མཐའ་སྐར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཐའ་སྐར།
འཁོར་སྐར་བསྐོར་ནས་འཁོར་བསྐྱོད་བྱེད་པ་ལ་མཐའ་སྐར་ཟེར། སྐར་མ་གནམ་སྤྱང་གི་མཐའ་སྐར་ཏེ་སྐར་མβནི་མིའི་རིགས་ཀྱིས་ཤེས་རྟོགས་བྱུང་བའི་ཆེས་སྔ་བའི་དུས་ཀྱི་བརྟན་སྐར་ཆུང་བ་དཀར་པོ་ཡིན་ཞིང་། དེའི་བོངས་ཚད་ཆུང་ཞིང་སའི་གོ་ལ་དང་ཕལ་ཆེར་འདྲ། མིག་གིས་མཐོང་མི་ཐུབ་མོད། ཡིན་ཡང་སྟུག་ཚད་ཧ་ཅང་ཆེ་ཞིང་སྐར་མ་ལྷག་པ་ལས་ལྡབ་ཁྲི་གསུམ་ཙམ་གྱིས་ཆེ་བ་ཡོད། སྤུས་ཚད་ཉི་མ་དང་ཕལ་ཆེར་འདྲ་བོ་ཡོད། སྐར་མ་འདི་སྤྱི་ལོ1862ལོར་གནམ་དཔྱད་རིག་པ་བས་རྒྱང་མཐོང་སྤྱད་ནས་མཐོང་བ་ཡིན་ལ། སྤྱི་ལོ1915ལོར་དངོས་སུ་བརྟན་སྐར་ཆུང་བ་དཀར་པོའི་ཐོབ་ཐང་ཐག་གིས་བཅད། དེ་ནས་བཟུང་གནམ་དཔྱད་རིག་པའི་ཁོངས་ནས་གོ་གནས་གལ་ཆེན་ཟིན། ཉུང་མཐར་ཡང་ལོ་ངོ་ཆིག་སྟོང་ཉིས་བརྒྱ་ལྷག་གི་ཡར་སྔོན་དུ། ཧྥེ་གླིང་གི་མ་ལི་ཡི་ཚོ་བ་ལ་ལས་སྐར་མ་འདི་ལ་མཆོད་པ་བྱེད་མགོ་བརྩམས་ལ། དེའི་བོངས་ཚད་དང་སྟུག་ཚད། རྒྱུ་སྐར་འཁོར་ལམ་ཀྱི་རྣམ་པ་དང་དེས་སྐར་མ་གནམ་སྤྱང་ལ་འཁོར་བའི་དུས་ཡུན(སའི་གོ་ལའི་ལོ་བཞི་ཅུ་ཞེ་དགུ)སོགས་ཀྱང་ཤེས་ཡོད། འདི་དག་གདོད་མའི་ཚོ་བ་འདིས་ཤིང་བརྐོས་དང་ལྡེབས་རིས། འཁལ་འཐག་དངོས་རྫས་སོགས་ཀྱི་སྟེང་དུ་བཀོད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
伴星
འགྲེལ་བ།
སྐར་མ་གནམ་སྤྱང་གི་མཐའ་སྐར་ཏེ་སྐར་མβ
ཁྱད་ཆོས།
བོངས་ཚད་ཧ་ཅང་ཆུང་བ་དང་སྟུག་ཚད་ཤིན་ཏུ་ཆེ།
གཏན་འབེབས་ཀྱི་དུས་ཚོད།
སྤྱི་ལོ1915ལོ།
ཁོངས་གཏོགས།
བརྟན་སྐར་ཆུང་བ་དཀར་པོ།
སྤུས་ཚད།
ཉི་མའི་སྤུས་ཚད་དང་འདྲ།
1 ངོ་སྤྲོད།

འཁོར་སྐར་བསྐོར་ནས་འཁོར་བསྐྱོད་བྱེད་པ་ལ་མཐའ་སྐར་ཟེར།  སྐར་མ་གནམ་སྤྱང་གི་མཐའ་སྐར་ཏེ་སྐར་མβནི་མིའི་རིགས་ཀྱིས་ཤེས་རྟོགས་བྱུང་བའི་ཆེས་སྔ་བའི་དུས་ཀྱི་བརྟན་སྐར་ཆུང་བ་དཀར་པོ་ཡིན་ཞིང་། དེའི་བོངས་ཚད་ཆུང་ཞིང་སའི་གོ་ལ་དང་ཕལ་ཆེར་འདྲ། མིག་གིས་མཐོང་མི་ཐུབ་མོད། ཡིན་ཡང་སྟུག་ཚད་ཧ་ཅང་ཆེ་ཞིང་སྐར་མ་ལྷག་པ་ལས་ལྡབ་ཁྲི་གསུམ་ཙམ་གྱིས་ཆེ་བ་ཡོད། སྤུས་ཚད་ཉི་མ་དང་ཕལ་ཆེར་འདྲ་བོ་ཡོད། སྐར་མ་འདི་སྤྱི་ལོ1862ལོར་གནམ་དཔྱད་རིག་པ་བས་རྒྱང་མཐོང་སྤྱད་ནས་མཐོང་བ་ཡིན་ལ། སྤྱི་ལོ1915ལོར་དངོས་སུ་བརྟན་སྐར་ཆུང་བ་དཀར་པོའི་ཐོབ་ཐང་ཐག་གིས་བཅད། དེ་ནས་བཟུང་གནམ་དཔྱད་རིག་པའི་ཁོངས་ནས་གོ་གནས་གལ་ཆེན་ཟིན། ཉུང་མཐར་ཡང་ལོ་ངོ་ཆིག་སྟོང་ཉིས་བརྒྱ་ལྷག་གི་ཡར་སྔོན་དུ། ཧྥེ་གླིང་གི་མ་ལི་ཡི་ཏུའོ་ཀེན་ཚོ་བ་ལ་ལས་སྐར་མ་འདི་ལ་མཆོད་པ་བྱེད་མགོ་བརྩམས་ལ། དེའི་བོངས་ཚད་དང་སྟུག་ཚད། རྒྱུ་སྐར་འཁོར་ལམ་ཀྱི་རྣམ་པ་དང་དེས་སྐར་མ་གནམ་སྤྱང་ལ་འཁོར་བའི་དུས་ཡུན(སའི་གོ་ལའི་ལོ་བཞི་ཅུ་ཞེ་དགུ)སོགས་ཀྱང་ཤེས་ཡོད། འདི་དག་གདོད་མའི་ཚོ་བ་འདིས་ཤིང་བརྐོས་དང་ལྡེབས་རིས། འཁལ་འཐག་དངོས་རྫས་སོགས་ཀྱི་སྟེང་དུ་བཀོད་ཡོད།

2 ངག་རྒྱུན། 

ངག་རྒྱུན་དུ་མིང་ལ་ནུའོ་མོ་ཟེར་བའི་ལྷ་ཞིག་ཡོད་པ་དེས་སྐར་མ་གནམ་སྤྱངβདང་འབྲེལ་བ་ཡོད་པའི་ཤེས་བྱ་མཐའ་དག་ཏུའོ་ཀེན་མི་ལ་བསྩལ་ཞིང་། ཏུའོ་ཀེན་མི་རྣམས་ཀྱིས་ཀྱང་རི་མོ་ཞིག་བསོག་འཇོག་བྱས་ནས་བཞག རི་མོའི་ངོས་སུ་ཁོ་ཚོའི་དད་པའི་ལྷ་དེ་མེ་སྟག་མཆེད་པའི་འཕུར་གྲུ་ཞིག་གི་སྟེང་དུ་བསྡད་ཡོད་ཅིང་། གནམ་ནས་ཏུའོ་ཀེན་ཚོ་བར་བབས་པ་ཞིག་བྲིས་འདུག དེ་ནས་མི་རྣམས་ཀྱིས་ནུའོ་མོ་ཟེར་བ་དེ་སྐར་མ་གནམ་སྤྱང་β(ཡང་ན་དེ་དང་འབྲེལ་ཡོད་ཀྱི་སྐར་མ་ཞིག) ཡི་ཐོག་ནས་སའི་གོ་ལར་སླེབས་པའི་གོ་ལ་གཞན་གྱི་མི་ཞིག་ཡིན་པར་ཚོད་དཔག་བྱས་སོ། །

3 ཤེས་རྟོགས་ཆེན་པོ། 

སྐར་མ་གནམ་སྤྱང་གི་མཐའ་སྐར་ཏེ་སྐར་མβགླེང་དུས་གོང་གི་གཏམ་རྒྱུད་འདི་མི་བཤད་ཐུ་མེད་རེད། རྒྱུ་མཚན་ནི་མི་རྣམས་ཀྱིས་ཤེས་རྟོགས་བྱུང་བའི་དོན་དག་གལ་བོ་ཆེ་མང་པོ་ཞིག་ནི། ཏག་ཏག་དོན་དག་ཕྲན་བུ་འདི་དག་ནས་མགོ་བརྩམས་ཏེ་འོངས་བ་ཡིན་ནོ། །

སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སུ། ཀྲུང་གོའི་ཐང་རྒྱལ་རབས་ཀྱི་གནམ་དཔྱད་རིག་པ་བ་དབྱེ་ཞིང་གིས་ཁོང་གི་ལྟ་ཞིབ་དང་གནའ་བོའི་ཟིན་ཐོ་བསྡུར་ཏེ་ཤེས་པ་ནི། སྐར་མ་དེ་དག་གི་གནས་ཡུལ་ལ་འགྱུར་ལྡོག་ཡོད་པ་དེ་རེད། ལོ་ངོ་ཆིག་སྟོང་ལྷག་གི་རྗེས་ཀྱི་དུས་རབས་བཅོ་བརྒྱད་པར། དབྱིན་ཇིའི་ཧ་ལེ་ཟེར་བ་དེས་ཀྱང་རང་ངོས་ནས་སྣང་ཚུལ་འདི་མཐོང་། མ་གཞི་གཏན་དུ་མི་འགུལ་བ་དང་མི་འགྱུར་བའི་བརྟན་སྐར་འདི་ལ་མི་རྣམས་ཀྱིས་མིང་བཏགས་པ་ནོར་འདུག གནམ་ཀྱི་སྐར་མ་ནི་འགུལ་སྐྱོད་དང་འགྱུར་བ་འབྱུང་གི་ཡོད། སྤྱི་ལོ1834ལོར། གནམ་དཔྱད་རིག་པ་བ་ཞིག་གིས་སྐར་མ་གནམ་སྤྱང་གི་འགུལ་སྐྱོད་དེ་ཅུང་ཁྱད་མཚར་ཞིག་ཡིན་པ་རྟོགས། དེ་ནི་བརྟན་སྐར་གཞན་དང་མི་འདྲ་བར་དྲང་ཐིག་གཅིག་གི་སྟེང་ནས་རིམ་བཞིན་སྤོ་འགུལ་བྱེད། ཁོས་ད་དུང་ཐག་བཅད་པ་ནི། སྐར་མ་གནམ་སྤྱང་འདི་སྐར་མ་གཅིག་མ་ཡིན་པར། སྐར་མ་ཆ་སྡོད་མ་ལག་ཅིག་ཡིན་ལ། སྐར་མ་གཞན་དེ་ནི་མཐོང་མི་ཐུབ་པའི་མཐའ་སྐར་ཞིག་ཡིན་པའང་བརྗོད་ཡོད། སྤྱི་ལོ1862ལོར་ཐོན་པ་ན་ད་གཟོད་མཐོང་མི་ཐུབ་པའི་མཐའ་སྐར་འདི་རྒྱང་ཤེལ་ལས་མཐོང་ཐུབ་སོང་ངོ་། །


བརྡ་འགྲེལ་གདོང་འཛར།

རང་བྱུང་ཁམས། བརྟན་སྐར། མཐའ་སྐར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-24

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།