བརྟན་སྐར་གནམ་དཔྱད་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བརྟན་སྐར་གནམ་དཔྱད་རིག་པ།
བརྟན་སྐར་གནམ་དཔྱད་རིག་པ་ནི་གནམ་དཔྱད་རིག་པའི་ནང་གསེས་རིག་ཚན་ཞིག་ཡིན་ཞིང་། དེས་བརྟན་སྐར་དང་སྐར་མཐའི་དངོས་རྫས། བརྟན་སྐར་ཚོགས་པ་སྣ་ཚོགས་ཀྱི་ཁྱབ་ཁོངས་དང་ཁྱད་ཆོས་སོགས་ལ་ཞིབ་འཇུག་བྱ་བ་རེད། བརྟན་སྐར་གྱི་གྲངས་འབོར་ཧ་ཅང་མང་བས་ན། བརྟན་སྐར་གནམ་དཔྱད་རིག་པས་ཀྱང་བརྟན་སྐར་སོ་སོ་ལ་གྲོས་ཞིབ་བྱེད་པའི་བྱ་ཐབས་བཀོལ་མི་ཆོག་ལ། གཙོ་བོར་སྤྱི་སྡོམ་དབྱེ་ཞིབ་དང་གྲངས་རིག་བྱ་ཐབས་བཀོལ་ནས་ཞིབ་འཇུག་བྱ་དགོས་པ་རེད། བརྟན་སྐར་གནམ་དཔྱད་རིག་པའི་དཔྱད་གཞི་ནི་སྐར་མའི་གོ་ལའི་ཚད་འཇལ་རིག་པ་དང་སྐར་མའི་གོ་ལའི་དངོས་ལུགས་རིག་པ། གློག་འགྱེད་གནམ་དཔྱད་རིག་པ་སོགས་ལས་ཐོན་པའི་གྲངས་མཛོད་སྣ་ཚོགས(བརྟན་སྐར་གྱི་མཐོང་ཚད་དང་གནས་ཡུལ། རང་འཁོར། སྐར་རིམ། ཁ་དོག འོད་རིམ། འོད་ཚད་དང་མྱུར་ཚད་སོགས)པ་ལས་བྱུང་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
恒星天文学
ཕྱི་ཡིག་གི་མིང་།
Stellar astronomy
ཁོངས་གཏོགས་ཡན་ལག
གནམ་དཔྱད་རིག་པ།
འབྲེལ་ཡོད་ཁྱབ་ཁོངས།
གནམ་དཔྱད་རིག་པ།
ཞིབ་འཇུག་བྱེད་མགོ་བརྩམས་པའི་དུས་ཚོད།
སྤྱི་ལོ1783ལོ།
འདོན་པ་པོ།
F.W.ཧོ་ཞེར།
1 ངོ་སྤྲོད།

བརྟན་སྐར་གནམ་དཔྱད་རིག་པ་ནི་གནམ་དཔྱད་རིག་པའི་ནང་གསེས་རིག་ཚན་ཞིག་ཡིན་ཞིང་། དེས་བརྟན་སྐར་དང་སྐར་མཐའི་དངོས་རྫས། བརྟན་སྐར་ཚོགས་པ་སྣ་ཚོགས་ཀྱི་ཁྱབ་ཁོངས་དང་ཁྱད་ཆོས་སོགས་ལ་ཞིབ་འཇུག་བྱ་བ་རེད། བརྟན་སྐར་གྱི་གྲངས་འབོར་ཧ་ཅང་མང་བས་ན། བརྟན་སྐར་གནམ་དཔྱད་རིག་པས་ཀྱང་བརྟན་སྐར་སོ་སོ་ལ་གྲོས་ཞིབ་བྱེད་པའི་བྱ་ཐབས་བཀོལ་མི་ཆོག་ལ། གཙོ་བོར་སྤྱི་སྡོམ་དབྱེ་ཞིབ་དང་གྲངས་རིག་བྱ་ཐབས་བཀོལ་ནས་ཞིབ་འཇུག་བྱ་དགོས་པ་རེད། བརྟན་སྐར་གནམ་དཔྱད་རིག་པའི་དཔྱད་གཞི་ནི་སྐར་མའི་གོ་ལའི་ཚད་འཇལ་རིག་པ་དང་སྐར་མའི་གོ་ལའི་དངོས་ལུགས་རིག་པ། གློག་འགྱེད་གནམ་དཔྱད་རིག་པ་སོགས་ལས་ཐོན་པའི་གྲངས་མཛོད་སྣ་ཚོགས(བརྟན་སྐར་གྱི་མཐོང་ཚད་དང་གནས་ཡུལ། རང་འཁོར། སྐར་རིམ། ཁ་དོག  འོད་རིམ།   འོད་ཚད་དང་མྱུར་ཚད་སོགས)པ་ལས་བྱུང་བ་ཡིན།

2 ཞིབ་འཇུག་ལོ་རྒྱུས།

བརྟན་སྐར་གནམ་དཔྱད་རིག་པ་ནི་གྲངས་ལུགས་རིག་པའི་སྤྱི་སྡོམ་བྱེད་ཐབས་སྤྱད་ནས་བརྟན་སྐར་དང་བརྟན་སྐར་ཚོགས་པ། སྐར་མཐའི་དངོས་རྫས་ཀྱི་ཁྱབ་ཁོངས་དང་འགུལ་སྐྱོད་ཁྱད་ཆོས་སོགས་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ལ་བྱ་ཞིང་། ཐོག་མར་ F·W·ཧོ་ཞིར་ལགས་ཀྱིས་བརྟན་སྐར་ཕྱོགས་ལ་ཤུགས་ཆེན་པོས་ལྟ་ཞིབ་དང་ཞིབ་འཇུག་བྱས། ཁོང་གིས་སྤྱི་ལོ1783ལོར་བརྟན་སྐར་རང་འཁོར་གྱི་རྒྱུ་ཆ་འཚོལ་དུས་ཉི་མ་ནི་འཇིག་རྟེན་ཁམས་ཀྱི་བར་སྟོང་ན་འགུལ་སྐྱོད་བྱེད་པ་ཚོར་ལ། དེའི་མྱུར་ཚད་དང་ཁ་ཕྱོགས་སོགས་ཀྱང་གཏན་ལ་ཕབ། རྗེས་ནས་མི་རྣམས་ཀྱིས་བརྟན་སྐར་གྱི་གྲངས་འབོར་ལེན་པ་དང་སྐར་མའི་གོ་ལར་རེའུ་མིག་འགོད་པ་སོགས་ཀྱི་བྱ་བའི་མགོ་བརྩམས། སྤྱི་ལོ1837ལོར། B.R.སི་ཐེ་ལུའུ་ཝེ་སོགས་ཀྱིས་བརྟན་སྐར་ཟུར་གསུམ་བརྙན་ཁྱད་ལ་ལྟ་ཞིབ་མཛད་ཅིང་དེ་དག་གི་བར་ཐག་ལ་ཚོད་དཔག་བྱས། དེར་མཐུད་ནས་མི་རྣམས་ཀྱིས་བརྟན་སྐར་ཁྱིམ་རྒྱུད་ཀྱི་ལྷམ་པའི་གྲུབ་ཚུལ་དང་འགུལ་སྐྱོད་གནས་ཚུལ་སོགས་ལ་ཞིབ་འཇུག་བྱེད་མགོ་ཡང་བརྩམས།

བརྟན་སྐར་འོད་རིམ་རིགས་དབྱེ་དང་ཧོ་ལུའོ་རི་མོ་བྱུང་བ་ལས་བརྟན་སྐར་གནམ་དཔྱད་རིག་པ་ལ་འཕེལ་རྒྱས་བླ་ལྷག་བྱུང་། དུས་རབས20པར་བསླེབས་པ་ན། བརྟན་སྐར་དང་མ་ལག་གཞན་དག་གི་བར་ཐག་ཚད་འཇལ་བྱེད་སྟབས་བདེ་གང་མང་བསྐྲུན་ཞིང་། མི་རྣམས་ཀྱིས་དགུ་ཚིགས་སྐྱ་མོ་ལ་ཐོག་མའི་མཚན་ཉིད་བཞག

འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་ནས་འཕེལ་རྒྱས་བྱུང་བའི་གློག་འགྱེད་གནམ་དཔྱད་རིག་པ་ཡིས་བརྟན་སྐར་གནམ་དཔྱད་རིག་པ་ལ་འཇོན་པའི་ལག་ཆ་མཁོ་སྤྲོད་གནང་། ལི་སྨི21ཅན་གྱི་ཆཱིན་འབྲིང་བ་སྤྱད་ནས་དགུ་ཚིགས་སྐྱ་མོའི་ཆཱིན་འབྲིང་བའི་ཁྱབ་ཁོངས་ལ་ཞིབ་འཇུག་བྱས་ཤིང་། དགུ་ཚིགས་སྐྱ་མོའི་གྲུབ་ཚུལ་ལ་བདེན་དཔང་ཆ་ཚང་བསྐྲུན། དེ་གསལ་བཤད་བྱེད་པའི་ཆེད་དུ་རླབས་ཀྱི་སྟུག་ཚད་ཀྱི་གཞུང་ལུགས་ལ་འཕེལ་རྒྱས་བྱུང་ཞིང་། སྐར་མའི་མ་ལག་གི་འགུལ་ཤུགས་ཀྱང་འཕེལ་རྒྱུས་བྱུང་སོང་། མི་རྣམས་ཀྱིས་སྐར་མའི་ཁྱིམ་རྒྱུད་ཁྲོད་ཀྱི་དངོས་པོའི་ཁྱབ་ཁོངས་དང་འཁོར་སྐྱོད་འབྲེལ་བ། བརྟན་སྐར་གྱི་མྱུར་ཚད་ཁྱབ་པའི་ཚད་ཀྱི་ཆོས་ཉིད། བརྟན་སྐར་མ་ལག་གི་འགུག་ཤུགས་བརྟན་པའི་རང་བཞིན་སོགས་ལའང་འཕེལ་རྒྱུས་བྱུང་། དབྱི་པཱ་འགག་གི་འཁོར་སྐར་ལྟ་ཞིབ་རྒྱུ་ཆ་ཡིས་བརྟན་སྐར་དང་འབྲེལ་ཡོད་ཀྱི་བར་ཐག་སོགས་ལ་མཁོ་བའི་ཤེས་བྱ་མང་དུ་ཐོན་པར་བྱས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-24

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།