མཚོ་རླུང་ཆེན་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚོ་རླུང་ཆེན་པོ།
མཚོ་རླུང་ཆེན་པོ་ནི་ཞི་བདེ་རྒྱ་མཚོ་ཆེན་མོ་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཤུགས་ཆེ་ཞིང་གཏིང་ཟབ་པའི(ཆེས་ཆེ་བའི་རླུང་གི་མགྱོགས་ཚད་སྐར་ཆ་རེར་སྨི32.7དང་རླུང་ཤུགས་ནི་རིམ་པ་བཅུ་གཉིས་ཅན)ཚ་རྒྱུད་རླུང་འཁྱིལ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
飓风
ཕྱི་ཡིག་གི་མིང་།
Hurricane
1 ​ངོ་སྤྲོད།

མཚོ་རླུང་ཆེན་པོ་ནི་ཞི་བདེ་རྒྱ་མཚོ་ཆེན་མོ་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཤུགས་ཆེ་ཞིང་གཏིང་ཟབ་པའི(ཆེས་ཆེ་བའི་རླུང་གི་མགྱོགས་ཚད་སྐར་ཆ་རེར་སྨི32.7དང་རླུང་ཤུགས་ནི་རིམ་པ་བཅུ་གཉིས་ཅན)ཚ་རྒྱུད་རླུང་འཁྱིལ་ལ་ཟེར།  མཚོ་རླུང་གི་དབུས་སུ་རླུང་མིག་ཅིག་ཡོད།   རླུང་མིག་ཇི་ལྟར་ཆུང་ན་གཏོར་བཤིག་ཐེབས་པ་དེ་ལྟར་ཆེ་བ་ཡིན།   དེས་སྙིང་པོ་མཚོ་རླུང་དང་གཅིག་མཚུངས་ཡིན་མོད།  འོན་ཀྱང་བྱུང་སའི་ས་གནས་མི་གཅིག་པ་ཡིན་ནོ། །

2 གནོད་འཚེ།  

སའི་གོ་ལའི་ཕྱེད་བྱང་མ་རུ།   མཚོ་རླུང་ནི་ལྡོག་འཁོར་རྒྱག་པ་དང་སའི་གོ་ལའི་ཕྱེད་ལྷོ་མ་རུ་དྲང་འཁོར་རྒྱག་པ་རེད།    མཚོ་རླུང་ཆེན་མོ་ནི་ཚ་རྒྱུད་རྒྱ་མཚོ་རུ་བྱུང་བའི་རྒྱུ་རྐྱེན་གཅིག་ནི་དྲོ་བའི་རྒྱ་མཚོ་ནི་མཚོ་རླུང་ཆེན་མོའི་འབར་རྫས་ཀྱི་སྒུལ་ཤུགས་ཡིན།  དེས་སྤྱིར་བཏང་དུ་དྲག་རླུང་དང་དྲག་ཆར་སོགས་དང་བསྟུན་ནས་མིའི་ཚེ་སྲོག་དང་དཔལ་འབྱོར་ལ་གནོད་སྐྱོན་ཆེན་པོ་ཐེབས་པ་དང་མང་ཚོགས་དང་ཞིང་ལས་སོགས་ལའང་གནོད་སྐྱོན་ཆེན་པོ་ཐེབས་པ་རེད།   གནོད་སྐྱོན་ཚབས་ཆེན་ཡིན་པའི་རང་བྱུང་གི་གནོད་འཚེ་ཞིག་ཡིན།   དེ་བས་ཚན་རིག་པ་མང་པོ་ཞིག་གིས་ཇེ་དྲོ་ཡོང་བའི་སའི་གོ་ལའི་མུ་མཐུད་དུ་དྲག་ཆེ་བ་དང་གནོད་པ་ཆེ་བའི་ཚ་རྒྱུད་ཀྱི་དྲག་རླུང་ཡོང་མིན་ལ་ཞིབ་འཇུག་བྱེད་བཞིན་ཡོད།    གནམ་གཤིས་རིག་པ་བ་མང་ཆེ་བས་སའི་གོ་ལ་བལྟས་ཚོད་ཀྱིས་མུ་མཐུད་དུ་ཇེ་དྲོ་རུ་འགྱུར་བར་ཡིད་ཆེས་བྱེད་བཞིན་ཡོད།   ཁོ་ཚོའི་འདོད་པ་ལྟར་དབྱང་གཉིས་ཐན་རྫས་དང་རླུང་ཁམས་ཆེན་མོའི་བང་རིམ་ནས་ཡོང་བའི་དྲོད་ཁང་རླུང་གཟུགས་ཀྱིས་སའི་གོ་ལ་ཇེ་དྲོ་ནས་ཇེ་དྲོ་རུ་འགྱུར་བར་བྱེད་པ་ཡིན།  

3 སྔོན་འགོག་བྱེད་ཐབས།

སྔོན་ནས་གྲ་སྒྲིག་ལེགས་པོ་བྱས་ཏེ་མཚོ་འགྲམ་དང་ཁ་བྲལ་ཏེ་ཅུང་སྲ་བརྟན་རང་བཞིན་གྱི་གནས་སུ་འགྲོ་དགོས།  མཚོ་རླུང་ཆེན་མོའི་ཅུང་བརྡ་དུས་རྒྱུན་དུ་མཚོ་རླུང་མ་ཡོང་གོང་གི་དུས་ཚོད་ཉེར་བཞིའི་སྔོན་དུ་ཁྱབ་བསྒྲགས་བྱེད་པ་རེད།    འདིའི་སྐབས་སུ་སྒོ་དང་སྒེའུ་ཁུང་།   ཁང་ཀླད་སོགས་སྲ་བརྟན་དུ་གཏོང་བ་དང་།   བཟའ་བཏུང་དང་ལྭ་བ།  གློག་སོགས་སྔོན་ནས་གྲ་སྒྲིག་བྱེད་དགོས།   མཚོ་དང་ཁ་བྲལ་དགོས།   གལ་ཏེ་དུས་ཚོད་ཡོད་ཚེ་ངེས་པར་དུ་མཚོ་རླུང་ཆེན་པོ་བྱུང་སའི་གནས་དང་ཁ་བྲལ་དགོས།   ཆེས་བཟང་བ་ནི་ཅུང་སྲ་བརྟན་ཡིན་པའི་ཐོག་ཁང་དང་ས་འོག་ཏུ་བསྡད་ན་བཟང་།   མ་སོང་སྔོན་དུ་ངེས་པར་དུ་རང་ཉིད་ཀྱི་ཁང་བའི་ནང་གི་གློག་སྒོ་ཐམས་ཅད་རྒྱག་དགོས།   མཚོ་རླུང་བྱུང་བའི་སྐབས་སུ་ཕྱི་རུ་སོང་ན་སྲོག་དང་ཉེན་ཁ་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-02

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།