ཆ་འཕྲིན་ལས་སྣོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆ་འཕྲིན་ལས་སྣོན་ནི་འཚོལ་བསྡུ་བྱས་པའི་ཆ་འཕྲིན་ལ་རྫུན་སྤངས་བདེན་འཛིན་དང་སྙིགས་དོར་བཅུད་ལེན། ཕྱི་ནས་ནང་དང་འདི་ལས་དེ་ཤེས་པའམ་གཅིག་ཤེས་ཀུན་གྲོལ་གྱི་ལས་སྣོན་བརྒྱུད་རིམ་ཞིག་ཡིན། དེ་ནི་སྔར་གྱི་ཆ་འཕྲིན་རྨང་གཞིའི་སྟེང་དུ། ཐོན་སྐྱེད་བྱས་པའི་རིན་ཐང་གི་ཚད་མཐོ་བ་དང་སྤྱོད་མཁན་གྱི་བཀོལ་བདེ་བའི་རིམ་པ་གཉིས་པའི་བྱེད་སྒོའི་བརྒྱུད་རིམ་ཡིན། བརྒྱུད་རིམ་འདི་ཡིས་ཆ་འཕྲིན་གནས་ཐང་འཕར་སྣོན་བྱུང་བ་དང་། ཆ་འཕྲིན་ལ་འོས་འཚམ་གྱིས་སྒྲིག་གཅོད་བྱས་པའི་རྨང་གཞིའི་སྟེང་དུ། ད་གཟོད་གསར་ཞིང་། ཐབས་ཇུས་སློབ་སྟོན་དུ་འཛིན་པའི་ནུས་ལྡན་ཆ་འཕྲིན་ནམ་ཡང་ན། ཤེས་བྱ་ཐོན་སྐྱེད་བྱེད་ཐུབ་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
信息加工
1 ནང་དོན།

1.ཆ་འཕྲིན་གྱི་ལེགས་འདེམས་་དང་དབྱེ་འབྱེད། གདོད་མའི་ཆ་འཕྲིན་འབོར་ཆེན་ཁྲོད་དུ། ཆ་འཕྲིན་རྫུན་མ་དང་ཆ་འཕྲིན་རྫུས་མ་འགའ་ཤས་ཡོད་རྒྱུ་ནི་གཡོལ་ཐབས་མེད་པ་ཞིག་རེད། གཟབ་ནན་གྱིས་ཆ་འཕྲིན་ལེགས་འདེམས་དབྱེ་འབྱེད་བྱས་ཚེ། ད་གཟོད་ཆ་འཕྲིན་རྫུན་མ་དག་སྔོན་འགོག་བྱ་ཐུབ།

2.ཆ་འཕྲིན་རིགས་དབྱེ་དང་རིམ་སྒྲིག འཚོལ་བསྡུ་བྱས་པའི་ཆ་འཕྲིན་ནི་ཐོག་མའི་རྣམ་པ་ཅན་དང་། ཐར་ཐོར་དང་ཁེར་རྐྱང་གི་ཆ་འཕྲིན་ཡིན། ཆ་འཕྲིན་འདི་དག་ལ་རིགས་དབྱེ་དང་རིམ་སྒྲིག་བྱས་ཚེ། ད་གཟོད་གསོག་འཇོག དཔྱད་འཚོལ། བརྒྱུད་སྤེལ་དང་བེད་སྤྱོད་བྱེད་ཆོག

3.ཆ་འཕྲིན་གྱི་དབྱེ་ཞིབ་དང་ཞིབ་འཇུག རིགས་དབྱེ་དང་རིམ་སྒྲིག་བྱས་པའི་ཆ་འཕྲིན་ལ་དབྱེ་ཞིབ་དང་བསྡུར་བ། ཞིབ་འཇུག་རྩིས་རྒྱག་བྱས་ཚེ །ཆ་འཕྲིན་ལ་བེད་སྤྱོད་རིན་ཐང་སྔར་ལས་ཆེ་ཞིང་ཐ་ན་ཆ་འཕྲིན་གསར་བ་ཆགས་པར་བྱེད་ཆོག

2 མཉམ་འཇོག་བྱ་ཡུལ།

ཆ་འཕྲིན་ལས་སྣོན་བྱེད་པའི་གོ་རིམ་ཁྲོད་དུ་གཤམ་གྱི་གཉིས་ལ་མཉམ་འཇོག་བྱ་དགོས།

1.ཆ་འཕྲིན་ལས་སྣོན་ལ་གསར་གཏོད་རང་བཞིན་གྱི་བསམ་གཞིགས་སྤྱོད་མཁས་པོ་བྱ་དགོས། ཆ་འཕྲིན་ནང་དོན་ལ་ངེས་གཤིས་དབྱེ་ཞིབ་དང་ངེས་ཚད་དབྱེ་ཞིབ་བྱ་དགོས་ལ། དེའི་ཁྲོད་ནས་ངོ་བོའི་ཆོས་ཉིད་ལྡན་པའི་རིགས་བཙལ་དགོས།

2.ཆ་འཕྲིན་ལས་སྣོན་གྱི་གོ་རིམ་ཁྲོད་དུ། དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་ཆ་འཕྲིན་ལས་སྣོན་དང་ལེགས་སྒྲིག་བྱེད་དགོས། རང་སྣང་འོལ་ཚོད་ཀྱིས་ཁ་ཚོན་བཅད་ནས། དུས་ཚོད་མི་འདྲ་བ་དང་བར་སྟོང་མི་འདྲ་བ། ངོ་བོ་མི་འདྲ་བའི་ཆ་འཕྲིན་བཙན་གྱིས་ལྷུ་སྒྲིག་བྱས་ཏེ། ཆ་འཕྲིན་ལ་རྣལ་ཉམས་ཤོར་བ་ནན་འགོག་བྱེད་པ་དང་། མིས་བཟོས་པའི་སྒྲོ་འདོགས་ཀྱི་ཁྱབ་ཆུང་དུ་གཏོང་བ། ཡང་ན་ལས་སྣོན་ཁྲོད་དུ་ཕྱི་རོལ་ཡུལ་གྱི་བྱ་དོངས་ཀྱི་ངོ་བོ་འགྱུར་ལྡོག་འགྱུར་བར་ནན་འགོག་བྱེད་དགོས།

3 རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་།

ཆ་འཕྲིན་ལས་སྣོན་གྱི་རིགས་པའི་གཞུང་ལུགས་ཀྱི་ཁོངས་གཏོགས་ལ་ངོས་འཛིན་བྱེད་པ་ནི། ཕལ་ཆེར་གཤམ་གྱི་རིགས་གསུམ་དུ་དབྱེ་ཆོག་སྟེ།

1.གྲངས་ལུགས་སྡོམ་རྩིས་དབྱེ་ཞིབ་ལ་ཕྱོགས་པའི་ཆ་འཕྲིན་སྨྲ་བ།

2.རྩིས་འཁོར་ལད་ཟློས་ལ་ཕྱོགས་པའི་ཆ་འཕྲིན་ལས་སྣོན་གྱི་རིགས་པའི་གཞུང་ལུགས།

3.དོན་དངོས་ཀྱི་ཉེར་སྤྱོད་ལ་ཕྱོགས་པའི་ཤེས་རྟོགས་ཆ་འཕྲིན་ལས་སྣོན་གྱི་རིགས་པའི་གཞུང་ལུགས།

4 བྱེད་ཐབས།

དམིགས་འབེན་མི་འདྲ་བར་གཞིགས་ནས་སྒྲིག་གཅོད་བྱེད་པ་དང་། ཆ་འཕྲིན་ལས་སྣོན་ལ་རམ་འདེགས་བྱེད་པའི་བྱེད་ཐབས་ཤིན་ཏུ་མང་བོ་ཡོད། མདོར་བསྡུས་ན་རིགས་ཆེན་པོ་ལྔ་ཡོད་དེ།

1.བསྡོམས་རྩིས་སློབ་སྦྱོང་བྱེད་ཐབས།

2.འཕྲུལ་ཆས་སློབ་སྦྱོང་བྱེད་ཐབས།

3.ངེས་གཏན་མེད་པའི་རང་བཞིན་གྱི་གཞུང་ལུགས།

4.མཐོང་རུང་ཅན་གྱི་ལག་རྩལ།

5.གཞི་གྲངས་མཛོད་ཀྱི་ལག་རྩལ།



དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། དྲ་རྒྱ། གཞན་དག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-27

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།