གློག་འཁྱུག་ནག་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གློག་འཁྱུག་ནག་པོ།
གློག་འཁྱུག་ནག་པོ་ནི་འདུས་རྡུལ་རླུང་ཞུན་མ་དང་མཉམ་དུ་འཛོམས་ནས་བྱུང་བ་དང་དེ་དག་ནི་གློག་ཡོད་པའི་དངོས་པོ་དག་ཡིན་པས། ཉེན་ཁ་ཧ་ཅང་ཆེ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黑色闪电
ཕྱི་ཡིག་གི་མིང་།
Dark Lightning
1 ​འབྱུང་རྐྱེན་ཞིབ་འཇུག

ཚན་རིག་པ་རྣམས་ཀྱིས་ཞིབ་འཇུག་བྱས་པའི་རྗེས་སུ་ཤེས་པ་ནི།   གློག་འཁྱུག་ནག་པོ་ནི་རྒྱུན་དུ་སྡོང་བོ་དང་གློག་སྡོང་།  ཁང་ཀླད་དང་ལྕགས་རིགས་ཀྱི་ངོས་སུ་ཤ་སྐྲན་དབྱིབས་དང་ཡང་ན་འཇིམ་རྡོག་གི་དབྱིབས་ལྟར་མངོན་པ་རེད།    མི་རྣམས་ཀྱིས་དངོས་པོ་བཟུང་ནས་དེ་ལ་བརྡུངས་པ་དང་བཅད་ལེན་བྱེད་པའི་སྐབས་སུ།  དེ་འབར་བ་དང་ཡང་ན་གས་པ་རེད།   གློག་འཁྱུག་ནག་པོ་ངོ་མ་ག་འདྲ་ཞིག་ཡིན་པ་སུས་ཀྱང་རྟོགས་དཀའ།   མི་རྣམས་ཀྱིས་དེ་བྱ་ཞིག་དང་དེ་ལས་གཞན་པའི་དངོས་པོ་ཞིག་ཡིན་པར་འདོད།   དེ་བས་དེ་ནི་ཆེས་ཉེན་ཁ་ཆེ་བའི་གློག་འཁྱུག་ཅིག་ཡིན།   མི་དང་ཡང་ན་གནམ་གྲུ་དེའི་གམ་དུ་ཐོན་དུས་སུ་ལྒང་ལིའི་དབྱིབས་སུ་གྱུར་པ་མ་ཟད་གས་པ་རེད།    གློག་འཁྱུག་ནག་པོའི་གྲུབ་ཚུལ་ལ་ཚན་རིག་པ་རྣམས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན།   དེ་ནི་འདུས་རྡུལ་རླུང་ཞུན་མ་དང་མཉམ་དུ་འཛོམས་ནས་བྱུང་བ་ཡིན།   དེ་ནི་ཉི་མ་དང་།  འཇིག་རྟེན་གྱི་འོད།   སྐུད་དབྱིབས་གློག་འཁྱུག་སོགས་ཀྱི་རྐྱེན་གྱིས་དུས་ཡུན་རིང་བོར་མཁའ་དབུགས་ཐོན་སྐྱེད་བྱེད་པར་ནུས་པ་འདོན་པ་དང་།    མཉམ་འཛོམས་དངོས་པོ་ལྒང་དབྱིབས་སུ་གྲུབ་པའི་དུས་སུ།   གས་བར་བྱེད་ཐུབ་པའི་གློག་འཁྱུག་ནག་པོར་གྲུབ་པ་རེད།   ཚན་རིག་པ་རྣམས་ཀྱིས་འདོད་ཚུལ་ནི།  གནམ་ངོ་དྭངས་པ་དང་འབྲུག་སྒྲ་མི་གོ་ནའང་གློག་འཁྱུག་བྱུང་བའང་ཡོད།  

2 མིའི་ལུས་ཕུང་ལ་གནོད་པ་སྐྱེལ་བ།

གློག་འཁྱུག་ནག་པོ་ནི་འདུས་རྡུལ་རླུང་ཞུན་མ་དང་མཉམ་དུ་འཛོམས་ནས་བྱུང་བ་དང་དེ་དག་ནི་གློག་ཡོད་པའི་དངོས་པོ་དག་ཡིན་པས།   ཉེན་ཁ་ཧ་ཅང་ཆེ་བ་ཡིན།   གློག་འཁྱུག་ནག་པོ་སྤྱིར་བཏང་གི་གློག་འཁྱུག་དང་མི་འདྲ་བར།     དེ་ལ་སྒྲ་གདངས་མེད་པ་དང་དབྱིབས་མེད་པ།   འོན་ཀྱང་བློ་ཡུལ་ལས་འདས་བའི་གློག་གི་འགྱེད་འཕྲོ་ཡོད་པ་ཡིན།   ཐོག་གློག་མ་ལག་ཁྲོད་ཀྱི་ཆེས་ཁྱད་འཕགས་ཅན་གྱི་ཧ་ཅང་ཆེ་བའི་གློག་ཁུར་སྒོར་གཏོང་བའི་སྣང་ཚུལ་ཞིག་ཡིན།   གནམ་གྲུའི་ནང་གི་མིའི་ལུས་ཕུང་ལ་གནོད་པ་ཆེན་པོ་ཐེབས་པ་ཡིན།    ལྟ་ཞིབ་ཞིབ་འཇུག་བྱས་པ་ལྟར་ན།   གློག་འཁྱུག་ནག་པོ་ཉེ་འཁོར་གྱི་ས་ངོས་སུ་མི་བྱུང་བ་ཡིན།   གལ་ཏེ་བྱུང་བ་ན་ཅུང་སླ་མོའི་སྒོ་ནས་སྡོང་བོ་དང་གློག་སྡོང་།   སྡོད་ཁང་དང་དེ་ལས་གཞན་པའི་ལྕགས་རིགས་སོགས་ཀྱི་ཐོག་ཏུ་གདོང་ཐུག་རྒྱག་པ་ཡིན།  བལྟས་ཚོད་ཙམ་གྱིས་དེ་ནི་འབག་བཙོག་གི་དངོས་པོ་ཞིག་ཡིན་པར་འདོད།  དེ་བས་མི་རྣམས་ཀྱིས་དེ་ལ་དེ་འདྲའི་དོ་སྣང་མི་བྱེད།   འོན་ཀྱང་དེའི་ལུས་སྟེང་དུ་ཚད་མང་བའི་ནུས་ཚད་མང་པོ་ཡོད་པ་ཡིན།   དེ་བས་གློག་འཁྱུག་ནག་པོ་ནི་གློག་འཁྱུག་ཁྲོད་ཉེན་ཁ་ཆེས་ཆེ་བ་དང་ཤུགས་རྐྱེན་ཐེབས་པ་ཆེས་ཆེ་བའི་རིགས་ཤིག་ཡིན།   གློག་འཁྱུག་ནག་པོའི་བོངས་ཚད་ཅུང་ཆུང་བས།   འཛིན་བཟུང་བྱེད་པར་ཧ་ཅང་དཀའ།   


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-02

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།