བྱེ་ཐང་ཅན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྱེ་ཐང་ཅན།
བྱེ་ཐང་ཅན་གྱི་གོ་དོན་ལ་སྒྲ་དོག་འཇུག་དང་སྒྲ་ཡངས་འཇུག་གི་གོ་དོན་གཉིས་ཡོད་པ་ལས། སྒྲ་དོག་འཇུག་གི་གོ་དོན་ནི་ཐན་པ་ཆེ་བ་དང་ཐན་པ་ཕྱེད་ཀ་ཙམ། ཅུང་བཞའ་རློམ་ལྡན་པའི་ས་ཁུལ་གྱི་ས་ངོས་ཀྱི་ཆ་རྐྱེན་འོག་ཏུ། རང་བྱུང་གི་རྒྱུ་རྐྱེན་དང་ཡང་ན་མིའི་རིགས་འགུལ་སྐྱོད་ཀྱི་ཤུགས་རྐྱེན་ཐེབས་པས་རང་བྱུང་གི་སྐྱེ་ཁམས་མ་ལག་གཉོམ་པོར་ཆ་སྙོམས་ཀྱིས་གཏོར་བརླག་བྱས་ཏེ་བྱེ་རླུང་འགུལ་སྐྱོད་གཙོ་བོ་ཡིན་པའི་མཚོན་རྟགས་མངོན་པར་མ་ཟད། རླུང་གིས་དལ་གྱིས་ཟད་པའི་ས་རྒྱུ་ཞན་འགྱུར་དུ་གྱུར་བའི་བརྒྱུད་རིམ་ཞིག་ཀྱང་མངོན་པ་རེད། སྒྲ་ཡངས་འཇུག་གི་གོ་དོན་ནི་མིའི་རིགས་ཀྱིས་འགུལ་སྐྱོད་དང་རང་བྱུང་གི་རྒྱུ་རྐྱེན་གཉིས་འབྲེལ་བའི་རྐྱེན་གྱིས་ཐན་པ་དང་ཐན་པ་ཕྱེད་ཙམ། ད་དུང་བཞའ་རློན་ཕྱེད་ཙམ་ཡིན་པའི་ས་ཁུལ་གྱི་རང་བྱུང་ཁོར་ཡུག་ཞན་འགྱུར་དུ་གྱུར་བའི་སྤྱིའི་བརྒྱུད་རིམ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沙漠化
ཕྱི་ཡིག་གི་མིང་།
desertification
1 ངོ་སྤྲོད།

བྱེ་ཐང་ཅན་གྱི་གོ་དོན་ལ་སྒྲ་དོག་འཇུག་དང་སྒྲ་ཡངས་འཇུག་གི་གོ་དོན་གཉིས་ཡོད་པ་ལས།  སྒྲ་དོག་འཇུག་གི་གོ་དོན་ནི་ཐན་པ་ཆེ་བ་དང་ཐན་པ་ཕྱེད་ཀ་ཙམ།   ཅུང་བཞའ་རློམ་ལྡན་པའི་ས་ཁུལ་གྱི་ས་ངོས་ཀྱི་ཆ་རྐྱེན་འོག་ཏུ།   རང་བྱུང་གི་རྒྱུ་རྐྱེན་དང་ཡང་ན་མིའི་རིགས་འགུལ་སྐྱོད་ཀྱི་ཤུགས་རྐྱེན་ཐེབས་པས་རང་བྱུང་གི་སྐྱེ་ཁམས་མ་ལག་གཉོམ་པོར་ཆ་སྙོམས་ཀྱིས་གཏོར་བརླག་བྱས་ཏེ་བྱེ་རླུང་འགུལ་སྐྱོད་གཙོ་བོ་ཡིན་པའི་མཚོན་རྟགས་མངོན་པར་མ་ཟད། རླུང་གིས་དལ་གྱིས་ཟད་པའི་ས་རྒྱུ་ཞན་འགྱུར་དུ་གྱུར་བའི་བརྒྱུད་རིམ་ཞིག་ཀྱང་མངོན་པ་རེད།  སྒྲ་ཡངས་འཇུག་གི་གོ་དོན་ནི་མིའི་རིགས་ཀྱིས་འགུལ་སྐྱོད་དང་རང་བྱུང་གི་རྒྱུ་རྐྱེན་གཉིས་འབྲེལ་བའི་རྐྱེན་གྱིས་ཐན་པ་དང་ཐན་པ་ཕྱེད་ཙམ།  ད་དུང་བཞའ་རློན་ཕྱེད་ཙམ་ཡིན་པའི་ས་ཁུལ་གྱི་རང་བྱུང་ཁོར་ཡུག་ཞན་འགྱུར་དུ་གྱུར་བའི་སྤྱིའི་བརྒྱུད་རིམ་ཞིག་ཡིན།   དཔེར་ན་རྩ་ཐང་ཞན་འགྱུར།  ས་ཆུ་ཤོར་བ།   སྔོ་ཁེབས་བྱེ་ཐང་ཅན་དུ་འགྱུར་བ་སོགས་མང་ངོ་། །

2 འཛམ་གླིང་ཡོངས་ཀྱི་ད་ལྟའི་གནས་ཚུལ།

བྱེ་ཐང་ཅན་དུ་འགྱུར་བ་ནི་འཛམ་གླིང་རང་བཞིན་གྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཞིག་ཡིན།   མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན།   འཛམ་གླིང་ཡོངས་ལ་བྱེ་ཐང་ཅན་གྱི་ཤུགས་རྐྱེན་ཐེབས་པ་དང་ཐེབས་བཞིན་པའི་ས་ཁུལ་འཛམ་གླིང་ཡོངས་ཀྱི་སའི་རྒྱ་ཁྱོན་བརྒྱ་ཆའི35ལ་སླེབས།    བྱེ་ཐང་དང་བྱེ་ཐང་ཅན་གྱི་ས་ཁུལ་ཧྥེ་གླིང་ས་ཁུལ་དུ་བརྒྱ་ཆའི55ཟིན་ཡོད།   མེ་གླིང་བྱང་མ་དང་དཀྱིལ་མ་བརྒྱ་ཆའི19ཟིན།   མེ་གླིང་ལྷོ་མ་བརྒྱ་ཆའི10ཟིན།   ཡ་གླིང་བརྒྱ་ཆའི34ཟིན།   ཨོ་སི་ཁྲུ་ལི་ཡ་བརྒྱ་ཆའི75ཟིན།   ཡོ་རབ་གླིང་བརྒྱ་ཆའི2ཟིན།   བྱེ་ཐང་དང་བྱེ་ཐང་ཅན་གྱི་ས་རྒྱུ་ཐན་པ་ཕྱེད་ཙམ་དང་ཐན་པའི་ས་ཁུལ་གྱི་སའི་རྒྱ་ཁྱོན་བརྒྱ་ཆའི95ཟིན་ཡོད།   བཞའ་རློན་ཕྱེད་ཙམ་གྱི་ས་ཁུལ་དུ་སའི་རྒྱ་ཁྱོན་བརྒྱ་ཆའི28ཟིན།  འཛམ་གླིང་དུ་ཆ་སྙོམས་ཀྱིས་ལོ་རེར་ཕལ་ཆེར་ས་རྒྱུ་སྤྱི་ལེ་གྲུ་བཞི་མ་ཁྲི་ལྔ་ནས་བདུན་བར་བྱེ་ཐང་ཅན་དུ་འགྱུར་བཞིན་ཡོད།   ཚ་ཁུལ་སྡོང་བོ་ཉུང་བའི་རྩ་ཐང་དང་དྲོད་འཇམ་ས་ཁུལ་ཐན་པ་ཕྱེད་ཙམ་གྱི་རྩྭ་ཐང་གི་ས་ཁུལ་གཉིས་ནི་འཕེལ་རྒྱས་ཆེས་མགྱོགས་པ་ཡིན།    དུས་རབས་ཕྱེད་ཙམ་གྱི་རིང་ལ།   ཧྥེ་གླིང་གི་ས་ཧ་ལ་བྱེ་ཐང་གི་ལྷོ་ཕྱོགས་ཀྱི་བྱེ་ཐང་ཅན་གྱི་ས་རྒྱུ་སྤྱི་ལེ་གྲུ་བཞི་མ65ལྷག་ཇེ་ཆེར་སོང་ཡོད།    ས་ཧི་ལི་ས་ཁུལ་ནི་འཛམ་གླིང་སྟེང་བྱེ་ཐང་ཅན་དུ་གྱུར་བའི་ས་ཁུལ་ཆེས་གཙོ་བོ་ཞིག་ཏུ་གྱུར་ཡོད།  

3 འབྱུང་རྐྱེན། 

མིའི་རིགས་ཀྱིས་ས་རྐོ་རྡོ་སློག་དང་སྡོང་བོ་གཅོད་པ།  ཆུའི་ཐོན་ཁུངས་ཚད་ལྡན་གྱིས་བཀོལ་སྤྱོད་མི་བྱེད་པ།   མི་གྲངས་འཕར་བ་སོགས་ཀྱིས་བྱེ་ཐང་ཅན་དུ་གྱུར་བ་ཡིན་ནོ།  །དེ་བས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་སྡོང་འཛུགས་ནགས་སྐྲུན་བྱེད་དགོས་པ་ཡིན།   


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-01

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།