བརྟན་སྐར་ཆེ་བ་སྔོན་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བརྟན་སྐར་ཆེ་བ་སྔོན་པོ།
བརྟན་སྐར་ཆེ་བ་སྔོན་པོ་ནི་སྤུས་ཚད་མཐོ་བའི་གཙོ་སྐར་རིམ་པའི་སྐར་མ་ཡིན་ལ། དེའི་ནང་ཁུལ་གྱི་ཉིང་རྡུལ་གྱི་འགྱུར་བ་འབྱུང་ཚད་ཤིན་ཏུ་ཆེ་ཞིང་། བོངས་ཚད་ཧ་ཅང་ཆེ་བའི་བརྟན་སྐར་ཞིག་ཡིན། དེ་དག་གི་མུ་འབྲེལ་རིམ་པ་ནི་ཅུང་ཐུང་ལ། ལོ་ངོ་ཁྲི་སྟོང་ཕྲག་འགའི་དུས་ཡུན་མ་གཏོགས་མེད་མོད། འོན་ཀྱང་རྒྱུ་རྐྱེན་གཏན་ནས་འདྲ་བ་མ་རེད། དུས་རྒྱུན་བཤད་བཞིན་པའི་བརྟན་སྐར་ཆེ་བ་སྔོན་པོ་ནི་སྤུས་ཚད་མཐོ་བའི་གཙོ་སྐར་རིམ་པའམ་གཙོ་སྐར་རིམ་པ་དང་ཁ་བྲལ་མ་ཐག་པའི་སྤུས་ཚད་ཆེ་བའི་སྐར་མ་ཡིན་ལ། ནང་ཁུལ་གྱི་ཉིང་རྡུལ་འགྱུར་ཚད་ཧ་ཅང་ཆེ། བརྟན་སྐར་ཆེ་བ་སྔོན་པོའི་དུས་རྒྱུན་གྱི་འོད་རིམ་ནིA0ལས་སྔ་བོ་ཡོད་ཅིང་། ཕྱི་ངོས་ཀྱི་དྲོད་ཚད་དེ10000Kལས་ཀྱང་ཆེ། སྤུས་ཚད་ཅུང་མཐོ་བའི་རྒྱུ་མཚན་གྱིས་བརྟན་སྐར་ཆེ་བ་སྔོན་པོ་ལ་སྤྱིར་བཏང་དུ་ཅུང་མཐོ་བའི་འོད་ཚད་ཡོད་ལ། རྒྱུན་པར་ཉི་མ་དང་བསྡུར་ན་ལྡབ500ཡི་ཡན་ལ་ཟིན་ཡོད། ཡིན་ཡང་པི་ཝང་སྐར་ཚོམ་གྱིRRཅན་གྱི་འགྱུར་སྐར་དེ་བརྟན་སྐར་ཆེ་བ་སྔོན་པོར་གཏོགས་མོད། དོན་དངོས་སུ་དེ་ནི་སྤུས་ཚད་དམའ་འབྲིང་རིམ་གྱི་དུས་རིམ་ཕྱི་མར་གཏོགས། དྲོད་ཚད་དང་འོད་ཚད་སོགས་ཚང་མ་རྒྱུན་ལྡན་གྱི་བརྟན་སྐར་ཆེ་བ་སྔོན་པོ་ལས་ཧ་ཅང་དམའ་བ་ཡིན་ཞིང་། སྤུས་ཚད་ཉི་མའི་ལྡབ0.6ནས0.8ཙམ་ལས་མེད། དེ་བས་སྤྱིར་བཏང་གི་བརྟན་སྐར་ཆེ་བ་སྔོན་པོར་ཚུད་མི་སྲིད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
蓝巨星
ཕྱི་ཡིག་གི་མིང་།
Blue giant
རིགས་དབྱེ།
བརྟན་སྐར།
སྤུས་ཚད།
ཉི་མའི་ལྡབ4ནས40བར།
ཚངས་ཐིག
ཉི་མའི་ལྡབ5ནས15བར།
ཕྱི་ངོས་དྲོད་ཚད།
10000K
བལྟོས་མེད་སྐར་གསལ་རིམ་པ།
-1.5ནས-5.5
1 ངོ་སྤྲོད།

བརྟན་སྐར་ཆེ་བ་སྔོན་པོ་ནི་སྤུས་ཚད་མཐོ་བའི་གཙོ་སྐར་རིམ་པའི་སྐར་མ་ཡིན་ལ། དེའི་ནང་ཁུལ་གྱི་ཉིང་རྡུལ་གྱི་འགྱུར་བ་འབྱུང་ཚད་ཤིན་ཏུ་ཆེ་ཞིང་། བོངས་ཚད་ཧ་ཅང་ཆེ་བའི་བརྟན་སྐར་ཞིག་ཡིན། དེ་དག་གི་མུ་འབྲེལ་རིམ་པ་ནི་ཅུང་ཐུང་ལ། ལོ་ངོ་ཁྲི་སྟོང་ཕྲག་འགའི་དུས་ཡུན་མ་གཏོགས་མེད་མོད། འོན་ཀྱང་རྒྱུ་རྐྱེན་གཏན་ནས་འདྲ་བ་མ་རེད། དུས་རྒྱུན་བཤད་བཞིན་པའི་བརྟན་སྐར་ཆེ་བ་སྔོན་པོ་ནི་སྤུས་ཚད་མཐོ་བའི་གཙོ་སྐར་རིམ་པའམ་གཙོ་སྐར་རིམ་པ་དང་ཁ་བྲལ་མ་ཐག་པའི་སྤུས་ཚད་ཆེ་བའི་སྐར་མ་ཡིན་ལ། ནང་ཁུལ་གྱི་ཉིང་རྡུལ་འགྱུར་ཚད་ཧ་ཅང་ཆེ། བརྟན་སྐར་ཆེ་བ་སྔོན་པོའི་དུས་རྒྱུན་གྱི་འོད་རིམ་ནིA0ལས་སྔ་བོ་ཡོད་ཅིང་། ཕྱི་ངོས་ཀྱི་དྲོད་ཚད་དེ10000Kལས་ཀྱང་ཆེ། སྤུས་ཚད་ཅུང་མཐོ་བའི་རྒྱུ་མཚན་གྱིས་བརྟན་སྐར་ཆེ་བ་སྔོན་པོ་ལ་སྤྱིར་བཏང་དུ་ཅུང་མཐོ་བའི་འོད་ཚད་ཡོད་ལ། རྒྱུན་པར་ཉི་མ་དང་བསྡུར་ན་ལྡབ500ཡི་ཡན་ལ་ཟིན་ཡོད། ཡིན་ཡང་པི་ཝང་སྐར་ཚོམ་གྱིRRཅན་གྱི་འགྱུར་སྐར་དེ་བརྟན་སྐར་ཆེ་བ་སྔོན་པོར་གཏོགས་མོད། དོན་དངོས་སུ་དེ་ནི་སྤུས་ཚད་དམའ་འབྲིང་རིམ་གྱི་དུས་རིམ་ཕྱི་མར་གཏོགས། དྲོད་ཚད་དང་འོད་ཚད་སོགས་ཚང་མ་རྒྱུན་ལྡན་གྱི་བརྟན་སྐར་ཆེ་བ་སྔོན་པོ་ལས་ཧ་ཅང་དམའ་བ་ཡིན་ཞིང་། སྤུས་ཚད་ཉི་མའི་ལྡབ0.6ནས0.8ཙམ་ལས་མེད། དེ་བས་སྤྱིར་བཏང་གི་བརྟན་སྐར་ཆེ་བ་སྔོན་པོར་ཚུད་མི་སྲིད།

2 ཞིབ་འཇུག་ལོ་རྒྱུས།

བརྟན་སྐར་ཆེ་བ་སྔོན་པོ་ཁྱད་པར་བ་ཞིག་ཡོད་པ་དེའི་མིང་ལ་ཝོ་ཨེར་ཧྥུ་ལ་ཡེ་སྐར་མ་ཟེར། སྐར་མ་འདིའི་རིགས་ཆེས་ཐོག་མར་ཧྥ་རན་སེའི་གནམ་དཔྱད་རིག་པ་བC.J.E.ཝོ་ཨེར་ཧྥུ་དངG.A.P.ལ་ཡེ་གཉིས་ཀྱིས་གསར་རྟོགས་བྱུང་བས་མིང་ཡང་དེ་ལྟར་ཐོགས། དེ་བསྡུས་ན་སྐར་མWRཡང་ནWཟེར། དགུ་ཚིགས་སྐྱ་མོའི་ཁྱིམ་རྒྱུད་དང་དེའི་ཉེ་འདབས་ཀྱི་སྐར་ཁྱིམ་ནས་ཕལ་ཆེར་སྐར་མ250ལྷག་རྙེད་ཡོད། WRལ་རིམ་པ་གཉིས་སུ་དགར་ཡོད་དེ། ཏན་རིམ་དང་ཐཱན་རིམ་གཉིས་ཡིན་ལ། སོ་སོརWNདངWCགཉིས་ཀྱིས་མཚོན། རྒྱུན་ལྡན་གྱི་སྐར་མOཅན་དངBཅན་གྱི་མཁའ་དབུགས་ཆེན་པོའི་གཞི་རྒྱུ་ཕུན་སུམ་ཚོགས་པ་ཅན་དང་བསྡུར་ན། སྐར་མWRཡི་མཁའ་དབུགས་ཆེན་པོའི་ཁྲོད་ཀྱི་ཆིན་འདུས་ཚད་ལྡབ50ནས150ཡིས་ཉུང་།  WNཅན་གྱི་སྐར་མའི་ཏན་འདུས་ཚད་ལྡབ50ནས100བར་བརྒལ་ཡོད། WCཅན་གྱི་ཐཱན་འདུས་ཚད་ནི་ལྡབ400ནས700བར་བརྒལ་ཡོད་ཅིང་།  ཧོ་ལུའོ་རི་མོའི་ཁྲོད་དུ་སྐར་མWRགཙོ་རིམ་གྱི་སྟེང་དུ་ཡོད། དབྱེ་ཞིབ་བྱས་པ་ལྟར་ན། སྐར་མWRལ་ཧ་ཅང་དྲག་པའི་སྐར་རླུང་ཡོད་པ་དང་། ཚོད་དཔག་བྱས་ན་སྤུས་ཚད་ཉམས་ཉེས་ཀྱི་ཚད་དེ་ཉི་མའི་སྤུས་ཚད་ཀྱི་ལོ10-5~10-4ཡིན། འདི་འདྲའི་སྤུས་ཚད་ཉམས་ཉེས་ཀྱི་ཚད་དེ་ཡུན་རིང་བོར་རྒྱུན་སྲིང་བྱེད་མི་སྲིད་ལ། སྐར་མWRཡི་ལོ་ཚོད་ཀྱང་མི་ཆེ་བ་མཚོན། ཡིན་ཡང་སྤུས་ཚད་ཆེ་བའི་སྐར་མ་རིམ་འགྱུར་བྱེད་མགྱོགས་པས། ཆིན་འབར་ཚར་ཟིན་ཞིང་། གཙོ་རིམ་གྱི་མཐའ་མའི་དུས་རིམ་ལ་སླེབས་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-24

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།