ཐོག་ཆར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐོག་ཆར།
ཐོག་ཆར་ཡོང་བའི་སྐབས་སུ་རྒྱུན་དུ་རླུང་ཆེན་པོ་གཡུགས་པ་དང་དྲག་ཆར་འབབ་པ་སོགས་ཀྱི་གནམ་གཤིས་གནས་ཚུལ་ཡོད་པ་དེ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
雷阵雨
ཕྱི་ཡིག་གི་མིང་།
Thundershowers
1 སྔ་ལྟས་སྣང་ཚུལ།

ཐོག་ཆར་ཡོང་བའི་སྐབས་སུ་རྒྱུན་དུ་རླུང་ཆེན་པོ་གཡུགས་པ་དང་དྲག་ཆར་འབབ་པ་སོགས་ཀྱི་གནམ་གཤིས་གནས་ཚུལ་བྱུང་བ་ཡིན།    དྲག་རླུང་ཆེན་མོ་གཡུགས་པའི་སྐབས་སུ་ཁང་བའི་ཀླད་དང་གྱང་སོགས་ཀྱིས་ཀྱང་མི་ལྕོག་པར་འདུག   སྲང་ལམ་གྱི་དངོས་པོ་རྣམས་ནམ་མཁའ་རུ་འཕུར་ནས་ཡོད།  དེར་མ་ཟད་ད་དུང་སྡོང་བོའི་རྩ་བ་ནས་མགོ་རྟིང་སློག་པ་རེད།  

2 འབྱུང་རྐྱེན།

དབྱར་ཁར།  ཉི་མའི་འོད་ཐད་ཀར་དུ་ས་ངོས་སུ་འཕྲོས་པས་ས་ངོས་ཀྱི་ཆུ་རླངས་པར་འགྱུར་བ་དེ་དགུན་དང་དཔྱིད།   སྟོན་ཀར་བལྟས་ན་ཧ་ཅང་མགྱོགས།   ས་ངོས་དང་ཐག་ཉེ་བའི་ཁ་དབུགས་དྲོད་ཚད་མཐོ་བའི་རྐྱེན་གྱིས་ཆུ་རླངས་མང་པོ་ལེན་པའི་ཁ་དབུགས་ཀྱི་འདུས་ཚད་ཇེ་ཆུང་དུ་འགྲོ་བ་དང་ཁ་དབུགས་ཇེ་ཡང་དུ་འགྲོ་བ་ཡིན།  ཇེ་ཡང་དུ་སོང་བའི་ཁ་དབུགས་མུ་མཐུད་དུ་ཡར་འཕེལ་བ་ཡིན།   མཚོ་ངོས་ལས་མཐོ་ཚད་ཇེ་མཐོར་འགྲོ་བ་དང་བསྟུན་ནས་དྲོད་ཚད་དལ་གྱིས་མར་འབབ་པ་ཡིན།  ཁ་དབུགས་ཀྱང་དལ་གྱིས་ཇེ་འཁྱགས་སུ་འགྲོ་བ་ཡིན།   ཁ་དབུགས་ཇེ་འཁྱག་དུ་སོང་ན་སྔར་ཡོད་ཀྱི་ཆུ་རླངས་མང་པོ་མི་ཤོང་བས་ཆུ་རླངས་ཁ་ཤས་ཤིག་ཅུང་ཆུང་བའི་ཆུ་ཐིགས་སུ་གྱུར་ནས་ནམ་མཁའ་རུ་རླུང་གཡུགས་པ་ཡིན།   འོ་ན་ཆུ་ཐིགས་འདི་དག་ཅིའི་ཕྱིར་མྱུར་དུ་མར་མི་འབབ་པ་ཡིན་ནམ།  རྒྱུ་མཚན་ནི་ཆུ་ཐིགས་ཧ་ཅང་ཡང་བས་སོ།།   ཡར་འཕེལ་བའི་ཚ་བའི་རྒྱུན་རླུང་གིས་བཀག་འགོག་བྱེད་པ་དང་མཁའ་དབྱིངས་སུ་གཡེང་ནས་མུ་མཐུད་དུ་ཡར་འཕེལ་བ་ཡིན་པས་སོ།།

3 ཁྱབ་ཁོངས།

རང་རྒྱལ་དུ།  ཐོག་ཆར་མང་ཆེ་ཤོས་ཟླ་ལྔ་པ་ནས་བརྒྱད་པའི་བར་གྱི་དྲོད་ཚད་མཐོ་བ་དང་བཞའ་རླན་ཆེ་བའི་གནམ་གཤིས་འོག་ཏུ་བྱུང་བ་ཡིན།   དཔྱིད་ཀ་དང་སྟོན་ཀའི་དུས་སུ་འབྲི་ཆུའི་སྨད་ཀྱི་ལྷོ་རྒྱུད་ས་ཁུལ་དུ་བྱུང་བ་ཧ་ཅང་མང་།  དགུན་ཁར་ཧ་ཅང་ཉུང་།  ཟླ་བཅུ་བའི་སྐབས་སུ་འབྲི་ཆུའི་བྱང་ཕྱོགས་ས་ཁུལ་དུ་ཐོག་ཆར་བྱུང་བ་ཡིན།   ཉིན་གཅིག་གི་དུས་ཡུན་ནང་དུ་བལྟས་ན་ཐོག་ཆར་མང་ཆེ་ཤོས་ཕྱི་དྲོ་དང་ས་སྲོད་ཀྱི་དུས་སུ་བྱུང་བ་ཡིན།

4 བདེ་འཇགས་རྒྱུན་ཤེས།

གཅིག    ཐོག་ཆར་བྱུང་བའི་སྐབས་སུ་ཁ་པར་ལ་མི་ཉན་པ་དང་ཁ་པར་མི་གཏོང་བ།  མྱུར་དུ་གློག་སྐུད་སོགས་འབལ་དགོས།   སྒོ་ཕྱི་དང་ནང་གི་སྒེའུ་ཁུང་དང་ཐག་ཉེ་སའི་གནས་སུ་ཁ་པར་གཏོང་མི་རུང་།

གཉིས།     ཐོག་ཆར་བྱུང་བའི་སྐབས་སུ་བརྙན་འཕྲིན་དང་གློག་ཀླད་སོགས་ལ་མི་བལྟ་བ་དང་། གློག་དང་འབྲེལ་ཡོད་ཀྱི་དངོས་པོ་ཐམས་ཅད་དང་ཁ་བྲལ་ན་བཟང་།

གསུམ།   རླངས་འཁོར་སོགས་ལ་བསྡད་ཡོད་པའི་སྐབས་སུ་ཆུ་ཐོག་བྱུང་བ་ན་མགོ་བོ་སོགས་སྒོ་ལ་འབུད་མི་རུང་། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-29

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།