི་དུང་ཕྱུར94605ཙམ་ཡིན།

2 རྩ་བའི་རིག་པ། 

འོད་ལོ་ནི་སྤྱིར་བཏང་གི་བར་ཐག་ཧ་ཅང་ཆེ་བའི་རིགས་ལ་སྤྱོད་པ་ཡིན། དཔེར་ན་ཉི་མ་དང་བརྟན་སྐར་གཞན་ཞིག་གི་བར་ཐག་ལྟ་བུ། འོད་ལོ་ནི་དུས་ཚོད་ཀྱི་ཚད་གཞི་མིན།  གནམ་དཔྱད་རིག་པའི་ཁྲོད་སྐར་ཆའི་བར་ཁྱད་ནི་རྒྱུན་བཀོལ་གྱི་བར་ཐག་བརྩི་བའི་ཚད་གཞི་གཞན་ཞིག་ཡིན་ཞིང་།   སྐར་ཆའི་བར་ཁྱད་གཅིག་ནི་འོད་ལོ3.26ཡིན།

གལ་ཏེ་འཛམ་གླིང་སྟེང་ཆེས་མགྱོགས་པའི་གནམ་གྲུ་སྟེ་དུས་ཚོད་རེར་སྟོང་སྨི11260ལྷག་ལ་འཕུར་ཐུབ་པ་ཡིན་ན(སྤྱི་ལོ2004ལོའི་ཟླ11པའི་ཚེས16ཉིན། ཨ་མེ་རི་ཁའི་མཁའ་བསྐྱོད་གནམ་གྲུ(NASA)ཟེར་བ་དེའི་ཆེས་མགྱོགས་པའི་མྱུར་ཚད་ཟིན་ཐོ་ནི་ཆུ་ཚོད་རེར་སྟོང11260ཡིན)   འདི་འདྲའི་མྱུར་ཚད་ལྟར་ན། འོད་ལོ་གཅིག་བརྒལ་བའི་བར་ཐག་ལ་ལོ་ངོ95848ཙམ་དགོས་པ་རེད། ཡིན་ཡང་རྒྱུན་ལྡན་མཁའ་གྲུའི་མྱུར་ཚད་ཆེས་མགྱོགས་ནའང་ཆུ་ཚོད་རེར་སྟོང་སྨི885ཙམ་ཡིན་པས། འདི་ལྟར་འཕུར་ན་འོད་ལོ་གཅིག་ལ་ལོ་ངོ1220330དགོས་པ་རེད། མིག་སྔར་མིས་བཟོས་པའི་ཆེས་མགྱོགས་པའི་དངོས་པོ་ནི་སྤྱི་ལོ1970ཡི་ལོར་འཇར་མན་མཉམ་འབྲེལ་རྒྱལ་ཁབ་དང་ཨ་མེ་རི་ཁNASAམཉམ་འབྲེལ་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་བཟོས་ཤིང་བཏང་བའི་སྲུང་སྐརHelio-2ཞེས་པ་དེ་ཡིན། འདིའི་ཆེས་མགྱོགས་པའི་མྱུར་ཚད་ནི་སྐར་ཆ་རེ་ལ་སྟོང་སྨི70.22(དུས་ཚོད་རེར་སྟོང་སྨི252792ཡིན)ལྟར་དུ་འཕུར་ན་འོད་ལོ་གཅིག་གི་བར་ཐག་ནི་ཕལ་ཆེར་ལོ་ངོ4000གི་དུས་ཡིན་རེད། 


བརྡ་འགྲེལ་གདོང་འཛར།

རང་བྱུང་ཁམས། བརྟན་སྐར། འོད་ལོ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-27

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།