དྲ་རྒྱའི་ལག་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲ་རྒྱའི་ལག་རྩལ།
ཆ་འཕྲིན་ལག་རྩལ་ནི་ལོ་རབས་དགུ་བཅུའི་དཀྱིལ་དུ་འཕེལ་རྒྱས་སོང་བའི་ལག་རྩལ་གསར་བ་ཞིག་ཡིན། དེས་སྦྲེལ་རེས་དྲ་རྒྱའི་སྟེང་ཁ་ཐོར་དུ་སོང་བའི་ཐོན་ཁུངས་རྡོག་པོ་གཅིག་ཏུ་མཉམ་འདྲེས་བྱས་ཤིང་། ཐོན་ཁུངས་ཀྱི་ཁྱོན་ཡོངས་ནས་མཉམ་སྤྱོད་དང་ཕན་ཚུན་མཐུན་སྦྱོར་མངོན་འགྱུར་བྱས་ཏེ། མི་རྣམས་ཀྱིས་མངོན་གསལ་གྱི་སྒོ་ནས་ཐོན་ཁུངས་བེད་སྤྱོད་བྱེད་པའི་སྤྱི་ཡོངས་ཀྱི་ནུས་པ་དང་། དགོས་མཁོ་ལྟར་ཆ་འཕྲིན་ཐོབ་ཐབས་བྱེད་པ། ཐོན་ཁུངས་ལ་ནུས་ཆེའི་རྩིས་འཁོར། གསོག་འཇོག་ཐོན་ཁུངས། གཞི་གྲངས་ཐོན་ཁུངས། ཆ་འཕྲིན་ཐོན་ཁུངས། ཤེས་བྱའི་ཐོན་ཁུངས། ཆེད་མཁས་པའི་ཐོན་ཁུངས། གཞི་གྲངས་མཛོད་ཆེ་གྲས། དྲ་རྒྱ། ཚོར་འདྲེན་ཆས་སོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
网络技术
ཕྱི་ཡིག་གི་མིང་།
network technique
དར་བའི་དུས་ཚོད།
ལོ་རབས90པའི་དུས་དཀྱིལ་དུ་འཕེལ་རྒྱས་བྱུང་བ།
བྱེད་ནུས།
ཐོན་ཁུངས་ཀྱི་ཁྱོན་ཡོངས་ནས་མཉམ་སྤྱོད་དང་ཕན་ཚུན་མཐུན་སྦྱོར།
1 དངོས་སྦྱོང་རྣམ་གྲངས།

1.ཁྱིམ་ཚང་དྲ་རྒྱའི་ལས་གཞི།

2.གཞུང་ལས་དྲ་རྒྱའི་ལས་གཞི།

3.སྨན་ཁང་དྲ་རྒྱའི་ལས་གཞི།

4.སྒོ་རྩིས་ཚོང་ཁང་གི་དྲ་རྒྱའི་ལས་གཞི།

5.སློབ་གྲྭའི་དྲ་བ་འཛུགས་པའི་རྣམ་གྲངས།

2 གཞི་རྩའི་ལག་རྩལ།

དྲ་རྒྱའི་འགག་རྩའི་ལག་རྩལ་ལ་དྲ་རྒྱའི་མདུད་ཚེག ཐགས་ཡངས་དྲ་རྒྱའི་རྒྱུད་ཁོངས། ཐོན་ཁུངས་དོ་དམ་དང་ལས་འགན་བཀོད་གཏོང་ཡོ་བྱད། ཉེར་སྤྱོད་བང་རིམ་གྱི་མཐོང་རུང་ཅན་གྱི་ཡོ་བྱད་བཅས་ཡིན།

3 བྱེད་ལས་གཙོ་བོ།

སྤྱི་བཏང་དུ་བཤད་ན །རྩིས་འཁོར་དྲ་རྒྱར་གཤམ་གྱི་བྱེད་ལས་གཙོ་བོ་འགའ་འདོན་སྤྲོད་བྱེད་ཆོག

1.ཐོན་ཁུངས་མཉམ་སྤྱོད།

དྲ་རྒྱ་བྱུང་བས་ཐོན་ཁུངས་མཉམ་སྤྱོད་བྱེད་པར་སྟབས་བདེ་ཆེན་པོ་བསྐྲུན་ཡོད་ལ། སྤེལ་རེས་བྱེད་མཁན་ཕྱོགས་གཉིས་དུས་ཁོངས་བཀག་རྒྱ་ལས་བརྒལ་ཏེ་ག་ས་གང་དུ་ཆ་འཕྲིན་བརྒྱུད་སྤྲོད་བྱེད་ཆོག

2.ཆ་འཕྲིན་བརྒྱུད་གཏོང་དང་གཅིག་བསྡུས་སྒྲིག་གཅོད།

གཞི་གྲངས་ནི་དྲ་རྒྱར་བརྟེན་ནས་ཞབས་ཞུ་ཆས་ཁྲོད་དུ་བརྒྱུད་སྤྲོད་བྱེད་པ་དང་། ཞབས་ཞུ་ཆས་གཅིག་བསྡུས་སྒྲིག་བྱས་རྗེས་ཕྱིར་མཐའ་སྣེ་ལ་སྐུར་བ་རེད།

3.ཁུར་པོ་དོ་མཉམ་དང་ཁྱབ་ཚུལ་སྒྲིག་གཅོད།

ཁུར་པོ་དོ་མཉམ་དེ་ཡང་དྲ་རྒྱའི་ཁྱད་ཆོས་ཆེན་པོ་ཞིག་ཡིན།

4.ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུ།

དྲ་རྒྱའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེ་གྲས་ནི་རྩ་མང་ཅན་ཞིག་སྟེ། རྒྱུད་ཁོངས་སྟེང་འདོན་སྤྲོད་འདུས་གྲུབ་བྱས་པའི་ཆ་འཕྲིན་ཞབས་ཞུ་ཆ་ཚང་ཞིག་དང་། དེའི་ནང་དུ་ཆབ་སྲིད་དང་དཔལ་འབྱོར་སོགས་ལས་ཐོན་པའི་ཕྱོགས་སྣ་ཚོགས་ཀྱི་ཐོན་ཁུངས། ཐ་ན་དུས་མཚུངས་སུ་ད་དུང་འདོན་སྤྲོད་བྱས་པའི་སྨྱན་མང་གཟུགས་ཀྱི་ཆ་འཕྲིན་དང་། དཔེར་ན། བརྙན་རིས། སྒྲ། འགུལ་རིས་སོགས་ཡོད།



དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། དྲ་རྒྱ། IT
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-01

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།