ཆ་འཕྲིན་ཐོན་ཁུངས་དོ་དམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆ་འཕྲིན་ཐོན་ཁུངས་དོ་དམ་དང་ཁེ་ལས་ཆ་འཕྲིན་ཐོན་ཁུངས་དོ་དམ་ནི་ཕྲ་མཐོང་ངམ་ཡང་ན་བྱེ་བྲག་གི་བང་རིམ་གྱི་ཆ་འཕྲིན་ཐོན་ཁུངས་དོ་དམ་གྱི་ཁོངས་གཏོགས་ཡིན་པ་དང་། ཁེ་ལས་སྔོན་བཀོད་དམིགས་འབེན་དུ་སླེབས་པའི་ཕྱིར་དུ་དེང་རབས་ཀྱི་དོ་དམ་བྱེད་སྟངས་དང་བྱེད་ཐབས་སྤྱད་ནས། ཁེ་ལས་འབྲེལ་ཡོད་ཀྱི་ཆ་འཕྲིན་ཐོན་ཁུངས་དང་ཆ་འཕྲིན་བྱེད་སྒོ་སྒྲིག་འཛུགས་དང་འཆར་འགོད། མཐུན་སྦྱོར་དང་ཚོད་འཛིན། ཁེ་ལས་ཆ་འཕྲིན་ཐོན་ཁུངས་ཀྱི་ལུགས་མཐུན་གསར་སྤེལ་དང་བེད་སྤྱོད་ནུས་ལྡན་ཡོང་བ་མངོན་འགྱུར་བྱ་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
信息资源管理
1 གཞི་རྩའི་གནས་ཚུལ།

“ཆ་འཕྲིན་ཐོན་ཁུངས་དོ་དམ”ནི་ཆ་འཕྲིན་དོ་དམ་དང་ཆ་འཕྲིན་རྒྱུད་ཁོངས་ཆེད་ལས་ཀྱི་རྐང་འཛིན་ཆེད་ལས་སློབ་ཚན་ཞིག་ཡིན་ལ། སློབ་ཚན་དེའི་ནང་དུ་ཆ་འཕྲིན་ཐོན་ཁུངས་དོ་དམ་ཀྱི་གཞི་རྩའི་གོ་དོན་དང་གཞི་རྩའི་གཞུང་ལུགས། ཐབས་ཤེས། ལག་རྩལ། ཚད་གཞི་དང་དེ་བཞིན་ཆ་འཕྲིན་ཐོན་ཁུངས་ཀྱི་རྩ་འཛུགས་དང་བརྒྱུད་རིམ་དོ་དམ། ཆ་འཕྲིན་ཐོན་ཁུངས་ཀྱི་བདེ་འཇགས་དོ་དམ་སོགས་ཡོད། དེའི་དམིགས་ཡུལ་ནི་ཕྱོགས་བསྡུས་བེད་སྤྱོད་བྱས་ནས་སློབ་མའི་སྦྱངས་ཟིན་པའི་རིག་ཚན་མ་ལག་དང་། ཚན་རིག་དོ་དམ། དཔལ་འབྱོར་ཚན་རིག་སོགས་གཞུང་ལུགས་དང་མ་ལག་ཚང་བའི་ལས་གྲྭའི་བྱེད་ཐབས་སོགས་གསོ་སྐྱོང་བྱེད་པ་དང་། དེ་མ་ཟད་དེང་རབས་ཆ་འཕྲིན་ལག་རྩལ་སྤྱད་ནས། ཆ་འཕྲིན་ཐོན་ཁུངས་དོ་དམ་ཀྱི་ནང་དོན་ཁྱབ་བྱེད་ལ་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱེད་པ་དང་། ཆ་འཕྲིན་ཐོན་ཁུངས་དོ་དམ་གྱི་གཞི་རྩའི་གཞུང་ལུགས་དང་བྱེད་ཐབས། རྩལ་ནུས་ཁོང་དུ་ཆུད་པར་བྱེད་པ་དེའོ།།

2 གཞི་རྩའི་གཞུང་ལུགས།

1.ཆ་འཕྲིན་ཐོན་ཁུངས་ནི་མི་ཤུགས། དངོས་ལུགས། ནོར་ཤུགས་དང་རང་བྱུང་ཐོན་ཁུངས་དང་འདྲ་བར། ཚང་མ་ཁེ་ལས་ཀྱི་ཐོན་ཁུངས་གཙོ་བོ་ཡིན།

2.ཆ་འཕྲིན་ཐོན་ཁུངས་དོ་དམ་ནང་དུ་གཞི་གྲངས་ཐོན་ཁུངས་དོ་དམ་དང་ཆ་འཕྲིན་སྒྲིག་གཅོད་དོ་དམ་ཡོད།

3.ཆ་འཕྲིན་ཐོན་ཁུངས་དོ་དམ་ནི་ཁེ་ལས་དོ་དམ་གྱི་འགན་ནུས་གསར་བ་དང་། འགན་ནུས་གསར་བ་འདིའི་རིགས་འབྱུང་རྐྱེན་ནི་ཆ་འཕྲིན་དང་ཡིག་ཆའི་དཔྱད་ཡིག་མང་དུ་ཐོན་པ་དང་། རིམ་པ་ཁག་གི་མི་སྣས་གོ་རིམ་ལྡན་པའི་ཆ་འཕྲིན་ཐོབ་པ་དང་སྟབས་བདེ་ཞིང་མགྱོགས་པའི་སྒོ་ནས་ཆ་འཕྲིན་སྒྲིག་གཅོད་བྱེད་པའི་ཁ་ཚ་དགོས་གཏུག་གི་རེ་འདུན་ལས་བྱུང་བ་རེད།

4.ཆ་འཕྲིན་ཐོན་ཁུངས་དོ་དམ་ཀྱི་དམིགས་འབེན་ནི་ཁེ་ལས་འགུལ་རྣམ་སྒྲིག་གཅོད་དང་འཇགས་རྣམ་ལ་ཤུགས་སྣོན་བྱས་པའི་ཆ་རྐྱེན་འོག་ཏུ་ཕྱི་ནང་ཆ་འཕྲིན་དགོས་མཁོའི་ནུས་པར་བརྟེན་ནས་དོ་དམ་གྱི་ཕན་འབྲས་མཐོར་འདེགས་སུ་གཏོང་བ་ཡིན།

5.ཆ་འཕྲིན་ཐོན་ཁུངས་དོ་དམ་ཀྱི་འཕེལ་རྒྱས་ལ་དུས་རིམ་རང་བཞིན་ལྡན་པ་དང་། བསྡོམས་པའི་དུས་རིམ་བཞིན་ཡོད། དངོས་ལུགས་ཚོད་འཛིན། རང་འགུལ་ཅན་གྱི་ལག་རྩལ་དོ་དམ། ཆ་འཕྲིན་ཐོན་ཁུངས་དོ་དམ། ཤེས་བྱའི་དོ་དམ་བཅས་སོ།།

3 གོ་གནས་ཀྱི་ནུས་པ།

ཁེ་ལས་ཆ་འཕྲིན་དོ་དམ་ནི་ཁེ་ལས་སྤྱི་ཡོངས་ཀྱི་ལས་ཀའི་དོ་དམ་གྱི་གྲུབ་ཆ་གཙོ་བོ་ཞིག་དང་། ཁེ་ལས་ཆ་འཕྲིན་ཅན་གྱི་མངོན་འགྱུར་བྱེད་པའི་འགག་གནད་ཡིན། འཛམ་གླིང་དཔལ་འབྱོར་ཆ་འཕྲིན་ཅན་དང་རང་རྒྱལWTOནང་དུ་ཞུགས་པའི་དེ་རིང་། ཁེ་ལས་ཆ་འཕྲིན་ཐོན་ཁུངས་དོ་དམ་ལ་ཤུགས་སྣོན་བྱེད་རྒྱུ་ནི་ཁེ་ལས་འཕེལ་རྒྱས་འགྲོ་བར་ནུས་པ་ཧ་ཅང་གལ་ཆེན་ལྡན་ཡོད།




དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། དྲ་རྒྱ། གཞན་དག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-29

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།