ཆར་འཁྱགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆར་འཁྱགས།
ཆར་འཁྱགས་ཀྱི་འཁྱགས་པའི་གོང་བུ་གཞན་པའི་རྣམ་པ་ཡིས་འཁྱགས་པའི་གོང་བུ་དང་བསྡུར་ན་སྲ་བརྟན་ཡིན་པ་དང་། གསལ་པོ་ཡིན་པ། འདུས་ཚད་ཆེ་བ།(ལི་སྨི་རིང་སུམ་སྒྱུར་གཅིག་ལ་ཁེ0.85ཡོད)ཆར་འཁྱགས་དང་འདྲ་མཚུངས་ཡིན་པའི་སྨུག་བད་ཀྱི་འདུས་ཚད་ལི་སྨི་རང་སུམ་སྒྱུར་གཅིག་ལ་ཁེ0.25ལས་མེད། ཆར་འཁྱགས་ཀྱི་གྲུབ་ཚུལ་ཧ་ཅང་གསལ་པོ་ཡིན་པ་དང་དབྱེ་བ་བགར་སླ་བ། ངོས་སྤྱིར་བཏང་གི་འཇམ་པོ་ཡིན་པ། དེས་ཆུ་ངོས་སུ་བྱུང་བ་དང་དྲང་འཕྱང་ངོས་སུའང་བྱུང་བ། རླུང་གི་ཁ་ཕྱོགས་དང་འབྲེལ་བ་ཆེན་པོ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
雨凇
ཕྱི་ཡིག་གི་མིང་།
silver thaw
1 ​རྣམ་པ།

ཆར་འཁྱགས་ཀྱི་འཁྱགས་པའི་གོང་བུ་གཞན་པའི་རྣམ་པ་ཡིས་འཁྱགས་པའི་གོང་བུ་དང་བསྡུར་ན་སྲ་བརྟན་ཡིན་པ་དང་།  གསལ་པོ་ཡིན་པ།  འདུས་ཚད་ཆེ་བ།(ལི་སྨི་རིང་སུམ་སྒྱུར་གཅིག་ལ་ཁེ0.85ཡོད)ཆར་འཁྱགས་དང་འདྲ་མཚུངས་ཡིན་པའི་སྨུག་བད་ཀྱི་འདུས་ཚད་ལི་སྨི་རང་སུམ་སྒྱུར་གཅིག་ལ་ཁེ0.25ལས་མེད།   ཆར་འཁྱགས་ཀྱི་གྲུབ་ཚུལ་ཧ་ཅང་གསལ་པོ་ཡིན་པ་དང་དབྱེ་བ་བགར་སླ་བ།  ངོས་སྤྱིར་བཏང་གི་འཇམ་པོ་ཡིན་པ།  དེས་ཆུ་ངོས་སུ་བྱུང་བ་དང་དྲང་འཕྱང་ངོས་སུའང་བྱུང་བ།   རླུང་གི་ཁ་ཕྱོགས་དང་འབྲེལ་བ་ཆེན་པོ་ཡོད།  

2 མཛེས་ལྗོངས། 

ཆར་འཁྱགས་ཀྱིས་གྲུབ་པའི་འཇིག་རྟེན་ནི་དངུལ་གྱི་ལྭ་བ་གྱོན་པ་ཞིག་དང་མཚུངས་པ།  མཐའ་ཡས་པའི་རྩྭ་ཐང་དང་མཚར་བའི་གསོམ་སྡོང་།  ཕྱོགས་ཡོངས་སུ་ཁྱབ་པའི་སྡོང་བོ་སོགས་ཀྱི་ཐོག་ཏུ་ཆར་འཁྱགས་ཡོད་པས་དངུལ་གྱི་ལྭ་བ་གྱོན་ཡོད་པ་ཞིག་དང་གཉིས་སུ་མ་མཆིས།   དགུན་ཁར་ཉི་མ་ས་ལ་འཕྲོས་པའི་དུས་སྐབས་སུ་ལྷག་ཏུ་མཛེས་ལ་འོད་འཕྲོ་བ།   ཡིད་དབང་འཕྲོག་པའི་མཛེས་ལྗོངས་ཤིག་ཡིན།  

3 གནོད་འཚེ།

ཆར་འཁྱགས་ཀྱིས་ས་གཞི་ཡོངས་ལ་དངུལ་གྱི་ལྭ་བ་གྱོན་ནས་ཡུལ་ལྗོངས་དེ་ལས་ཀྱང་ལྟ་ན་སྡུག་པ་ཞིག་ཏུ་གྱུར་ཐུབ་མོད།  འོན་ཀྱང་ཆར་འཁྱགས་ནི་གནོད་འཚེ་རང་བཞིན་གྱི་གནམ་གཤིས་ཤིག་ཡིན།   དེ་རྩ་མེད་དུ་གཏོང་དཀའ།    གཏོར་བརླག་ཀྱི་ནུས་པ་ཧ་ཅང་ཆེ་བ་ཡིན།   དེ་བས་དེས་བཟོས་པའི་གནོད་འཚེ་ནི་སྣང་མེད་དུ་འཇོག་མི་རུང་།   ཆར་འཁྱགས་དང་ས་ངོས་ཀྱི་ཆུ་འཁྱགས་པ་ཆགས་པ་གཉིས་འདྲ་མཚུངས་མིན་ནོ།    ཆར་འཁྱགས་ནི་མར་འབབ་པའི་ཞོར་དུ་འཁྱགས་པ་ཆགས་པར་བྱེད་པས།  མྱུར་དུ་དངོས་པོའི་ཐོག་ཏུ་ཆགས་པ་དང་ཐང་ལ་མི་བཞུར་བ།   འདི་ལྟར་བྱས་ནས་དལ་གྱིས་འཁྱགས་མཐུག་པོ་ཞིག་ཆགས་པས་དངོས་པོའི་ལྗིད་ཚད་ཇེ་མཐོར་འགྲོ་བ་ཡིན།   ཚབས་ཆེན་ཡིན་པའི་ཆར་འཁྱགས་ཀྱིས་སྡོང་བོའི་ཡལ་ག་གནོན་ནས་ཆད་པ་དང་ལོ་ཏོག་དང་གློག་སྐུད།  སྡོད་ཁང་།   འགྲིམ་འགྲུལ་སོགས་ལའང་གནོད་པ་ཆེན་པོ་སྐྱེལ་པ་ཡིན།   ཆར་འཁྱགས་ཀྱིས་གནམ་གྲུ་འཕུར་བར་ཡང་གནོད་པ་ཐེབས་སྲིད། 

4 རང་རྒྱལ་དུ་བྱུང་བའི་ཆར་འཁྱགས། 

སྤྱི་ལོ1954ལོའི་ཟླ12ནས་སྤྱི་ལོ1955ལོའི་ཟླ1ནང་།   ཧུའུ་པེ་ས་ཆ་རུ་ཆར་འཁྱགས་བྱུང་བ་དང་འཁྱགས་ཆགས་པའི་མཐུག་ཚད་ཧོ་སྨི70ནས80བར་ལ་སླེབས་ཡོད།   སྤྱི་ལོ2002ལོའི་ཟླ12ཚེས25ནས26ཉིན།  རང་རྒྱལ་གྱི་ཀོང་ཞི་ཀུའེ་ལིན་གྲོང་ཁྱེར་དུ་ཆར་འཁྱགས་ཀྱི་གནོད་འཚེ་ཐེངས་གཅིག་བྱུང་།   སྤྱི་ལོ2005ལོའི་ཟླ2ཚེས8ཉིན།   ཁྲུང་ཆིན་ཤར་ལྷོའི་ས་ཁུལ་དུ་ཁ་ཆར་འདྲེས་མའི་གནམ་གཤིས་རྒྱུན་ཆད་མེད་པར་བྱུང་ནས་ཁྱབ་རྒྱ་ཆེ་བའི་ཆར་འཁྱགས་ཚབས་ཆེན་བྱུང་བ་རེད།    


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-29

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།