བརྟན་སྐར་རིམ་འགྱུར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བརྟན་སྐར་རིམ་འགྱུར།
བརྟན་སྐར་རིམ་འགྱུར་ནི་བརྟན་སྐར་ཞིག་སྐྱེས་པ་ནས་ནར་སོན། ནར་སོན་པ་ནས་ན་སོ་རྒྱས་པ་དང་། ན་སོ་རྒྱས་པ་ནས་ན་སོ་རྒས་པ། ན་སོ་རྒས་པ་ནས་འཆི་བའི་བར་གྱི་གོ་རིམ་ལ་བྱ་ཞིང་། གོ་རིམ་དེ་དག་ཧ་ཅང་དལ་ཞིང་འགོར་བ་ཞིག་ཡིན། གནམ་དཔྱད་རིག་པ་བས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་བརྟན་སྐར་ལ་ལྟ་ཞིབ་དང་ཞིབ་འཇུག་བྱས་ཏེ། བརྟན་སྐར་ཞིག་ཇི་ལྟར་མངལ་དུ་བལྟམས་པ་དང་། ཇི་ལྟར་སྐྱེས་པ། ན་སོ་རྒྱས་པ་དང་ན་སོ་རྒས་པ། དེ་ནས་འཆི་བའི་གོ་རིམ་ལ་དབྱེ་ཞིབ་མཛད། བརྟན་སྐར་རིམ་འགྱུར་གྱི་སྨྲ་བ་ནི་གནམ་དཔྱད་རིག་པའི་ཁྲོད། བརྟན་སྐར་ཏེ་གསོན་པའི་དུས་ཡུན་ནང་དུ་ཇི་ལྟར་རིམ་འགྱུར་བྱས་ཚུལ་བརྗོད་པའི་སྐོར་གྱི་གཞུང་ལུགས་ཤིག་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
恒星演化
གོ་དོན།
བརྟན་སྐར་ཞིག་སྐྱེས་པ་ནས་ནར་སོན། ནར་སོན་པ་ནས་ན་སོ་རྒྱས་པ་དང་། ན་སོ་རྒྱས་པ་ནས་ན་སོ་རྒས་པ། ན་སོ་རྒས་པ་ནས་འཆི་བའི་བར་གྱི་གོ་རིམ་ལ་བྱ།
ཁྱབ་ཁོངས།
གནམ་དཔྱད་རིག་པ།
སྤྱིའི་འཕེལ་ཕྱོགས།
སྟུག་ཚད་ཇེ་ཆེར་འགྲོ་བ།
ངོ་བོ།
བརྟན་སྐར་ཏེ་གསོན་པའི་དུས་ཡུན་ནང་དུ་རིམ་འགྱུར་གྱི་གཞུང་ལུགས།
1 ངོ་སྤྲོད།

བརྟན་སྐར་རིམ་འགྱུར་ནི་བརྟན་སྐར་ཞིག་སྐྱེས་པ་ནས་ནར་སོན། ནར་སོན་པ་ནས་ན་སོ་རྒྱས་པ་དང་། ན་སོ་རྒྱས་པ་ནས་ན་སོ་རྒས་པ། ན་སོ་རྒས་པ་ནས་འཆི་བའི་བར་གྱི་གོ་རིམ་ལ་བྱ་ཞིང་།  གོ་རིམ་དེ་དག་ཧ་ཅང་དལ་ཞིང་འགོར་བ་ཞིག་ཡིན། གནམ་དཔྱད་རིག་པ་བས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་བརྟན་སྐར་ལ་ལྟ་ཞིབ་དང་ཞིབ་འཇུག་བྱས་ཏེ། བརྟན་སྐར་ཞིག་ཇི་ལྟར་མངལ་དུ་བལྟམས་པ་དང་། ཇི་ལྟར་སྐྱེས་པ། ན་སོ་རྒྱས་པ་དང་ན་སོ་རྒས་པ། དེ་ནས་འཆི་བའི་གོ་རིམ་ལ་དབྱེ་ཞིབ་མཛད། བརྟན་སྐར་རིམ་འགྱུར་གྱི་སྨྲ་བ་ནི་གནམ་དཔྱད་རིག་པའི་ཁྲོད། བརྟན་སྐར་ཏེ་གསོན་པའི་དུས་ཡུན་ནང་དུ་ཇི་ལྟར་རིམ་འགྱུར་བྱས་ཚུལ་བརྗོད་པའི་སྐོར་གྱི་གཞུང་ལུགས་ཤིག་ལ་ཟེར།

བརྟན་སྐར་ནི་རིམ་འགྱུར་བྱས་པས་སྤུས་ཚད་རི་མོ་ལས་སྤོ་འགུལ་བྱུང་མོད། ཡིན་ཡང་ཚེག་ཐིག་ཉེ་འཁོར་ནས་མུ་མཐུད་དུ་སྡོད་པར་བྱེད། ཚེག་ཐིག་ཉེ་འཁོར་གྱི་གནས་ཇི་ལྟར་ཆེ་ན་བརྟན་སྐར་ལ་རིགས་མི་འདྲ་བའི་རིམ་འགྱུར་དུས་ཡུན་ནང་དཀྱིལ་དབུས་སུ་འགྱུར་ལྡོག་བྱུང་བ་མཚོན།

འཐེན་ཤུགས་ཀྱི་ཚོད་འཛིན་ལས་བརྟན་སྐར་རིམ་འགྱུར་གྱི་སྤྱིའི་འཕེལ་ཕྱོགས་ནི་སྟུག་ཚད་ཧ་ཅང་ཆེ། ཡིན་ཡང་སྤུས་ཚད་བོར་བ་དང་། གས་པ། སྙོམས་པོ་མིན་པ། འགད་པ་སོགས་ཀྱིས་སྤུས་ཚད་ཇེ་ཆུང་ལ་གཏོང་གི་ཡོད། བརྟན་སྐར་རིམ་འགྱུར་ལ་དགོས་ངེས་ཀྱི་ཆ་རྐྱེན་གསུམ་ལྡན་ལ་འཁྱག་པའི་རིགས་ཤིག་གིས་སྤྱི་སྡོམ་མཛད་ཡོད་དེ། བརྟན་སྐར་ཆུང་བ་དཀར་པོ་དང་སྐར་རྡུལ་འབྲིང་བ། བརྟན་སྐར་ནག་པོ་བཅས་སོ། །

བརྟན་སྐར་སྣ་གཅིག་གི་རིམ་འགྱུར་དེ་རྒྱུན་པར་ལོ་ངོ་དུང་ཕྱུར་བཅུ་ཙམ་ཆགས་ལ། མིའི་རིགས་ཀྱིས་མཐའ་གཅིག་ཏུ་ལྟ་ཞིབ་བྱེད་ནུས་རྒྱུ་ནི་དཔེ་མི་སྲིད། མིག་སྔར་རྩིས་རྒྱག་གི་རྣམ་པས་བརྟན་སྐར་རིམ་འགྱུར་ལ་ཚོད་དཔག་བྱེད་བཞིན་ཡོད།

2 རིམ་འགྱུར་གྱི་རྒྱུ་རྐྱེན།

དུས་རབས20པའི་ལོ་རབས30པར། དངོས་ལུགས་རིག་པ་བས་གཞུང་ལུགས་ཀྱི་སྟེང་ནས་ཤེས་རྟོགས་བྱུང་བ་ལྟར་ན། མ་རྡུལ་སྙིང་བོའི་འགྱུར་བ་ཡིས་ནུས་ཚད་ངེས་ཅན་ཞིག་ཐོན་ལ། རིག་གཞུང་འདིས་ཉི་མའི་ནུས་ཁུངས་ལ་ཞིབ་འཇུག་བྱས་ཤིང་། ཉི་མའི་ནུས་ཁུངས་དེ་ཏག་ཏག་ཉིང་རྡུལ་འདུས་འགྱུར་གྱིས་འགྲེལ་བཤད་བྱེད་ཐུབ།

ལོ་ཚོད་མི་འདྲ་བའི་བརྟན་སྐར་སྣ་ཚོགས་ཀྱི་ནང་ངོས་ནས་ཚ་བའི་ཉིང་རྡུལ་འདུས་འགྱུར་སྣ་ཚོགས་བྱུང་། བརྟན་སྐར་རིམ་འགྱུར་གྱི་གོ་རིམ་ཁྲོད་ཚ་བའི་ཉིང་རྡུལ་འདུས་འགྱུར་སྐོར་ཞིག་འབྱུང་བ་དང་། གཞི་རྒྱུ་ཡང་མོའི་རིགས་གཞི་རྒྱུ་ལྗི་མོར་འགྱུར་ལ། རིམ་བཞིན་བརྟན་སྐར་གྱི་གྲུབ་ཆ་འགྱུར་ཤིང་བརྟན་སྐར་ནང་ངོས་ཀྱི་རྣམ་པ་ལའང་འགྱུར་བ་འབྱུང་དུ་འཇུག  དེར་མ་ཟད། ཚ་བའི་ཉིང་རྡུལ་འདུས་འགྱུར་བྱུང་བ་ལ་མཁོ་བའི་དྲོད་ཚད་ཀྱང་རིམ་བཞིན་ཇེ་མཐོ་ནས་ཇེ་མཐོར་འགྲོ་བ་ཡིན།

3 རིམ་འགྱུར་གྱི་འབྲས་བུ།

ཨ་མེ་རི་ཁའི་གནམ་དཔྱད་རིག་པ་བ་ཆན་ཏེ་ལ་སའེ་ཁ་ཡིས་སྔོན་དཔག་བྱས་པ་ལྟར་ན། བརྟན་སྐར་ནང་སྙིང་གི་སྤུས་ཚད་དེ་ཉི་མའི་སྤུས་ཚད་ལས་ལྡབ1.44ལས་ཆུང་བའི་བརྟན་སྐར་མ་འོངས་པར་བརྟན་སྐར་ཆུང་བ་དཀར་པོར་འགྱུར་བ་དང་། ནང་སྙིང་སྤུས་ཚད་དེ་ཉི་མའི་སྤུས་ཚད་ལས་ལྡབ1.44ལས་ཆེ་བ་དང3.2ལས་ཆུང་བ། གཟུགས་གཞི་ཡོངས་དེ་ཉི་མའི་ལྡབ8ནས15བར་གྱི་བརྟན་སྐར་དེ་བར་རྡུལ་བརྟན་སྐར་དུ་འགྱུར། ནང་སྙིང་དེ་ཉི་མའི་ལྡབ3.2ལས་བརྒལ་བའི་རིགས་དེ་བརྟན་སྐར་ནག་པོར་འགྱུར་བ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-24

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།