unix
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

unixབཀོལ་སྤྱོད་རྒྱུད་ཁོངས་ནི་སྤྱོད་མཁན་དང་ལས་འགན་མང་བོ་ལྡན་པའི་བཀོལ་སྤྱོད་རྒྱུད་ཁོངས་སྟོབས་ལྡན་ཞིག་ཡིན་པ་དང་། སྒྲིག་གཅོད་ཆས་ཀྱིས་སྒྲོམ་གཞི་སྣ་ཚོགས་ལ་རམ་འདེགས་ཐུབ་པ་ཡིན། བཀོལ་སྤྱོད་རྒྱུད་ཁོངས་ལྟར་དབྱེ་ན། དུས་བགོས་བཀོལ་སྤྱོད་རྒྱུད་ཁོངས་སུ་གཏོགས་པ་དང་། སྔ་ཤོས་ནིKenThompson、Dennis Ritchieདང Douglas McIlroyབཅས་ཀྱིས1969ལོརAT&Tཡི་པེ་ཨེར་ཚོད་ལྟ་ཁང་གིས་གསར་སྤེལ་བྱས་ཤིང་། མིག་སྔར་དེ་ནི་ཚོང་རྟགས་བདག་དབང་ནི་རྒྱལ་སྤྱིའི་སྒོ་འབྱེད་ཚད་གཞི་རྩ་འཛུགས་ལ་དབང་བ་དང་། སྣ་གཅིག་ཡིན་པའིunixཚད་ལྡན་གྱིunixརྒྱུད་ཁོངས་ཡིན་ཚེ་ད་གཟོདunixམི་འདི་བེད་སྤྱོད་བྱེད་ཆོག་ལ། དེ་མིན་ཚེUNIX(UNIX-like)ཡི་རིགས་སུ་འབོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
unix
གསར་བཙུགས་དུས་ཚོད།
1969ལོར།
ངོ་བོ།
བཀོལ་སྤྱོད་མ་ལག
ཀུང་སི།
AT&T
རིགས་དབྱེ།
དུས་བགོས་བཀོལ་སྤྱོད་རྒྱུད་ཁོངས།
ཁྱད་ཆོས།
སྤྱོད་མཁན་མང་པོ། འགན་འཁྲི་མང་པོ།
1 UNIXཡི་རིགས།

1.AIX

1.jpgAix logo

(Advanced Interactive eXecutive)ནིIBMཡིས་གསར་སྤེལ་བྱས་པའིUNIXཡི་རྒྱུད་ཁོངས་ཆ་ཚང་ཞིག་ཡིན། དེOpen groupཡིUNIX 98ཀྱི་ལས་རིགས་ཚད་གཞི་དང་མཐུན། (The Open Group UNIX 98 Base Brand) ཁྱོན་ཡོངས་ཀྱི་འདུས་གྲུབ་བརྒྱུད་ནས་གནས32དང64ཅན་གྱི་ཉེར་སྤྱོད་ཀྱི་གཤིབ་བགྲོད་འཁོར་སྐྱོད་རམ་འདེགས་བྱེད་པ་དང་། ཉེར་སྤྱོད་འདི་དག་ལ་ཁྱོན་ཡོངས་ཀྱི་རྒྱ་སྐྱེད་རུང་བ་འདོན་སྤྲོད་བྱས་ཡོད་པ་རེད།

2.Solaris

SolarisནིSUNཀུང་སིས་གསར་བཟོའི་རིགསUnixབཀོལ་སྤྱོད་རྒྱུད་ཁོངས་ཡིན། 2013ལོའི་བར། Solarisཡི་པར་གཞི་གསར་ཤོས་ནིSolaris 11ཡིན་ལ། སྔ་དུས་ཀྱི SolarisནིBSDUnixའཕེལ་རྒྱས་སུ་སོང་བ་ལས་བྱུང་བ་རེད།

3. HP-UX

2.jpgHP-UX

Hewlett Packard UniXནི་ཧུའེ་ཕུའུ་ཀུང་སི(HP,Hewlett-Packard)ཡིས SystemVཡི་རྨང་གཞིའི་སྟེང་ཞིབ་འཇུག་གསར་སྤེལ་བྱས་པའི་རིགསUniXབཀོལ་སྤྱོད་རྒྱུད་ཁོངས་ཡིན། HP-UXནི HPཡིPA-RISCསྒྲིག་གཅོད་ཆས་དང་། IntelཡིItaniumསྒྲིག་གཅོད་ཆས་ཀྱི་གློག་ཀླད་སྟེང་དུ་འཁོར་སྐྱོད་བྱེད་ཐུབ།

2 གྲོན་དངུལ་བསྡུ་བའི་གནས་ཚུལ།

UniXབཀོལ་སྤྱོད་རྒྱུད་ཁོངས་ནི་ཁེ་ལས་པར་གཞི་ཡིན་པ་དང་། གྲོན་དངུལ་སྤྲོད་དགོས་ཤིང་། རིན་གོངMicrosoft Windowsཡི་པར་གཞི་དངོས་མ་དང་བསྡུར་ཚེ་ཅུང་དཀའ་ཞིང་། འོན་ཀྱངUniXལ་རིན་མེད་པར་གཞི་ཡང་ཡོད། དཔེར་ན། NetBSDསོགས་ཡིན་ལ། དེ་ནང་བཞིན་གྱིUniXཔར་གཞི་ཡོད།

3 UniXཡི་ཚད་གཞི།

UniXསྤྱོད་མཁན་མཐུན་ཚོགས་སྔ་དུས་ཀྱི་དུས་རབས20པའི་ལོ་རབས80པར་ཚད་གཞི་ཅན་གྱི་ལས་ཀའི་འགོ་ཚུགས། 1984ལོར་ཚོད་སྤྱོད་ཚད་གཞི་ཁྱབ་བསྒྲགས་བྱས་ཤིང་། རྗེས་ནསIEEEཡིས་འདི་ལPOSIXཚད་གཞི་གཏན་འབེབས་བྱས། རྒྱལ་སྤྱིའི་ཚད་གཞིའི་མིང་ནིISO/IEC9945དེ་ནི་ཆེས་ཆུང་བའི་བྱེད་ལས་ཀྱི་ཚོ་ཆུང་བརྒྱུད་ནསUniXབཀོལ་སྤྱོད་རྒྱུད་ཁོངས་དང་ཉེར་སྤྱོད་བྱ་རིམ་བར་གྱི་འཆམ་མཐུན་ཀྱི་སྐད་བརྡའི་མཐུད་ཁར་མཚན་ཉིད་བཀོད་ཡོད།

4 UniXཡི་ཁྱད་ཆོས།

1. UniXརྒྱུད་ཁོངས་ནི་སྤྱོད་མཁན་དང་ལས་འགན་མང་བའི་དུས་བགོས་བཀོལ་སྤྱོད་རྒྱུད་ཁོངས་ཡིན།

2. UniXཡི་རྒྱུད་ཁོངས་གྲུབ་ཚུལ་ནི་ཁག་གསུམ་དུ་དབྱེ་ཡོད། (1)བཀོལ་སྤྱོད་རྒྱུད་ཁོངས་ནང་ཉིང་། (2)རྒྱུད་ཁོངས་འདོན་སྤྱོད། (3)ཉེར་སྤྱོད་བྱ་རིམ།

3. UniXརྒྱུད་ཁོངས་མང་ཆེ་ཤོས་ནིCསྐད་བརྡ་རྩོམ་སྒྲིག་བྱས་པ་དང་། དེ་བས་རྒྱུད་ཁོངས་ཀློག་སླ་ཞིང་། བཟོ་བཅོས་བྱེད་སླ་བ་དང་། སྤོ་འཛུགས་བྱེད་སླ་བ་ཡིན་ནོ།།

4. UniXཡིས་ཕུན་སུམ་ཚོགས་ཤིང་བློ་ཞིབ་མོས་གདམ་གསེས་བྱས་པའི་རྒྱུད་ཁོངས་འདོན་སྤྱོད་འདོན་སྤྲོད་བྱས་ནས། རྒྱུད་ཁོངས་ཧྲིལ་བོའི་མངོན་འགྱུར་ཧ་ཅང་ཚགས་དམ་པ་དང་། གནད་བསྡུས་དོན་གསལ་ཅན་ཞིག་ཡིན།

5. UniXཡིས་བྱེད་ལས་སྟོབས་ལྡན་གྱི་སྒྲིག་རུང་བྱ་རིམ་གྱིShellསྐད་འདོན་སྤྲོད་བྱས་ནས་སྤྱོད་མཁན་མཚམས་ངོས་ལ་གནད་བསྡུས་དོན་གསལ་དང་ལས་ཕྱོད་ཆེ་བའི་ཁྱད་ཆོས་ལྡན་པར་བྱས་ཡོད།

6. UniXརྒྱུད་ཁོངས་ཀྱིས་སྡོང་དབྱིབས་དཀར་ཆག་གྲུབ་ཚུལ་སྤྱད་ཡོད་པས། བདེ་འཇགས་རང་བཞིན་བཟང་པོ་ལྡན་ཞིང་། གསང་བའི་རང་བཞིན་དང་སྲུང་སྐྱོང་རུང་བའི་རང་བཞིན་ལྡན།

7. UniXརྒྱུད་ཁོངས་ཀྱིས་འཕེལ་རིམ་བརྗེ་རེས་ཀྱི་ནང་གསོག་དོ་དམ་ལམ་སྲོལ་དང་ལྡེབ་ངོས་སྤོ་བའི་རེ་ཞུའི་གསོག་འཇོག་བྱེད་སྟངས་སྤྱད་ནས། རྟོག་བཟོས་ནང་གསོག་དོ་དམ་མངོན་འགྱུར་བྱས་ཏེ། ནང་གསོག་གི་བེད་སྤྱོད་ལས་ཕྱོད་ཆེ་ཆེར་མཐོར་འདེགས་བྱས་པ་རེད།

8. UniXརྒྱུད་ཁོངས་ཀྱིས་འཕྲིན་གཏོང་ལམ་སྲོལ་མང་བོ་འདོན་སྤྲོད་བྱས་པ་དང་། དཔེར་ན། སྦུག་ལམ་འཕྲིན་གཏོང་དང་བརྡ་འཕྲིན་འཕྲིན་གཏོང་། མཉམ་སྤྱོད་གསོག་འཇོག་ཆས་འཕྲིན་གཏོང་། བརྡ་རྟགས་གློག་སྒྲོན་འཕྲིན་གཏོང་བཅས་སོ།།




དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། མཉེན་ཆས། བཀོལ་སྤྱོད་མ་ལག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-01

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།