ཆ་འཕྲིན་སྒྲིག་གཅོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆ་འཕྲིན་ནི་དངོས་པོ་མིན་ལ་ནུས་ཚད་ཀྱང་མིན། དེ་ནི་མིའི་རིགས་ཕྱིའི་ཁོར་ཡུག་དང་འཚམ་པར་བྱེད་སྐབས་དང་དེ་བཞིན་ཕྱིའི་ཁོར་ཡུག་ལ་ཤེས་ཚོར་བྱེད་སྐབས་དང་། ད་དུང་མཐུན་སྦྱོར་བྱེད་སྐབས་ཕྱིའི་ཁོར་ཡུག་དང་ནང་དོན་བརྗེ་རེས་བྱེད་པའི་སྤྱི་མིང་ཡིན། དེའི་ཕྱིར། ཆ་འཕྲིན་ནི་མི་དང་ཕྱི་ཕྱོགས་ཀྱི་སྤེལ་རེས་འཕྲིན་གཏོང་གི་བརྡ་རྟགས་ཚད་ཅིག་ལ་ངོས་འཛིན་བྱེད་ཆོག ཆ་འཕྲིན་ནི་ངེས་གཏན་མེད་པའི་རང་བཞིན་གྱི་དངོས་བོ་མེད་པར་བཟོ་བྱེད་ཅིག་དང་། དོན་རྐྱེན་ཞིག་འབྱུང་བའི་སྲིད་ཕྱོད་ཀྱི་གཏད་གྲངས་ཀྱི་མོ་ཐང་ཡིན། ཆ་འཕྲིན་སྒྲིག་གཅོད་ནི་ཆ་འཕྲིན་གྱི་བསྡུ་ལེན་དང་གསོག་འཇོག སྤོ་སྒྱུར། བརྒྱུད་སྐྱེལ་དང་ཁྱབ་བསྒྲགས་སོགས་ཡིན། ཆ་འཕྲིན་དང་ང་ཚོའི་དུས་རྒྱུན་གྱི་ལས་ཀ་ཁ་བྲལ་ཐབས་མེད་པ་རེད། རྩིས་འཁོར་ཆ་འཕྲིན་སྒྲིག་གཅོད་ཀྱི་གོ་རིམ་ནི་དོན་དངོས་སྟེང་མིའི་རིགས་ཀྱི་ཆ་འཕྲིན་སྒྲིག་གཅོད་ཀྱི་གོ་རིམ་དང་གཅིག་མཚུངས་ཡིན། མི་རྣམས་ཀྱིས་ཆ་འཕྲིན་སྒྲིག་གཅོད་བྱེད་པ་དེ་ཡང་སྔོན་ལ་ཚོར་ཤེས་དབང་པོ་ལ་བརྟེན་ནས་ཐོབ་པ་དང་། ཀླད་ཆེན་དབང་རྩའི་མ་ལག་བརྒྱུད་ནས་ཆ་འཕྲིན་ལ་བརྒྱུད་སྤྲོད་དང་གསོག་འཇོག་བྱས་པ་དང་། མཇུག་མཐར་སྐད་བརྡ་དང་བྱ་སྤྱོད། ཡང་ན། གཞན་གྱི་རྣམ་པས་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
信息处理
ཕྱི་ཡིག་གི་མིང་།
Information processing
འདོན་མཁན།
Clause Shannon
བཏོན་པའི་དུས་ཚོད།
1960ལོར།
ཉེར་སྤྱོད་རིག་ཚན།
སྡོམ་རྩིས།
སྤྱད་འཐུས་ཁྱབ་ཁོངས་ཀྱི་ཁྱབ་ཁོངས།
དཔལ་འབྱོར་འཚོ་བའི་ངོ་བོ་ཞིབ་འབྲི་བྱས་པའི་ཞིབ་ཚགས་རང་བཞིན་ལ་ཞིབ་དཔྱད་བྱེད་པ།
1 ངོ་སྤྲོད་མདོར་བསྡུས།

ཆ་འཕྲིན(information)ནི་ལྐོག་གྱུར་གྱི་དོན་སྤྱི་ཞིག་དང་། ག་ས་གང་དུ་ཁྱབ་པའི་དོན་དངོས་ཀྱི་བྱ་བ་ཞིག་ཀྱང་ཡིན། ཚོད་འཛིན་སྨྲ་བའི་སྲོལ་གཏོད་མཁན་ཝེ་ནཱ(Norbert Wiener)ཡིས་ངོས་འཛིན་ལ། ཆ་འཕྲིན་ནི་དངོས་པོ་མིན་ལ་ནུས་ཚད་ཀྱང་མིན། དེ་ནི་མིའི་རིགས་ཕྱིའི་ཁོར་ཡུག་དང་འཚམ་པར་བྱེད་སྐབས་དང་དེ་བཞིན་ཕྱིའི་ཁོར་ཡུག་ལ་ཤེས་ཚོར་བྱེད་སྐབས་དང་། ད་དུང་མཐུན་སྦྱོར་བྱེད་སྐབས་ཕྱིའི་འཁོར་ཡུག་དང་ནང་དོན་བརྗེ་རེས་བྱེད་པའི་སྤྱི་མིང་ཡིན། དེའི་ཕྱིར། ཆ་འཕྲིན་ནི་མི་དང་ཕྱི་ཕྱོགས་ཀྱི་སྤེལ་རེས་འཕྲིན་གཏོང་གི་བརྡ་རྟགས་ཚད་ཅིག་ལ་ངོས་འཛིན་བྱེད་ཆོག

2 བྱེད་ལས་དང་སྤྱོད་སྒོ།

ཆ་འཕྲིན་རིག་པ་རྨང་གཞི་འདིང་མཁནClause Shannonཡི་ངོས་འཛིན་ལ། ཆ་འཕྲིན་ནི་ངེས་གཏན་མེད་པའི་རང་བཞིན་གྱི་དངོས་བོ་མེད་པར་བཟོ་བྱེད་ཅིག་དང་། དོན་རྐྱེན་ཞིག་འབྱུང་བའི་སྲིད་ཕྱོད་ཀྱི་གཏད་གྲངས་ཀྱི་མོ་ཐང་ཡིན། རྒྱས་བཤད་དེས་ཐོག་དང་པོར་ཆ་འཕྲིན་གྱི་བྱེད་ལས་དང་སྤྱོད་སྒོ་འགྲེལ་བཤད་གནང་བ་དང་། ཆ་འཕྲིན་ནི་ཚད་འཇལ་ཆོག་པའི་གོ་དོན་ཞིག་ཡིན་པ་གསལ་པོར་བསྟན་ཡོད་པ་མ་ཟད། ཆ་འཕྲིན་ཚད་འཇལ་བྱེད་སྟངས་ཏེ་བབ་མཚུངས་ཀྱི་དོན་རྐྱེན་འབྱུང་བའི་ཚད་གཞིར་བཟུང་ནས་ཆེ་ཆུང་གཏན་འཁེལ་བྱས་ཆོག་པ་བསྟན་ཡོད། དེ་ལྟར་བྱས་ན། ལག་ལེན་ཚད་མི་འདྲ་བའི་ནང་དུ་ཤུགས་རྐྱེན་ཚད་མི་འདྲ་བ(ཡང་ན་ཆ་འཕྲིན་ཚད)འདུས་ཡོད།




དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། དྲ་རྒྱ། གཞན་དག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-27

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།