བརྟན་སྐར་ཆུང་བ་ཁམ་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བརྟན་སྐར་ཆུང་བ་ཁམ་པ།
བརྟན་སྐར་ཆུང་ཁམ་པ་ཡི་གྲུབ་ཚུལ་བརྟན་སྐར་དང་འདྲ་ནའང་། སྤུས་ཚད་དེ་འདྲ་ཆེ་རྒྱུ་མེད། སྙིང་བོའི་ཚེག་འབར་བ་ལས་འགྱུར་བ་འབྱུང་བའི་དབུགས་གཟུགས་སྐར་མའི་གོ་ལ་མིན། སྤུས་ཚད་ནི་བརྟན་སྐར་དང་རྒྱུ་སྐར་གཉིས་ཀྱི་དབུས་ན་ཡོད། བརྟན་སྐར་ཆུང་བ་ཁམ་པ་ནི་སྤུས་ཚད་དེ་བརྟན་སྐར་ཆེས་ཆུང་བ་དང་ཆེས་ཆེ་བའི་རྒྱུ་སྐར་དབར་གྱི་སྐར་མའི་གོ་ལ་ཞིག་ཡིན། བརྟན་སྐར་ཆུང་བ་ཁམ་པ་འདིའི་འོད་ཧ་ཅང་གཉོམ་པོ་ཞིག་ཡིན་པས་ན་དེ་དག་མངོན་པར་བྱེད་པ་ལ་ཧ་ཅང་རྙོག་འཛིང་དང་། དེ་དག་གི་ཆེ་ཆུང་གཏན་ཁེལ་བྱ་རྒྱུ་ནི་དེ་བས་ཁག་པོ་རེད། ཡིན་ཡང་ཉེ་སྔོན་གནམ་དཔྱད་རིག་པ་བས་སྐར་མ་ཆ་སྡོད་མ་ལག་གིས་གྲུབ་པའི་བརྟན་སྐར་ཆུང་བ་ཁམ་པ་གཉིས་ལེགས་འགྲུབ་སྒོས་རྙེད་ཡོད་ལ། དེ་གཉིས་ཀྱིས་མཉམ་པོར་ལྗིད་སྙིང་བསྐོར་ནས་འགུལ་སྐྱོད་ཀྱི་གྲངས་འབོར་གཏན་ཁེལ་བྱས་རྗེས། བརྟན་སྐར་ཆུང་བ་ཁམ་པ་འདི་གཉིས་ཀྱི་སྤུས་ཚད་དང་རྒྱ་ཁྱོན་བརྩི་ཐུབ་པ་བྱུང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
褐矮星
ཕྱི་ཡིག་གི་མིང་།
brown dwarf
ཁྱད་ཆོས།
སྤུས་ཚད་དེ་བརྟན་སྐར་ཆེས་ཆུང་བ་དང་ཆེས་ཆེ་བའི་རྒྱུ་སྐར་དབར་གྱི་སྐར་མའི་གོ་ལ་ཞིག་ཡིན།
ཕྱི་ངོས་ཀྱི་དྲོད་ཚད།
3000Kལས་མི་བརྒལ་བ།
གསར་རྙེད་ཀྱི་དུས་ཚོད།
སྤྱི་ལོ1995ལོ།
1 ངོ་སྤྲོད།

བརྟན་སྐར་ཆུང་ཁམ་པ་ཡི་གྲུབ་ཚུལ་བརྟན་སྐར་དང་འདྲ་ནའང་། སྤུས་ཚད་དེ་འདྲ་ཆེ་རྒྱུ་མེད། སྙིང་བོའི་ཚེག་འབར་བ་ལས་འགྱུར་བ་འབྱུང་བའི་དབུགས་གཟུགས་སྐར་མའི་གོ་ལ་མིན། སྤུས་ཚད་ནི་བརྟན་སྐར་དང་རྒྱུ་སྐར་གཉིས་ཀྱི་དབུས་ན་ཡོད། བརྟན་སྐར་ཆུང་བ་ཁམ་པ་ནི་སྤུས་ཚད་དེ་བརྟན་སྐར་ཆེས་ཆུང་བ་དང་ཆེས་ཆེ་བའི་རྒྱུ་སྐར་དབར་གྱི་སྐར་མའི་གོ་ལ་ཞིག་ཡིན། བརྟན་སྐར་ཆུང་བ་ཁམ་པ་འདིའི་འོད་ཧ་ཅང་གཉོམ་པོ་ཞིག་ཡིན་པས་ན་དེ་དག་མངོན་པར་བྱེད་པ་ལ་ཧ་ཅང་རྙོག་འཛིང་དང་། དེ་དག་གི་ཆེ་ཆུང་གཏན་ཁེལ་བྱ་རྒྱུ་ནི་དེ་བས་ཁག་པོ་རེད། ཡིན་ཡང་ཉེ་སྔོན་གནམ་དཔྱད་རིག་པ་བས་སྐར་མ་ཆ་སྡོད་མ་ལག་གིས་གྲུབ་པའི་བརྟན་སྐར་ཆུང་བ་ཁམ་པ་གཉིས་ལེགས་འགྲུབ་སྒོས་རྙེད་ཡོད་ལ། དེ་གཉིས་ཀྱིས་མཉམ་པོར་ལྗིད་སྙིང་བསྐོར་ནས་འགུལ་སྐྱོད་ཀྱི་གྲངས་འབོར་གཏན་ཁེལ་བྱས་རྗེས།  བརྟན་སྐར་ཆུང་བ་ཁམ་པ་འདི་གཉིས་ཀྱི་སྤུས་ཚད་དང་རྒྱ་ཁྱོན་བརྩི་ཐུབ་པ་བྱུང་།

2 ཞིབ་འཇུག་ལོ་རྒྱུས།

གནམ་དཔྱད་རིག་པ་བས་ལོ་ངོ་བཅུ་གཉིས་ཀྱི་ཡུན་ལ་ཞིབ་འཇུག་བྱས་ནས་ད་གཟོད་བརྟན་སྐར་ཆུང་བ་ཁམ་པ་འདི་གཉིས་རྙེད་ལ། སྤྱི་བསྡོམས་པས་ཞག་མ300ལྷག་ཙམ་ལ་ཞིབ་འཇུག་དང་ཐེངས1600ལྷག་ལ་ཚད་འཇལ་བྱས་པས་མཐར། ན་སོ་གཞོན་པའི་བརྟན་སྐར་ཆུང་བ་ཁམ་པ་གཉིས(ལོ་ངོ་ཁྲི་100ལ་ཡང་མི་ལོན)ཀྱི་དངོས་ངེས་ཀྱི་གྲངས་འབོར་ཡོངས་སུ་རྩིས། དེ་དག་སའི་གོ་ལ་དང་བར་ཐག་འོད་ལོ1500ཡི་མཚམས་ཀྱི་རྔོན་པའི་སྐར་ཚོམ་ན་ཡོད། སྐར་མ་ཆ་སྡོད་མ་ལག་ཁྲོད་ཀྱི་ཅུང་ཆེ་བའི་བརྟན་སྐར་ཆུང་བ་ཁམ་པ་དེའི་སྤུས་ཚད་ནི་སྐར་མ་ཕུར་བུའི་ལྡབ50ལས་བརྒལ་ཡོད་ལ། ཅུང་ཆུང་བ་དེའི་སྤུས་ཚད་ནི་སྐར་མ་ཕུར་བུའི་ལྡབ30ལས་ཆེ་བ་ཡིན་ཞིང་། དེ་དག་གི་ཚངས་ཐིག་སོ་སོར་ཉི་མའི་ཚངས་ཐིག་གི་བརྒྱ་ཆའི70དང་བརྒྱ་ཆའི50ཡིན། དེ་དག་ལ་བལྟས་མ་ཐག་ཏུ་དེ་འདྲ་ཆུང་རྒྱུ་མེད་ནའང་། སྤུས་ཚད་སོ་སོར་ཉི་མའི་སྤུས་ཚད་ཀྱི་བརྒྱ་ཆའི5.5དང་བརྒྱ་ཆའི3.5ཙམ་ཡིན། གནམ་དཔྱད་རིག་པ་བས་ད་དུང་ཅུང་ཡང་བའི་བརྟན་སྐར་ཆུང་བ་ཁམ་པའི་ཕྱི་ངོས་དྲོད་ཚད་ཀྱང་ཅུང་མཐོ་བ་ངང་གིས་རྟོགས། རྒྱུན་ལྡན་བརྟན་སྐར་གྱི་གནས་བབ་དང་ལྡོག་ནས་ཡོད་དེ། བརྟན་སྐར་སྤུས་ཚད་ཇི་ལྟར་ཆེ་ན། དེའི་དྲོད་ཚད་དེ་བས་ཆེ། སྣང་ཚུལ་འདིའི་རྒྱུ་རྐྱེན་ནི་དངོས་ལུགས་ཕན་ནུས་ག་གེ་མོའི་བརྒྱུད་རིམ་གྱིས་འབྱུང་བ་ཡིན་ཡང་སྲིད། དེང་རབས་བརྟན་སྐར་གྲུབ་ཚུལ་གྱི་གཞུང་ལུགས་ཁྲོད་དུ་འདི་འདྲའི་དངོས་ལུགས་ཕན་ནུས་ལ་བསམ་བློ་བཏང་མེད། བརྟན་སྐར་ཆུང་བ་འདི་གཉིས་དུས་མཉམ་དུ་གྲུབ་པ་མིན་ཡང་སྲིད་ལ། གནས་གཅིག་ནས་གྲུབ་པའང་མིན། དེ་ནི་གནོད་འགྱུར་ག་གེ་མོས་མཉམ་གཅིག་ཏུ་བསྲེས་ཀྱང་སྲིད། དེ་བས་དེ་དག་གི་ཕྱི་ངོས་དྲོད་ཚད་མི་འདྲ་མོད། ཡིན་ཡང་འདི་དག་ཚང་མ་གནས་སྐབས་ཙམ་གྱི་ཚོད་དཔག་ཅིག་གོ །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-24

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།