བརྟན་སྐར་མ་ལག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བརྟན་སྐར་མ་ལག
བརྟན་སྐར་མ་ལག་ལ་སྐར་མའི་མ་ལག་ཡང་ཟེར་ཞིང་། དེ་ནི་འཇིག་རྟེན་ཁམས་ཀྱི་སྐར་མའི་གོ་ལ་མང་པོས་གྲུབ་པའི་གླིང་ཕྲན་ལ་བྱ། དེ་ནི་འཇིག་རྟེན་ཁམས་ཀྱི་ཆེས་ཆེ་བ་དང་ཆེས་མཛེས་པའི་གནམ་གྱི་གོ་ལའི་མ་ལག་ཅིག་ཀྱང་ཡིན། ད་ལྟའི་བར་དུ་མི་རྣམས་ཀྱིས་འཇིག་རྟེན་ཁམས་ཆེན་མོ་ནས་སྐར་མའི་མ་ལག་དུང་ཕྱུར་སྟོང་གཅིག་ལ་ཉེ་བ་ལྷག་འཚོལ་རྙེད་བྱུང་ཡོད། དགུ་ཚིགས་སྐྱ་མོའི་མ་ལག་ཀྱང་རྒྱུན་ལྡན་གྱི་སྐར་མའི་མ་ལག་ཅིག་ཡིན། མི་རྣམས་ཀྱིས་ཚོད་དཔག་ལྟར་ན་བརྟན་སྐར་མ་ལག་གི་སྤྱིའི་གྲངས་འབོར་དུང་ཕྱུར་སྟོང་གཅིག་ལྷག་གི་ཡན་ཙམ་ཟིན་ལ། དེ་དག་ནི་མཐའ་ཡས་པའི་རྒྱ་མཚོའི་ཁྲོད་ཀྱི་གླིང་ཕྲན་དང་མཚུངས་ཤིང་། གནའ་བོའི་དུས་སུ་འཇིག་རྟེན་ཁམས་ཆེན་མོའི་གླིང་ཕྲན་ཀྱང་ཟེར། དེ་དག་ཁྲོད་ཀྱི་ལ་ལ་ང་ཚོ་དང་ཉེ་ལ། བདེ་བླག་གི་སྒོ་ནས་དེ་དག་གི་གྲུབ་ཚུལ་ལ་ལྟ་ཞིབ་བྱེད་ནུས་པ་རེད། ལ་ལ་ནི་ཧ་ཅང་རྒྱང་རིང་པོ་ན་ཡོད། མིག་སྔར་ཤེས་ཟིན་པའི་ཆེས་རྒྱང་ཐག་རིང་བའི་སྐར་མའི་མ་ལག་དེ་ང་ཚོ་དང་འོད་ལོ་དུང་ཕྱུར132ལྷག་ཡོད་ཅིང་། མིང་ལAbell1835IR1916རུ་བཏགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
恒星系
ཕྱི་ཡིག་གི་མིང་།
Star system
མིང་གཞན།
སྐར་མའི་མ་ལག འཇིག་རྟེན་ཁམས་ཆེན་མོའི་གླིང་ཕྲན།
མིང་བཏགས་པ།
Abell1835IR1916
བར་ཐག
འོད་ལོ་དུང་ཕྱུར132
1 ངོ་སྤྲོད།

བརྟན་སྐར་མ་ལག་ལ་སྐར་མའི་མ་ལག་ཡང་ཟེར་ཞིང་།   དེ་ནི་འཇིག་རྟེན་ཁམས་ཀྱི་སྐར་མའི་གོ་ལ་མང་པོས་གྲུབ་པའི་གླིང་ཕྲན་ལ་བྱ། དེ་ནི་འཇིག་རྟེན་ཁམས་ཀྱི་ཆེས་ཆེ་བ་དང་ཆེས་མཛེས་པའི་གནམ་གྱི་གོ་ལའི་མ་ལག་ཅིག་ཀྱང་ཡིན། ད་ལྟའི་བར་དུ་མི་རྣམས་ཀྱིས་འཇིག་རྟེན་ཁམས་ཆེན་མོ་ནས་སྐར་མའི་མ་ལག་དུང་ཕྱུར་སྟོང་གཅིག་ལ་ཉེ་བ་ལྷག་འཚོལ་རྙེད་བྱུང་ཡོད། དགུ་ཚིགས་སྐྱ་མོའི་མ་ལག་ཀྱང་རྒྱུན་ལྡན་གྱི་སྐར་མའི་མ་ལག་ཅིག་ཡིན། མི་རྣམས་ཀྱིས་ཚོད་དཔག་ལྟར་ན་བརྟན་སྐར་མ་ལག་གི་སྤྱིའི་གྲངས་འབོར་དུང་ཕྱུར་སྟོང་གཅིག་ལྷག་གི་ཡན་ཙམ་ཟིན་ལ། དེ་དག་ནི་མཐའ་ཡས་པའི་རྒྱ་མཚོའི་ཁྲོད་ཀྱི་གླིང་ཕྲན་དང་མཚུངས་ཤིང་། གནའ་བོའི་དུས་སུ་འཇིག་རྟེན་ཁམས་ཆེན་མོའི་གླིང་ཕྲན་ཀྱང་ཟེར། དེ་དག་ཁྲོད་ཀྱི་ལ་ལ་ང་ཚོ་དང་ཉེ་ལ། བདེ་བླག་གི་སྒོ་ནས་དེ་དག་གི་གྲུབ་ཚུལ་ལ་ལྟ་ཞིབ་བྱེད་ནུས་པ་རེད། ལ་ལ་ནི་ཧ་ཅང་རྒྱང་རིང་པོ་ན་ཡོད། མིག་སྔར་ཤེས་ཟིན་པའི་ཆེས་རྒྱང་ཐག་རིང་བའི་སྐར་མའི་མ་ལག་དེ་ང་ཚོ་དང་འོད་ལོ་དུང་ཕྱུར132ལྷག་ཡོད་ཅིང་། མིང་ལAbell1835IR1916རུ་བཏགས་ཡོད།

2 ཞིབ་འཇུག

བརྟན་སྐར་མ་ལག་གི་ཤེས་རྟོགས་བརྒྱུད་རིམ་དང་འབྲེལ་བ་ཡོད་པའི་གནས་ཚུལ་དེ་ལོ་ངོ་ཉིས་བརྒྱ་ལྷག་གི་ཡར་སྔོན་དུ་དེད་ན། ཧྥ་རན་སེའི་སྐབས་དེའི་གནམ་དཔྱད་རིག་པ་བ་མེ་ཞི་ཡེ་ལགས་ཀྱིས་སྐར་སྤྲིན་བསྡུ་སྒྲིག་གི་རེའུ་མིག་ཁྲོད། ཨང་རྟགསM31ཅན་གྱི་སྐར་སྤྲིན་ཞིག་གིས་གནམ་དཔྱད་རིག་པའི་ལོ་རྒྱུས་སྟེང་གོ་གནས་གལ་ཆེན་ཟིན། དགུན་འགོ་མའི་དགོང་མོར། སྐར་མ་ལ་ཆ་རྒྱུས་ཡོད་པའི་མིས་ལྷ་མོའི་སྐར་ཚོམ་གྱི་ཁྲོད་ནས་མིག་གིས་ཅུང་གསལ་ལ་མི་གསལ་བའི་ཚེག་གཅིག་མཐོང་ཐུབ་ལ། དེ་ནི་ལྷ་མོའི་སྐར་ཚོམ་གྱི་སྐར་སྤྲིན་ཆེ་བ་རུ་འབོད་པ་དེ་ཡིན། སྤྱི་ལོ1885ལོ་ནས་བཟུང་སྟེ། མི་རྣམས་ཀྱིས་ལྷ་མོའི་སྐར་ཚོམ་གྱི་སྐར་སྤྲིན་ཆེ་བའི་ཁྲོ་ནས་སྐར་མ་གསར་བ་མང་དུ་རྙེད། རིགས་འདེད་བྱས་པ་ལས་ལྷ་མོའི་སྐར་ཚོམ་གྱི་སྐར་སྤྲིན་ནི་རྒྱུན་ལྡན་མ་ཡིན་པ་དང་འོད་འགྱེད་རྡུལ་ཕྲན་གྱི་དབུགས་གཟུགས་སྤྲིན་གྱི་ཚོགས་ཞིག་ཡིན་པའང་རྟོགས་ལ། འདི་ནི་བརྟན་སྐར་ཧ་ཅང་མང་པོའི་གྲུབ་པའི་མ་ལག་ཅིག་ཡིན་པའང་ཐག་གཅོད་བྱས། བརྟན་སྐར་གྱི་གྲངས་འབོར་ཚད་ངེས་ཅན་ཞིག་ཇེ་མང་དུ་སོང་ལ། འདི་ལྟར་དེ་དག་གི་ཁྲོད་ནས་སྐར་མ་གསར་བ་མང་དུ་བྱོན་པ་རེད། གལ་ཏེ་སྐར་མ་གསར་བ་འདི་དག་ཆེས་གསལ་བའི་དུས་སྐབས་ཀྱི་འོད་ཚད་དང་དགུ་ཚིགས་ཁྱིམ་རྒྱུད་ཀྱི་ཁྲོད་ནས་རྙེད་པའི་སྐར་མ་གསར་བ་གཞན་དག་གི་འོད་ཚད་འདྲ་བའི་དབང་དུ་བྱས་ན། ལྷ་མོའི་སྐར་ཚོམ་གྱི་སྐར་སྤྲིན་ཆེ་བ་དག་ནི་ང་ཚོ་དང་ཧ་ཅང་རིང་བའི་ས་ན་ཡོད་པ་དང་། ང་ཚོས་ཤེས་ཟིན་པའི་དགུ་ཚིགས་མ་ལག་གི་ཁྱབ་ཁོངས་དང་རིང་དུ་བརྒལ་ཡོད། ཡིན་ཡང་སྐར་མ་གསར་བའི་ཚོད་དཔག་གི་བར་ཐག་དེ་ཡིད་རྟོན་ནུས་པ་ཞིག་མ་ཡིན་པས་རྩོད་གླེང་བྱུང་བ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-24

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།