བརྟན་སྐར་ཆེ་བ་དམར་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བརྟན་སྐར་ཆེ་བ་དམར་པོ།
བརྟན་སྐར་ཞིག་གི་ན་གཞོན་ལང་ཚོ་རིམ་གྱིས་རྒས་པ་སྟེ་གཙོ་རིམ་སྐར་མའི་དུས་རབས་ལ་སླེབས་ན། དེ་རིམ་གྱིས་བརྟན་སྐར་ཆེ་བ་དམར་པོ་ཞིག་ཏུ་འགྱུར་སྲིད། བརྟན་སྐར་ཆེ་བ་དམར་པོ་ནི་བརྟན་སྐར་འབར་ནས་དུས་མཇུག་ལ་སླེབས་དུས་བར་བརྒྱུད་པའི་ཅུང་ཐུང་ལ་གཏན་འཇགས་མ་ཡིན་པའི་རིམ་པ་དེ་ལ་བྱ། བརྟན་སྐར་གྱི་སྤུས་ཚད་མི་འདྲ་བར་གཞིགས་ནས། དུས་ཡུན་ལའང་ལོ་ངོ་ཁྲི་བརྒྱ་ལྷག་སོགས་འདྲ་མིན་སྣ་ཚོགས་མཆིས། འདི་དང་བརྟན་སྐར་གྱི་དུས་ཡུན་ལོ་ངོ་དུང་ཕྱུར་བཅུའམ་ཡང་ན་དུང་ཕྱུར་བརྒྱ་ཡན་གྱི་ངེས་གཏན་དུས་ཡུན་ཅན་དང་བསྡུར་ན་ཧ་ཅང་ཐུང་བ་རེད། བརྟན་སྐར་ཆེ་བ་དམར་པོའི་དུས་ཀྱི་བརྟན་སྐར་གྱི་ཕྱི་ངོས་དྲོད་ཚད་ཚོད་ཧ་ཅང་དམའ་མོད། ཡིན་ཡང་འོད་ཧ་ཅང་གསལ་བོ་ཡིན་པ་དེ་དག་གི་བོངས་ཚད་ཧ་ཅང་ཆེ་བས་རྐྱེན་ཡིན། ཧོ་ལུའོ་རི་མོའི་སྟེང་དུ། བརྟན་སྐར་ཆེ་བ་དམར་པོ་ནི་ཧ་ཅང་ཆེ་བའི་གཙོ་རིམ་སྐར་མ་ཞིག་ཡིན་ཞིང་། འོད་རིམKཅན་དངMཅན་ལ་གཏོགས། བརྟན་སྐར་ཆེ་བ་དམར་པོ་འདོགས་དོན་ནི་དེའི་ཁ་དོག་བལྟས་པ་ཙམ་གྱིས་དམར་པོར་སྣང་ལ། བོངས་ཚད་ཀྱང་ཧ་ཅང་ཆེ་བས་ཆ་ནས་དེ་ལྟར་བཏགས། གླང་སྐར་ཚོམ་གྱི་སྣར་མ་ལྔ་བ་དང་ཕྱུགས་རྫིའི་སྐར་ཚོམ་གྱི་སྐར་མ་རྭ་ཆེན་སོགས་ནི་བརྟན་སྐར་ཆེ་བ་དམར་པོ་ཡིན། རྔོན་པའི་སྐར་ཚོམ་གྱི་སྐར་མ་ལག་བཞི་བ་ནི་བརྟན་སྐར་ཆེས་ཆེ་བ་དམར་པོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
红巨星
ཕྱི་ཡིག་གི་མིང་།
red giant star;red giant
རིགས་དབྱེ།
བརྟན་སྐར།
གསར་རྙེད་པ།
རྒྱལ་སྤྱིའི་གནམ་དཔྱད་རིག་པའི་ཚན་ཆུང་།
སྤུས་ཚད།
ཉི་མའི་ལྡབ0.8ནས8བར།
ཚངས་ཐིག
ཉི་མའི་ལྡབ10ནས500བར།
ཕྱི་ངོས་དྲོད་ཚད།
4800K(K0III)-2200K(M8III)
1 ངོ་སྤྲོད།

བརྟན་སྐར་ཞིག་གི་ན་གཞོན་ལང་ཚོ་རིམ་གྱིས་རྒས་པ་སྟེ་གཙོ་རིམ་སྐར་མའི་དུས་རབས་ལ་སླེབས་ན། དེ་རིམ་གྱིས་བརྟན་སྐར་ཆེ་བ་དམར་པོ་ཞིག་ཏུ་འགྱུར་སྲིད། བརྟན་སྐར་ཆེ་བ་དམར་པོ་ནི་བརྟན་སྐར་འབར་ནས་དུས་མཇུག་ལ་སླེབས་དུས་བར་བརྒྱུད་པའི་ཅུང་ཐུང་ལ་གཏན་འཇགས་མ་ཡིན་པའི་རིམ་པ་དེ་ལ་བྱ། བརྟན་སྐར་གྱི་སྤུས་ཚད་མི་འདྲ་བར་གཞིགས་ནས། དུས་ཡུན་ལའང་ལོ་ངོ་ཁྲི་བརྒྱ་ལྷག་སོགས་འདྲ་མིན་སྣ་ཚོགས་མཆིས། འདི་དང་བརྟན་སྐར་གྱི་དུས་ཡུན་ལོ་ངོ་དུང་ཕྱུར་བཅུའམ་ཡང་ན་དུང་ཕྱུར་བརྒྱ་ཡན་གྱི་ངེས་གཏན་དུས་ཡུན་ཅན་དང་བསྡུར་ན་ཧ་ཅང་ཐུང་བ་རེད། བརྟན་སྐར་ཆེ་བ་དམར་པོའི་དུས་ཀྱི་བརྟན་སྐར་གྱི་ཕྱི་ངོས་དྲོད་ཚད་ཚོད་ཧ་ཅང་དམའ་མོད། ཡིན་ཡང་འོད་ཧ་ཅང་གསལ་བོ་ཡིན་པ་དེ་དག་གི་བོངས་ཚད་ཧ་ཅང་ཆེ་བས་རྐྱེན་ཡིན། ཧོ་ལུའོ་རི་མོའི་སྟེང་དུ། བརྟན་སྐར་ཆེ་བ་དམར་པོ་ནི་ཧ་ཅང་ཆེ་བའི་གཙོ་རིམ་སྐར་མ་ཞིག་ཡིན་ཞིང་། འོད་རིམKཅན་དངMཅན་ལ་གཏོགས། བརྟན་སྐར་ཆེ་བ་དམར་པོ་འདོགས་དོན་ནི་དེའི་ཁ་དོག་བལྟས་པ་ཙམ་གྱིས་དམར་པོར་སྣང་ལ། བོངས་ཚད་ཀྱང་ཧ་ཅང་ཆེ་བས་ཆ་ནས་དེ་ལྟར་བཏགས། གླང་སྐར་ཚོམ་གྱི་སྣར་མ་ལྔ་བ་དང་ཕྱུགས་རྫིའི་སྐར་ཚོམ་གྱི་སྐར་མ་རྭ་ཆེན་སོགས་ནི་བརྟན་སྐར་ཆེ་བ་དམར་པོ་ཡིན། རྔོན་པའི་སྐར་ཚོམ་གྱི་སྐར་མ་ལག་བཞི་བ་ནི་བརྟན་སྐར་ཆེས་ཆེ་བ་དམར་པོ་ཡིན།

ཧོ་ལུའོ་རི་མོ་ཡི་ཁྲོད་དུ། བརྟན་སྐར་ཆེ་བ་དམར་པོ་ནི་གཙོ་སྐར་རིམ་པའི་ཁུལ་གྱི་གཡས་ངོས་གོང་ཕྱོགས་ཀྱི་ཧ་ཅང་སྟུག་པོའི་གནས་ཤིག་ན་ཡོད།

བརྟན་སྐར་གྱིས་ནང་ངོས་ཀྱི་ཚ་བའི་ཉིང་རྡུལ་ཚ་འོག་ཉིང་རྡུལ་འགྱུར་འབྱུང་ལ་བརྟེན་ནས་འབར་བཞིན་ཡོད་ཅིང་། ཚ་འོག་ཉིང་རྡུལ་འགྱུར་འབྱུང་གི་མཇུག་འབྲས་ནི། ཆཱིན་མ་རྡུལ་བཞི་ཡིས་ཧའེ་མ་རྡུལ་གཞན་ཞིག་གྲུབ་པ་ཡིན་པར་མ་ཟད་མ་རྡུལ་ཚད་མང་པོ་ཞིག་བཏང་ནས་འགྱེད་འཕྲོའི་གནོན་ཤུགས་གྲུབ། གཙོ་སྐར་རིམ་པར་གནས་པའི་བརྟན་སྐར་གྱི་ཚ་འོག་ཉིང་རྡུལ་འགྱུར་འབྱུང་དེའི་གཙོ་བོ་དཀྱིལ་སྙིང་ཁུལ་ནས་བྱུང་བ་ཡིན་ལ། འགྱེད་འཕྲོའི་གནོན་ཤུགས་དང་དེའི་རང་ཉིད་ཀྱི་བསྐུམ་འཐེན་ཤུགས་ཕན་ཚུན་འདྲ་མཚུངས་ཡིན། བརྟན་སྐར་ནང་ཁུལ་གྱི་ཆིན་གྱི་འབར་ཚད་ཅུང་མགྱོགས་ལ། དཀྱིལ་དབུས་ནས་ཧའེ་སྙིང་གྲུབ་ཅིང་མུ་ནས་ཇེ་ཆེར་འགྲོ་བ་ཡིན།  དུས་ཚོད་ཀྱི་རྒྱུན་རིང་བ་དང་བསྟུན། ཧའེ་སྙིང་ཉེ་འཁོར་གྱི་ཆིན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་ཞིང་།  དཀྱིལ་དབུས་སུ་ཧའེ་ཐོན་པའི་ནུས་ཚད་དེ་འགྱེད་འཕྲོའི་ནུས་པར་མི་འདང་བར་ཆགས་འདུག་ལ། ངོས་སྙོམས་ལའང་བར་ཆད་བཟོས་འདུག ཧའེ་ཚ་འོག་ཉིང་རྡུལ་འགྱུར་འབྱུང་གི་མཐའ་འབྲས་ནི་དཀྱིལ་དབུས་ནས་བརྟན་སྐར་ཆུང་བ་དཀར་པོ་ཞིག་གྲུབ་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-24

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།