བརྟན་སྐར་ཆུང་བ་དཀར་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བརྟན་སྐར་ཆུང་བ་དཀར་པོ།
བརྟན་སྐར་ཆུང་བ་དཀར་པོ་ནི་འོད་ཚད་དམའ་ལ། སྟུག་ཚད་མཐོ་བ། དྲོད་ཚད་མཐོ་བའི་བརྟན་སྐར་ཞིག་ཡིན། དེའི་ཁ་དོག་ཅུང་དཀར་སྐྱ་རུ་སྣང་ལ། བོངས་ཚད་ཅུང་ཆུང་བའི་ཆ་ནས་མིང་ལ་བརྟན་སྐར་ཆུང་བ་དཀར་པོ་རུ་ཐོགས། བརྟན་སྐར་ཆུང་བ་དཀར་པོ་ནི་འགྱུར་ནས་དུས་མཇུག་ཏུ་སླེབས་པའི་བརྟན་སྐར་ཞིག་ཡིན་ལ། གཙོ་བོར་ཐཱན་གྱིས་གྲུབ་པ་ཡིན། ཕྱི་ངོས་ཆིན་དབུགས་སམ་ཧའེ་དབུགས་རིམ་པ་ཞིག་གིས་ཁེབས་ཡོད། བརྟན་སྐར་ཆུང་བ་དཀར་པོ་ནི་ལོ་ངོ་དུང་ཕྱུར་ཁྲི་ལྷག་གི་དུས་ཡུན་ནང་རིམ་བཞིན་འཁྱགས་པ་དང་མི་གསལ་བར་གྱུར་ཞིང་། དེའི་བོངས་ཚད་ཆུང་ལ་གསལ་ཚད་དམའ། ཡིན་ཡང་སྟུག་ཚད་མཐོ་ལ་སྤུས་ཚད་ཆེ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
白矮星
ཕྱི་ཡིག་གི་མིང་།
White dwarf
རིགས་དབྱེ།
བརྟན་སྐར།
ཁྱད་ཆོས།
ཁ་དོག་ཅུང་དཀར་སྐྱ་རུ་སྣང་ལ། བོངས་ཚད་ཅུང་ཆུང་།
སྟུག་ཚད།
1/10—10t/cm3
ཁྱད་གཤིས།
འོད་ཚད་དམའ་ལ། སྟུག་ཚད་མཐོ་བ། དྲོད་ཚད་མཐོ།
གསལ་ཚད།
240000000cd/m 2
ཕྱི་ངོས་ཀྱི་དྲོད་ཚད།
ཧ་ལམ100,000 K
1 ངོ་སྤྲོད།

བརྟན་སྐར་ཆུང་བ་དཀར་པོ་ནི་འོད་ཚད་དམའ་ལ། སྟུག་ཚད་མཐོ་བ། དྲོད་ཚད་མཐོ་བའི་བརྟན་སྐར་ཞིག་ཡིན། དེའི་ཁ་དོག་ཅུང་དཀར་སྐྱ་རུ་སྣང་ལ། བོངས་ཚད་ཅུང་ཆུང་བའི་ཆ་ནས་མིང་ལ་བརྟན་སྐར་ཆུང་བ་དཀར་པོ་རུ་ཐོགས།

བརྟན་སྐར་ཆུང་བ་དཀར་པོ་ནི་འགྱུར་ནས་དུས་མཇུག་ཏུ་སླེབས་པའི་བརྟན་སྐར་ཞིག་ཡིན་ལ། གཙོ་བོར་ཐཱན་གྱིས་གྲུབ་པ་ཡིན། ཕྱི་ངོས་ཆིན་དབུགས་སམ་ཧའེ་དབུགས་རིམ་པ་ཞིག་གིས་ཁེབས་ཡོད། བརྟན་སྐར་ཆུང་བ་དཀར་པོ་ནི་ལོ་ངོ་དུང་ཕྱུར་ཁྲི་ལྷག་གི་དུས་ཡུན་ནང་རིམ་བཞིན་འཁྱགས་པ་དང་མི་གསལ་བར་གྱུར་ཞིང་། དེའི་བོངས་ཚད་ཆུང་ལ་གསལ་ཚད་དམའ། ཡིན་ཡང་སྟུག་ཚད་མཐོ་ལ་སྤུས་ཚད་ཆེ་བ་ཡིན།

2 ཞིབ་འཇུག་ལོ་རྒྱུས།

སྤྱི་ལོ1982ལོར་པར་དུ་བསྐྲུན་པའི་བརྟན་སྐར་ཆུང་བ་དཀར་པོའི་རེའུ་མིག་ལས་གསལ་བ་ལྟར་ན། དགུ་ཚིགས་སྐྱ་མོའི་ཁྱིམ་རྒྱུད་དུ་བརྟན་སྐར་ཆུང་བ་དཀར་པོ488ལྷག་ཡོད་ལ། དེ་དག་ཚང་མ་ཉི་མ་དང་ཁ་ཐག་མི་རིང་བའི་སྐར་མའི་གོ་ལའི་ཉེ་འགྲམ་དུ་ཡོད། དཔྱད་གཞི་ལས་སྡོམ་རྩིས་བྱས་པ་ལྟར་ན། བརྟན་སྐར་གྱི་བརྒྱ་ཆའི་གསུམ་ཙམ་བརྟན་སྐར་དཀར་པོ་ཆུང་བ་ཡིན་མོད། འོན་ཀྱང་གཞུང་ལུགས་དང་རིགས་འདེད་བྱས་པ་ལྟར་ན། བརྟན་སྐར་ཆུང་བ་དཀར་པོས་བརྟན་སྐར་ཡོངས་ཀྱི་བརྒྱ་ཆའི་བཅུ་ཡི་གཡས་གཡོན་ཙམ་ཟིན་ནས་ཡོད།

སྤྱི་ལོ2015ལོའི་ཟླ3པའི་ཚེས15ཉིན། ཨོ་སི་ཁྲུ་ལི་ཡའི་གནམ་དཔྱད་རིག་པར་མོས་པ་ཅན་ཞིག་གིས་གཞུའི་སྐར་ཚོམ་གྱི་དཀྱིལ་དབུས་ནས་སྐར་མ་གསར་བ་ཞིག་རྙེད་ལ། གསལ་ཚད་ནི་རིམ་པ+6 རེད། མིག་སྔར། སྐར་མ་གསར་བ་འདིའི་གསལ་ཚད་མུ་ནས་རྒྱས་བཞིན་འདུག་ལ། མ་འོངས་པའི་ཉིན་བརྩི་དང་གཟའ་བརྩི་ཡི་མཆོག་གྱུར་གནས་བབ་ཡིན་ཚོད་འདུག

བརྟན་སྐར་ཆུང་བ་དཀར་པོའི་ཕྱི་ངོས་ཀྱི་ལྗིད་ཤུགས་ནི་སའི་གོ་ལའི་ཕྱི་ངོས་ཀྱི་ལྡབ་དུང་ཕྱུར10ཡིན་ལ། འདི་འདྲའི་གནོན་ཤུགས་ཆེན་པོའི་འོག དངོས་བོ་གང་ཞིག་ཡིན་རུང་གསོན་ཐབས་བྲལ། ཐ་ན་མ་རྡུལ་ཡང་མནན་ནས་གཅིར་བར་བྱེད། གློག་རྡུལ་དེ་མ་རྡུལ་འཁོར་ལམ་དང་བྲལ་ན་རང་དབང་གློག་རྡུལ་རུ་འགྱུར།

བརྟན་སྐར་ཆུང་བ་དཀར་པོའི་བོངས་ཚད་ཆུང་ལ། དེའི་ཚངས་ཕྱེད་ནི་རྒྱུ་སྐར་གྱི་ཚངས་ཕྱེད་དང་ཉེ་བ་ཡོད། ཆ་སྙོམས་བྱས་ན་སྟོང་སྨི་ལྷམ་པ་བཅུ་ལས་ཆུང་བ་ཡོད། དེའི་སྤུས་ཚད་ནི་ཏུན་དུང་ཕྱུར་ཁྲི2.213248ཡིན་ལ། སྟུག་ཚད་ནི1,000,000 g/cm3 ལ་ཐོན། སའི་གོ་ལའི་བོངས་ཚད་དང་འདྲ་བའི་བརྟན་སྐར་ཆུང་བ་དཀར་པོ་ཞིག(དཔེར་ན་སྐར་མ་གནམ་སྤྱང་གི་ཉེ་སྐརSirius Bལྟ་བུ)གི་ཕྱི་ངོས་ལྗིད་ཤུགས་སའི་གོ་ལའི་ཕྱི་ངོས་ལྗིད་ཤུགས་ཀྱི་ལྡབ་ཁྲི18ལྷག་ཡིན།  ཕྱི་ངོས་དྲོད་ཚད་ཧ་ཅང་མཐོ་ལ། ཆ་སྙོམས་བྱས་ན་ཧྲེ་ཧྲི་ཏུའུ10ཡི་རང་བཞི་བསྒྱུར་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-24

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།