བརྟན་སྐར་ཆེ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བརྟན་སྐར་ཆེ་བ།
བརྟན་སྐར་ཆེ་བ་ནི་གནམ་དཔྱད་རིག་པའི་ཁྲོད་དུ། འོད་ཚད་ཆེ་བ་དང་བོངས་ཚད་ཆེ་བ། སྟུག་ཚད་ཆེ་བའི་བརྟན་སྐར་ལ་འཇུག འོད་ཚད་སྤྱིར་བཏང་གི་བརྟན་སྐར(གཙོ་སྐར་རིམ་པ)ལས་ཆེ་ཞིང་ཆེས་ཆེ་བའི་བརྟན་སྐར་ལས་ཆུང་བའི་བརྟན་སྐར་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
巨星
ཁྱད་ཆོས།
འོད་ཚད་ཆེ་བ་དང་བོངས་ཚད་ཆེ་བ། སྟུག་ཚད་ཆེ་བ།
ངོ་བོ།
བརྟན་སྐར།
1 ངོ་སྤྲོད།

བརྟན་སྐར་ཆེ་བ་ནི་གནམ་དཔྱད་རིག་པའི་ཁྲོད་དུ། འོད་ཚད་ཆེ་བ་དང་བོངས་ཚད་ཆེ་བ། སྟུག་ཚད་ཆེ་བའི་བརྟན་སྐར་ལ་འཇུག  འོད་ཚད་སྤྱིར་བཏང་གི་བརྟན་སྐར(གཙོ་སྐར་རིམ་པ)ལས་ཆེ་ཞིང་ཆེས་ཆེ་བའི་བརྟན་སྐར་ལས་ཆུང་བའི་བརྟན་སྐར་ལ་ཟེར།

2 དབྱེ་བ།

བརྟན་སྐར་ཆེ་བ་སྔོན་པོ་ནི་སྤུས་ཚད་མཐོ་བའི་གཙོ་སྐར་རིམ་པའི་སྐར་མ་ཡིན་ལ། དེའི་ནང་ཁུལ་གྱི་ཉིང་རྡུལ་གྱི་འགྱུར་བ་འབྱུང་ཚད་ཤིན་ཏུ་ཆེ་ཞིང་། བོངས་ཚད་ཧ་ཅང་ཆེ་བའི་བརྟན་སྐར་ཞིག་ཡིན། དེ་དག་གི་མུ་འབྲེལ་རིམ་པ་ནི་ཅུང་ཐུང་ལ། ལོ་ངོ་ཁྲི་སྟོང་ཕྲག་འགའི་དུས་ཡུན་མ་གཏོགས་མེད་མོད། འོན་ཀྱང་རྒྱུ་རྐྱེན་གཏན་ནས་འདྲ་བ་མ་རེད། དུས་རྒྱུན་བཤད་བཞིན་པའི་བརྟན་སྐར་ཆེ་བ་སྔོན་པོ་ནི་སྤུས་ཚད་མཐོ་བའི་གཙོ་སྐར་རིམ་པའམ་གཙོ་སྐར་རིམ་པ་དང་ཁ་བྲལ་མ་ཐག་པའི་སྤུས་ཚད་ཆེ་བའི་སྐར་མ་ཡིན་ལ། ནང་ཁུལ་གྱི་ཉིང་རྡུལ་འགྱུར་ཚད་ཧ་ཅང་ཆེ། བརྟན་སྐར་ཆེ་བ་སྔོན་པོའི་དུས་རྒྱུན་གྱི་འོད་རིམ་ནིA0ལས་སྔ་བོ་ཡོད་ཅིང་། ཕྱི་ངོས་ཀྱི་དྲོད་ཚད་དེ10000Kལས་ཀྱང་ཆེ། སྤུས་ཚད་ཅུང་མཐོ་བའི་རྒྱུ་མཚན་གྱིས་བརྟན་སྐར་ཆེ་བ་སྔོན་པོ་ལ་སྤྱིར་བཏང་དུ་ཅུང་མཐོ་བའི་འོད་ཚད་ཡོད་ལ། རྒྱུན་པར་ཉི་མ་དང་བསྡུར་ན་ལྡབ500ཡི་ཡན་ལ་ཟིན་ཡོད། ཡིན་ཡང་པི་ཝང་སྐར་ཚོམ་གྱིRRཅན་གྱི་འགྱུར་སྐར་དེ་བརྟན་སྐར་ཆེ་བ་སྔོན་པོར་གཏོགས་མོད། དོན་དངོས་སུ་དེ་ནི་སྤུས་ཚད་དམའ་འབྲིང་རིམ་གྱི་དུས་རིམ་ཕྱི་མར་གཏོགས། དྲོད་ཚད་དང་འོད་ཚད་སོགས་ཚང་མ་རྒྱུན་ལྡན་གྱི་བརྟན་སྐར་ཆེ་བ་སྔོན་པོ་ལས་ཧ་ཅང་དམའ་བ་ཡིན་ཞིང་། སྤུས་ཚད་ཉི་མའི་ལྡབ0.6ནས0.8ཙམ་ལས་མེད། དེ་བས་སྤྱིར་བཏང་གི་བརྟན་སྐར་ཆེ་བ་སྔོན་པོར་ཚུད་མི་སྲིད།

བརྟན་སྐར་ཆེ་བ་དམར་པོ་ནི་བརྟན་སྐར་འབར་ནས་དུས་མཇུག་ལ་སླེབས་དུས་བར་བརྒྱུད་པའི་ཅུང་ཐུང་ལ་གཏན་འཇགས་མ་ཡིན་པའི་རིམ་པ་དེ་ལ་བྱ། བརྟན་སྐར་གྱི་སྤུས་ཚད་མི་འདྲ་བར་གཞིགས་ནས། དུས་ཡུན་ལའང་ལོ་ངོ་ཁྲི་བརྒྱ་ལྷག་སོགས་འདྲ་མིན་སྣ་ཚོགས་མཆིས། འདི་དང་བརྟན་སྐར་གྱི་དུས་ཡུན་ལོ་ངོ་དུང་ཕྱུར་བཅུའམ་ཡང་ན་དུང་ཕྱུར་བརྒྱ་ཡན་གྱི་ངེས་གཏན་དུས་ཡུན་ཅན་དང་བསྡུར་ན་ཧ་ཅང་ཐུང་བ་རེད། བརྟན་སྐར་ཆེ་བ་དམར་པོའི་དུས་ཀྱི་བརྟན་སྐར་གྱི་ཕྱི་ངོས་དྲོད་ཚད་ཚོད་ཧ་ཅང་དམའ་མོད། ཡིན་ཡང་འོད་ཧ་ཅང་གསལ་བོ་ཡིན་པ་དེ་དག་གི་བོངས་ཚད་ཧ་ཅང་ཆེ་བས་རྐྱེན་ཡིན། ཧོ་ལུའོ་རི་མོའི་སྟེང་དུ། བརྟན་སྐར་ཆེ་བ་དམར་པོ་ནི་ཧ་ཅང་ཆེ་བའི་གཙོ་རིམ་སྐར་མ་ཞིག་ཡིན་ཞིང་། འོད་རིམKཅན་དངMཅན་ལ་གཏོགས། བརྟན་སྐར་ཆེ་བ་དམར་པོ་འདོགས་དོན་ནི་དེའི་ཁ་དོག་བལྟས་པ་ཙམ་གྱིས་དམར་པོར་སྣང་ལ། བོངས་ཚད་ཀྱང་ཧ་ཅང་ཆེ་བས་ཆ་ནས་དེ་ལྟར་བཏགས། གླང་སྐར་ཚོམ་གྱི་སྣར་མ་ལྔ་བ་དང་ཕྱུགས་རྫིའི་སྐར་ཚོམ་གྱི་སྐར་མ་རྭ་ཆེན་སོགས་ནི་བརྟན་སྐར་ཆེ་བ་དམར་པོ་ཡིན། རྔོན་པའི་སྐར་ཚོམ་གྱི་སྐར་མ་ལག་བཞི་བ་ནི་བརྟན་སྐར་ཆེས་ཆེ་བ་དམར་པོ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-24

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།