བརྟན་སྐར་གྱི་སྤུས་ཚད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བརྟན་སྐར་གྱི་སྤུས་ཚད།
བརྟན་སྐར་གྱི་སྤུས་ཚད་ནི་བརྟན་སྐར་གྱི་དངོས་ལུགས་ཚད་དང་། བརྟན་སྐར་གྱི་གྲུབ་ཚུལ་དང་བརྟན་སྐར་གྱི་རིམ་འགྱུར་སོགས་ཀྱི་ཐག་གཅོད་གྲུབ་ཆ་ཡིན། སྐར་མ་ཆ་སྡོད་ཀྱི་འཁོར་ལམ་འགུལ་སྐྱོད་བཀོལ་སྤྱོད་བྱེད་པ་ནི་བརྟན་སྐར་གྱི་སྤུས་ཚད་འཇལ་བའི་ཆེས་རྩ་བ་དང་ཆེས་བློ་གཏད་ཆོག་པའི་བྱེད་ཐབས་རེད། བརྟན་སྐར་གྱི་སྤུས་ཚད་རྩིས་རྒྱག་དུས་ཆེས་དམའ་བ་ནི་ཉི་མའི་སྤུས་ཚད0.08ཡིན་ལ། དེ་ལས་ཆུང་བའི་སྐར་མས་ཀྱང་གྲུབ་ཐུབ་མོད། ཡིན་ཡང་དཀྱིལ་དབུས་ཀྱི་དྲོད་ཚད་དེ་འདྲ་མི་མཐོ་བས། ཉིང་རྡུལ་འདུས་འགྱུར་བྱེད་མི་ཐུབ། དེས་འཐེན་ཤུགས་སྐུམ་འཐེན་ཁོ་ནར་བརྟེན་ནས་ནུས་ཚད་ཕྱིར་གཏོང་བྱེད་པ་ཡིན་ཞིང་། སྤུས་ཚད་ཉི་མའི་སྤུས་ཚད0.08ལས་དམའ་བའི་གཙོ་རིམ་སྐར་མ་གསར་རྙེད་མ་བྱུང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
恒星质量
ཕྱི་ཡིག་གི་མིང་།
Stellar mass
1 ​ངོ་སྤྲོད།

བརྟན་སྐར་གྱི་སྤུས་ཚད་ནི་བརྟན་སྐར་གྱི་དངོས་ལུགས་ཚད་དང་། བརྟན་སྐར་གྱི་གྲུབ་ཚུལ་དང་བརྟན་སྐར་གྱི་རིམ་འགྱུར་སོགས་ཀྱི་ཐག་གཅོད་གྲུབ་ཆ་ཡིན། སྐར་མ་ཆ་སྡོད་ཀྱི་འཁོར་ལམ་འགུལ་སྐྱོད་བཀོལ་སྤྱོད་བྱེད་པ་ནི་བརྟན་སྐར་གྱི་སྤུས་ཚད་འཇལ་བའི་ཆེས་རྩ་བ་དང་ཆེས་བློ་གཏད་ཆོག་པའི་བྱེད་ཐབས་རེད། བརྟན་སྐར་གྱི་སྤུས་ཚད་རྩིས་རྒྱག་དུས་ཆེས་དམའ་བ་ནི་ཉི་མའི་སྤུས་ཚད0.08ཡིན་ལ། དེ་ལས་ཆུང་བའི་སྐར་མས་ཀྱང་གྲུབ་ཐུབ་མོད། ཡིན་ཡང་དཀྱིལ་དབུས་ཀྱི་དྲོད་ཚད་དེ་འདྲ་མི་མཐོ་བས། ཉིང་རྡུལ་འདུས་འགྱུར་བྱེད་མི་ཐུབ། དེས་འཐེན་ཤུགས་སྐུམ་འཐེན་ཁོ་ནར་བརྟེན་ནས་ནུས་ཚད་ཕྱིར་གཏོང་བྱེད་པ་ཡིན་ཞིང་། སྤུས་ཚད་ཉི་མའི་སྤུས་ཚད0.08ལས་དམའ་བའི་གཙོ་རིམ་སྐར་མ་གསར་རྙེད་མ་བྱུང་།

2 ཞིབ་འཇུག

བརྟན་སྐར་གྱི་སྤུས་ཚད་འདི་ལ་གཞུང་ལུགས་ཀྱི་སྟེང་ནས་ཚད་ཐིག་ཚད་ལྡན་མེད་ལ། རེ་འགས་ཉི་མ60ནས100ཡི་སྤུས་ཚད་ལ་བརྩིས་འཇོག་པའང་ཡོད། ཡིན་ཡང་མཁའ་དབྱིངས་ཀྱི་ས་ཁུལ་ག་གེ་མོ་ནས་ཉི་མའི་སྤུས་ཚད200ཙམ་གྱི་བརྟན་སྐར་ཡི་བདེན་དཔང་ཡང་མངོན་ཡོད། འདི་འདྲའི་སྐར་མ་བརྟན་སྐར་ཆེ་བ་དམར་པོའི་རིམ་པ་ལས་བརྒལ་མི་ཐུབ། ད་དུང་བདེན་དཔང་གིས་གསལ་བར་བརྗོད་ནུས་པ་ནི། ཏ་མའེ་ཀྲི་རིག་པའི་ཁྲོད་ཀྱི་སྤུས་ཚད་ཧ་ཅང་ཆེ་བའི་བརྟན་སྐརR136aལ་ཉི་མའི་སྤུས་ཚད3000ལྷག་ཡོད། གནམ་དཔྱད་རིག་པ་བ་མང་ཤས་ཤིག་གིས་དེOཅན་གྱི་ཚོགས་པ་བཅུ་ཕྲག་འགའ་འམ་བརྒྱ་ཕྲག་འགར་ངོས་བཟུང་བཞིན་ཡོད་ནའང་། གནམ་དཔྱད་རིག་པ་བ་རེ་འགས་རྒྱལ་སྤྱིའི་སྨུག་ཕྱིའི་འོད་འཁོར་སྐར་ལྟ་ཞིབ་རྒྱུ་ཆ་དང་ས་ངོས་ཀྱི་འོད་རིག་པ་ལྟ་ཞིབ་སོགས་ཀྱི་དཔྱད་གཞི་མང་དུ་བདོག་པ་ལ་བརྟེན་ནས་དེ་ནི་སྤུས་ཚད་ཧ་ཅང་ཆེ་བའི་བརྟན་སྐར་ཞིག་ལ་ངོས་བཟུང་གི་ཡོད།

བརྟན་སྐར་མོད་པོ་ཞིག་གི་སྤུས་ཚད་ཀྱི་གྲངས་འབོར་ད་བར་ཡང་ཧ་ཅང་ཞིབ་ཚགས་མིན་ཏེ། སྐར་མ་རྭ་ཆེན་དང་སྐར་མ་རྒད་པོ། སྐར་མ་ཐགས་མ་དང་པོ། སྐར་མ་ལག་བཞི་བ་སོགས་གསལ་བའི་སྐར་མ་དེ་དག་ལྟ་བུ། དེ་དག་ལ་ཚད་ལྡན་ངེས་ཅན་གྱི་བརྟན་སྐར་སྤུས་ཚད་ཅིག་ཡོད་དགོས་ན་ད་དུང་བྱ་བ་མང་པོ་བསྒྲུབ་དགོས།

བརྟན་སྐར་གྱི་རྒྱུ་སྤུས་ཁྱབ་ཁོངས་ཕལ་ཆེར་བརྒྱ་ཆའི་ག་ཚོད་ཀྱི་ཉི་མའི་སྤུས་ཚད་དམ་ཡང་ན་ཉི་མའི་སྤུས་ཚད120བར་དགོས་པ་རེད་ལ། མཚམས་ལམ་རེར་དེ་ལས་ཀྱང་ཆེ། ཡིན་ཡང་བརྟན་སྐར་མང་ཆེ་བའི་སྤུས་ཚད་དེ་ཉི་མའི་སྤུས་ཚད0.1ནས་0ཡི་བར་ན་ཡོད། སྤྱི་ལོ1978ལོ་ནས1979ལོའི་བར་མི་ཞིག་གིས་ཕྱོགས་བསྡུསXའོད་འགྱེད་ཀྱི་སྐར་མ་ཆ་སྡོད་ཀྱི་དཔྱད་གཞིའི་ཁྲོད་ནས་སྐར་མ་ཞིག་གི་སྤུས་ཚད་དེ་ཉི་མའི་སྤུས་ཚད1.6±0.3ཡིན་པར་བཤད་ཡོད། བརྟན་སྐར་གྱི་སྤུས་ཚད་ཁྱབ་ཁོངས་ནི་འོད་ཚད་དང་ཚངས་ཐིག་གི་ཁྱབ་ཁོངས་ལས་ཆུང་བ་མང་པོ་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-25

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།