ཆུ་ལོག ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཆུ་ལོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(རང་བྱུང་གནོད་འཚེ། )

ཆུ་ལོག
ཆུ་ལོག་ནི་དྲག་ཆར་དང་གངས་སོགས་ཞུ་བ། རླུང་ཆེན་པོ་གཡུགས་ནས་རྦ་རླབས་འཕྱུར་བ་སོགས་རང་བྱུང་གི་རྒྱུ་རྐྱེན་གྱིས་སློང་བའི་ཆུ་བོ་གློ་བུར་དུ་བྲུག་པའི་རང་བྱུང་གི་སྣང་ཚུལ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
洪水
ཕྱི་ཡིག་གི་མིང་།
flood
1 འབྱུང་རྐྱེན།

ཆུ་ལོག་ནི་དྲག་ཆར་དང་གངས་སོགས་ཞུ་བ།   རླུང་ཆེན་པོ་གཡུགས་ནས་རྦ་རླབས་འཕྱུར་བ་སོགས་རང་བྱུང་གི་རྒྱུ་རྐྱེན་གྱིས་སློང་བའི་ཆུ་བོ་གློ་བུར་དུ་བྲུག་པའི་རང་བྱུང་གི་སྣང་ཚུལ་ཞིག་ཡིན།   དེ་ནི་རང་བྱུང་གི་གནོད་འཚེ་རེད།   ཆུ་ལོག་བྱུང་བར་བཀག་འགོག་བྱེད་མི་ཐུབ་པའི་རྒྱུ་རྐྱེན་ཡོད།  དེ་ནི་འབྲེལ་ཡོད་ཀྱི་ལོ་རྒྱུས་དཔྱད་གཞི་ཡིག་ཆ་དང་བསྡུར་ན།  དུས་རྒྱུན་དུ་ཆུ་ལོག་བྱུང་བ་དང་དེ་ཚབས་ཆེན་ཡིན་མིན་མི་གྲངས་ཇེ་མང་དུ་སོང་བའི་ལམ་ལུགས་དང་ཕལ་ཆེར་གཅིག་མཚུངས་ཡིན།   ང་ཚོས་ཁས་མི་ལེན་རང་དབང་མེད།   རང་རྒྱལ་གྱི་མི་གྲངས་གློ་བུར་དུ་ཇེ་མང་དུ་སོང་བས་ས་ཞིང་རྨོ་བ་རྒྱ་བསྐྱེད་པ་དང་སྡོང་བོ་གཅོད་པ་སོགས་མིའི་རིགས་ཀྱིས་བཟོས་པའི་རང་བྱུང་ཁམས་ཀྱི་གནོད་འཚེ་འདི་དག་གིས་ཆུ་ལོག་བྱུང་བ་རེད།   མིའི་རིགས་ཀྱིས་ནོར་འཕྱུག་བྱུང་བ་ཆེས་ཆེ་བ་ནི་སྡོང་བོ་སོགས་གཅོད་པ་དེ་ཡིན།  ནགས་ཚལ་ནི་སྐམ་སའི་སྐྱེ་ཁམས་ཁོངས་གཏོགས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པས་ཆ་ནས་དེ་ལ་ཆུའི་འགོ་ཁུངས་སྲུང་སྐྱོབ་བྱེད་པ་དང་ས་རྒྱུ་རྒྱུན་འཁྱོངས་བྱེད་པ།  གནམ་གཤིས་སྙོམས་སྒྲིག་བྱེད་པ་སོགས་ཀྱི་ནུས་པ་མང་པོ་ལྡན་པས་བྲུག་ཆུ་མར་འགྲིབ་པར་ཕན་པ་ཆེན་པོ་ཡོད།  ཆུ་ལོག་བྱུང་ན་ཡང་དེས་གནོད་འཚེ་གཏོང་མི་ཐུབ།  འོན་ཀྱང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བྱས་ན་ཆུ་ལོག་ཆུང་ཆུང་ཡིན་ཡང་གནོད་འཚེ་བཟོ་བ་ཡིན།  དེ་ལས་གཞན་ད་དུང་འབྲུ་ཆུའི་སྟོད་རྒྱུད་དུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་མ་བྱས་པར་ས་རྐོ་རྡོ་སློག་བྱེད་པ་དང་སྡོང་བོ་གཅོད་པ་སོགས་ཀྱིས་སློང་བའི་ས་ཆུ་ཤོར་བ་སོགས་བྱུང་བ་མང་ངོ་། །སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་མ་བྱས་ན་རང་ཉིད་ལ་གནོད་པ་ཡོད་པར་མ་ཟད།  རང་ཉིད་ཀྱི་བུ་རབས་ཚ་རྒྱུད་རྣམས་ལ་ཡང་གནོད་འཚེ་ཆེན་པོ་ཡོད།  

2 སྔོན་འགོག་བྱེད་ཐབས།

ཆུ་ལོག་མ་ཡོང་གོང་གི་སྔོན་ལ།   རང་ས་གནས་ཀྱི་བརྙན་འཕྲིན་དང་རྒྱང་སྒྲོག་སོགས་ཀྱིས་བཤད་པ་ལྟར་རང་ཉིད་ཀྱི་འདུག་སའི་གནས་དང་ཆ་རྐྱེན་ལ་བསྟུན་ནས་སྔོན་ནས་གྲྭ་སྒྲིག་ལེགས་པོ་བྱེད་དགོས།   ཆུ་ལོག་ཡོང་བའི་སྐབས་སུ་དུས་ལྟར་འགྲོ་མི་ཐུབ་པའི་མི་རྣམས་ངེས་པར་དུ་མྱུར་དུ་རི་མགོ་དང་ཐོག་ཁང་གི་ཀླད་སོགས་སུ་བྲོས་བྱོལ་བྱས་ནས་སྲོག་སྐྱོབ་རུ་ཁག་གི་མི་ལ་སྒུག་དགོས།   ཆུ་ལོག་གི་རྗེས་སུ་ཡང་ངེས་པར་དུ་གཙང་སྦྲ་ལེགས་པོ་བྱས་ནས་ནད་ཡམས་སྣ་ཚོགས་སྔོན་འགོག་བྱེད་དགོས།  


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-11

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།