ཆ་འཕྲིན་ཐོན་ཁུངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆ་འཕྲིན་ཐོན་ཁུངས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཆ་འཕྲིན་བྱེད་སྒོའི་ཁྲོད་དུ་བསགས་པའི་ཆ་འཕྲིན་ལྟེ་ཉིང་བྱེད་པའི་རིགས་སྣ་ཚོགས་ཀྱི་ཆ་འཕྲིན་བྱེད་སྒོའི་རྒྱུ་རྐྱེན(ཆ་འཕྲིན་ལག་རྩལ། སྒྲིག་ཆས། སྒྲིག་བཀོད། ཆ་འཕྲིན་ཐོན་སྐྱེད་མཁན་སོགས)གྱི་ཚོགས་སྤྱི་ཡིན། ཆ་འཕྲིན་ཐོན་ཁུངས་མིང་ཚིག་དེ་ཐོག་མར་ཝོ་ལུའོ་ཨེར་ཁུ་ཡི<<ཁ་ན་ཏའི་ཆ་འཕྲིན་ཐོན་ཁུངས>>ལས་བྱུང་བ་རེད། ཆ་འཕྲིན་ཐོན་ཁུངས་ནི་ཁེ་ལས་ཐོན་སྐྱེད་དང་དེ་བཞིན་དོ་དམ་བརྒྱུད་རིམ་ཁྲོད་དུ་འབྲེལ་ཡོད་ཀྱི་ཡིག་ཆ་ཡོད་ཚད་དང་དཔྱད་གཞིའི་ཡིག་རིགས། དཔེ་རིས་དང་གཞི་གྲངས་སོགས་ཆ་འཕྲིན་གྱི་སྤྱི་མིང་ཡིན། དེ་ཁེ་ལས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་སྒོའི་བརྒྱུད་རིམ་ནང་ཐོན་སྐྱེད་བྱས་པ་དང་། རེག་ཐབས། ཐག་གཅོད། གསོག་འཇོག བརྒྱུད་གཏོང་དང་བེད་སྤྱོད་ཀྱི་ཆ་འཕྲིན་ཐོན་ཁུངས་ཡོད་ཚད་ལ་འབྲེལ་ནས། ཁེ་ལས་དོ་དམ་གྱི་བརྒྱུད་རིམ་ཡོངས་ལ་ཁྱབ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
信息资源
ཕྱི་ཡིག་གི་མིང་།
Information Resources
རྩོམ་པ་པོ།
ཝོ་ལུའོ་ཨེར་ཁུ།
དོན་འགྲེལ།
ཡིག་ཆ། དཔྱད་གཞི་དང་དཔེ་རིས་གྲངས་གཞི་སོགས་ཆ་འཕྲིན་གྱི་སྤྱི་མིང་ཡིན།
ཡོངས་ཁུངས།
<<ཁ་ན་ཏའི་ཆ་འཕྲིན་ཐོན་ཁུངས>>
1 ཁྱད་ཆོས་གཙོ་བོ།

1.ཆ་འཕྲིན་ཐོན་ཁུངས་དང་རང་བྱུང་ཐོན་ཁུངས། དངོས་པོའི་ཐོན་ཁུངས་བསྡུར་ཚེ། གཤམ་གྱི་ཁྱད་ཆོས་འགའ་ཡོད་པ་རེད།

(1)བསྐྱར་ཟློས་ཀྱིས་བཀོལ་སྤྱོད་བྱེད་ཐུབ་པ་དང་། དེའི་རིན་ཐང་དེ་བཀོལ་སྤྱོད་ཁྲོད་དུ་མཚོན་ཡོད།

(2)ཆ་འཕྲིན་ཐོན་ཁུངས་ཀྱི་བེད་སྤྱོད་ལ་དམིགས་འབེན་ཁྲིད་སྟོན་བྱེད་པའི་ནུས་ཤུགས་ཆེན་པོ་ལྡན། ཆ་འཕྲིན་མི་འདྲ་བས་སྤྱོད་མཁན་མི་འདྲ་བའི་ཁྲོད་དུ་རིན་ཐང་མི་འདྲ་བ་མཚོན་ཡོད།

(3)བསྡུ་སྒྲིལ་རང་བཞིན་ལྡན་པ། མི་རྣམས་ཀྱིས་དེའི་དཔྱད་འཚོལ་དང་བེད་སྤྱོད་ལ། དུས་ཚོད། བར་སྟོང་། སྐད་བརྡ། མངའ་ཁོངས་དང་ལས་རིགས་ཀྱི་ཚོད་འཛིན་མི་ཐེབས།

(4)དེ་ནི་སྤྱི་ཚོགས་ཀྱི་རྒྱུ་ནོར་དང་། མི་སུ་ལ་འང་ཆ་འཕྲིན་གྱི་བེད་སྤྱོད་དབང་ཆ་ཚང་མ་འམ་ཡང་ན། གཏན་དུ་ཉོ་རྒྱུའི་དབང་ཆ་མེད་པ་དང་། དེ་ནི་ཚོང་ཟོག་ཡིན་པས། ཕྱིར་འཚོང་དང་ཉོ་ཚོང་། བརྗེ་རེས་བྱེད་ཆོག

(5)སྤོ་འགུལ་རང་བཞིན་ལྡན་པ།

2.ཆ་འཕྲིན་ཐོན་ཁུངས་ནི་དཔལ་འབྱོར་ཐོན་ཁུངས་ཀྱི་སྤྱིར་བཏང་གི་ཁྱད་ཆོས་ཡིན།

(1)ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོར་བརྩིས་པའི་མིའི་རིགས་ཀྱི་དགོས་མཁོ་རང་བཞིན།

(2)དཀོན་པའི་རང་བཞིན། དཀོན་པའི་རང་བཞིན་ནི་དཔལ་འབྱོར་ཐོན་ཁུངས་ཀྱི་ཆེས་གཞི་རྩའི་དཔལ་འབྱོར་རིག་པའི་ཁྱད་ཆོས་ཡིན།

(3)བེད་སྤྱོད་ཁ་ཕྱོགས་ཀྱི་འདེམ་གསེས་རང་བཞིན། ཆ་འཕྲིན་ཐོན་ཁུངས་ཕན་ནུས་ལྡན་པའི་ངང་ནས་བཀོད་སྒྲིག་བྱ་རྒྱུའི་སྐོར་གྱི་གནད་དོན་ནི་ཆ་འཕྲིན་ཐོན་ཁུངས་ལ་སིམ་ཐོན་རང་བཞིན་ཧ་ཅང་ཆེན་པ་ལྡན་པས་རེད།

3. དངོས་པོའི་ཐོན་ཁུངས་དང་ནུས་ཁུངས་ཐོན་ཁུངས་དང་བསྡུར་ན། ཐུན་མིན་གྱི་ཁྱད་ཆོས་ལྡན་པ།

(1)མཉམ་སྤྱོད་རང་བཞིན།

(2)དུས་ནུས་རང་བཞིན། གོ་སྐབས་འཚམ་པོ་ཞིག་བྱུང་ཚེ། ད་གཟོད་ཕན་འབྲས་འདོན་སྤེལ་ཐུབ་པ་ཡིན།

(3)འགུལ་རྣམ་རང་བཞིན། ཆ་འཕྲིན་ཐོན་ཁུངས་ནི་འགུལ་རྣམ་གྱི་ཐོན་ཁུངས་ཞིག་རེད། རྒྱུན་མི་ཆད་པར་ཕུན་སུམ་ཇེ་ཚོགས་དང་འཕར་སྣོན་གྱི་འཕེལ་ཕྱོགས་མངོན་པ་ཡིན།

(4)དབྱེ་མི་རུང་བའི་རང་བཞིན། ཆ་འཕྲིན་གྱི་དབྱེ་མི་རུང་བའི་རང་བཞིན་ནི་དེ་ཐོན་སྐྱེད་གོ་རིམ་ཁྲོད་ཀྱི་དབྱེ་མི་རུང་བ་ལས་མཚོན་ཡོད།

(5)གཅིག་གྱུར་མ་ཡིན་པའི་རང་བཞིན། ཐོན་ཁུངས་ཀྱི་ཆ་འཕྲིན་ཡིན་པའི་ཆ་ནས་ངེས་པར་དུ་ཡོངས་སུ་གཅིག་གྱུར་མ་ཡིན་པ་ཞིག་དགོས།

(6)བཀོལ་སྤྱོད་རང་བཞིན། བཀོལ་སྤྱོད་རང་བཞིན་ནི་ཆ་འཕྲིན་ཐོན་ཁུངས་ལ་གསར་སྤེལ་དང་བཀོལ་སྤྱོད། གཞན་པའི་ཐོན་ཁུངས་ནུས་པ་ལྡན་པ་རེད།

2 འཕེལ་རྒྱས་ཀྱི་བརྒྱུད་རིམ།

1.སྲོལ་རྒྱུན་གྱི་དོ་དམ་དུས་རིམ། དུས་རབས20པའི་ལོ་རབས50ནས70པའི་བར། དཔེ་མཛོད་ཁང་དང་གསང་འཕྲིན་ཁང་གི་ཚབ་བྱས་པའི་ཡི་གེ་ཆ་འཕྲིན་ཐོན་ཁུངས་དོ་དམ།

2.ཆ་འཕྲིན་དོ་དམ་དུས་རིམ།དུ ས་རབས20པའི་ལོ་རབས70ནས80པའི་བར། རྩིས་འཁོར་ཉེར་སྤྱོད་དང་གཞི་གྲངས་སྒྲིག་གཅོད་དེ་དཔེ་མཚོན་བྱེད་པ་ཡིན།

3.ཆ་འཕྲིན་ཐོན་ཁུངས་དོ་དམ་དུས་རིམ། དུས་རབས20པའི་ལོ་རབས80ནས90པའི་བར། དྲ་རྒྱའི་ལས་ཁྲི་དང་རབ་འབྱམས་གཞི་གྲངས་མཛོད། ཆ་འཕྲིན་སྒྲིག་གཅོད་ལག་རྩལ་མཚོན་བྱེད་བྱས་པ་དང་། ཆ་འཕྲིན་བརྗེ་རེས་དང་ཆ་འཕྲིན་མཉམ་སྤྱོད། ཆ་འཕྲིན་ཉེར་སྤྱོད་ནི་ནང་དོན་བྱས་པ་དང། མཐོང་བའི་ཆ་འཕྲིན་ཐོན་ཁུངས་ནི་དཔལ་འབྱོར་གྱི་ཐོན་ཁུངས་གཙོ་བོ་བྱས་ནས་དོ་དམ་བྱེད་པའི་ཆ་འཕྲིན་ཐོན་ཁུངས་དོ་དམ་ཡིན།

4.ཤེས་བྱའི་དོ་དམ་དུས་རིམ། དུས་རབས20པའི་ལོ་རབས90པ་ནས་བཟུང། ཤེས་བྱའི་དོ་དམ་གྱི་རྣམ་པ་དང་འཕེལ་རྒྱས་ནི་ཆ་འཕྲིན་ཐོན་ཁུངས་དོ་དམ་གྱི་ཆད་སྐྱོན་གྱི་རྨང་གཞིའི་སྟེང་འཛུགས་སྐྲུན་བྱས་པ་དང་། དེས་མི་དང་སྤེལ་རེས་བྱེད་པར་སྔར་བས་མཐོང་ཆེན་བྱེད་པ་དང་། སློབ་སྦྱོང་ལ་མཐོང་ཆེན་བྱེད་པ། ཤེས་བྱའི་རྒྱུ་ནོར་ལ་མཐོང་ཆེན་བྱེད་པ་དང་། འགྲན་རྩོད་ཀྱི་བཟང་ཆ་དང་གསར་གཏོད་ཀྱིས་གྲུབ་ཚུལ་ཅན་གྱི་ཆ་འཕྲིན་དང་གྲུབ་ཚུལ་ཅན་མ་ཡིན་པའི་ཆ་འཕྲིན། མི་རྣམས་ཀྱིས་ཆ་འཕྲིན་བེད་སྤྱོད་བྱེད་པའི་སྒྲིག་སྲོལ་ཟུང་འབྲེལ་བྱས་ཏེ། ཤེས་བྱ་བེད་སྤྱོད་སྔར་ལས་ཇེ་ལེགས་སུ་བཏང་ཡོད་དོ།།




དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། དྲ་རྒྱ། གཞན་དག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-27

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།