ཉི་མའི་འཁོར་ལམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉི་མའི་འཁོར་ལམ།
ཉི་མའི་འཁོར་ལམ་ནི་སའི་གོ་ལ་ཉི་མར་སྤྱི་འཁོར་བྱེད་པའི་འཁོར་ལམ་ངོས་སྙོམས་དང་གནམ་གྱི་གོ་ལ་བསྣོལ་བའི་ཟླུམ་གཟུགས་ཆེན་པོ་དེ་ལ་ཟེར། སའི་གོ་ལའི་སྤྱི་འཁོར་འགུལ་སྐྱོད་ལ་རྒྱུ་སྐར་གཞན་དང་ཟླ་བའི་གོ་ལ་སོགས་སྐར་མའི་གོ་ལ་མང་པོས་འཐེན་ཤུགས་ནུས་པ་བྱིན་པས། ཉི་མའི་འཁོར་ལམ་གྱི་བར་སྟོང་གནས་ཡུལ་ལ་ངེས་གཏན་མེད་པའི་འགྱུར་བ་རབ་དང་རིམ་པར་བྱུང་། ཡིན་ཡང་འགྱུར་ལྡོག་གི་གོ་རིམ་ཁྲོད་དུ། དུས་ཡུན་སྐད་ཅིག་མར་རྒྱུ་སྐར་འཁོར་ལམ་རྒྱུན་པར་ཉི་མའི་ལྟེ་བ་བརྒྱུད་ནས་འགྲོ། འགྱུར་བ་འདི་ཧ་ཅང་དལ་བའི་ཡུན་རིང་བའི་འགུལ་སྐྱོད་ཀྱི་ཐོག་ལ་འཁོར་ཡུན་ཐུང་བའི་འགྱུར་བ་རེ་འགས་མཚོན་ཆོག་གོ །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黄道
ཕྱི་ཡིག་གི་མིང་།
ecliptic
གོ་དོན།
སྤྱི་འཁོར་བྱེད་པའི་འཁོར་ལམ་ངོས་སྙོམས་དང་གནམ་གྱི་གོ་ལ་བསྣོལ་བའི་ཟླུམ་གཟུགས་ཆེན་པོ་དེ་ལ་ཟེར།
ཁྱད་ཆོས།
དུས་ཡུན་སྐད་ཅིག་མར་རྒྱུ་སྐར་འཁོར་ལམ་རྒྱུན་པར་ཉི་མའི་ལྟེ་བ་བརྒྱུད་ནས་འགྲོ།
1 ངོ་སྤྲོད།

ཉི་མའི་འཁོར་ལམ་ནི་སའི་གོ་ལ་ཉི་མར་སྤྱི་འཁོར་བྱེད་པའི་འཁོར་ལམ་ངོས་སྙོམས་དང་གནམ་གྱི་གོ་ལ་བསྣོལ་བའི་ཟླུམ་གཟུགས་ཆེན་པོ་དེ་ལ་ཟེར། སའི་གོ་ལའི་སྤྱི་འཁོར་འགུལ་སྐྱོད་ལ་རྒྱུ་སྐར་གཞན་དང་ཟླ་བའི་གོ་ལ་སོགས་སྐར་མའི་གོ་ལ་མང་པོས་འཐེན་ཤུགས་ནུས་པ་བྱིན་པས། ཉི་མའི་འཁོར་ལམ་གྱི་བར་སྟོང་གནས་ཡུལ་ལ་ངེས་གཏན་མེད་པའི་འགྱུར་བ་རབ་དང་རིམ་པར་བྱུང་། ཡིན་ཡང་འགྱུར་ལྡོག་གི་གོ་རིམ་ཁྲོད་དུ། དུས་ཡུན་སྐད་ཅིག་མར་རྒྱུ་སྐར་འཁོར་ལམ་རྒྱུན་པར་ཉི་མའི་ལྟེ་བ་བརྒྱུད་ནས་འགྲོ། འགྱུར་བ་འདི་ཧ་ཅང་དལ་བའི་ཡུན་རིང་བའི་འགུལ་སྐྱོད་ཀྱི་ཐོག་ལ་འཁོར་ཡུན་ཐུང་བའི་འགྱུར་བ་རེ་འགས་མཚོན་ཆོག་གོ །

2 གནམ་དཔྱད་ཀྱི་སྣང་ཚུལ།

སའི་གོ་ལའི་སྟེང་གི་མིས་ཉི་མ་ལོ་གཅིག་གི་ནང་དུ་བརྟན་སྐར་གྱི་བར་ནས་འགྲོ་བའི་ལམ་ཐག་དེ་སའི་གོ་ལའི་སྤྱི་འཁོར་འཁོར་ལམ་ངོས་སྙོམས་དང་གནམ་གྱི་གོ་ལ་སྦྲེལ་བའི་སྒོར་དབྱིབས་ལ་ངོས་འཛིན། ཉི་མའི་འཁོར་ལམ་དང་གནམ་གྱི་ཐིག་དམར་གཉིས་ཀྱིས་ཏུའུ23སྐར་མ26ཅན་གྱི་ཟུར་གྲུབ་ལ། དེ་དཔྱིད་མཉམ་ས་དང་སྟོན་མཉམ་ས་ལ་བསྣོལ་ཡོད།

སྟབས་བདེ་བར་བཤད་ན། སའི་གོ་ལ་ལོ་གཅིག་ལ་ཉི་མར་བསྐོར་བ་གཟའ་རེ་བྱེད་ཅིང་། ང་ཚོས་སའི་གོ་ལའི་སྟེང་ནས་ཉི་མ་ནི་ལོ་གཅིག་ལ་མཁའ་དབྱིངས་ནས་སྐོར་བ365འམ366རྒྱག་བཞིན་པར་བལྟ་བ་ཡིན། ཉི་མ་འདི་སྤོ་འགུལ་བྱས་པའི་ལམ་ཐིག་ལ་ཉི་མའི་འཁོར་ལམ་ཟེར་ཞིང་། དེ་གནམ་གྱི་གོ་ལའི་སྟེང་དུ་སྐོར་བ་ཆེན་པོ་ཞིག་ལ་ངོས་འཛིན་བཞིན་ཡོད། དེ་མ་ཟད་སའི་གོ་ལའི་འཁོར་ལམ་ནི་གནམ་གྱི་གོ་ལའི་གྲིབ་གཟུགས་ཕོག་པ་ཞིག་ལ་ངོས་འཛིན། ཉི་མའི་འཁོར་ལམ་དང་ཐིག་དམར་ངོས་སྙོམས་གཉིས་དཔྱིད་མཉམ་ས་དང་སྟོན་མཉམ་ས་ཡི་མཚམས་ནས་བསྣོལ།

འགུལ་སྐྱོད་ཀྱི་འགྱུར་ལྡོག་རྙོག་འཛིང་རང་བཞིན་ཅན་ཡིན་པས། གནམ་དཔྱད་རིག་པ་བས་བྱ་བ་ལ་ལའི་ཁྲོད་དུ་ཉི་མའི་འཁོར་ལམ་ལ་མཚན་ཉིད་ཞིབ་ཚགས་འཇོག་སྟེ། སྐད་ཅིག་མ་གང་ཡིན་རུང་། དུས་ཡུན་རིང་པོར་འགུལ་སྐྱོད་བྱེད་པའི་རྒྱུ་སྐར་འཁོར་ལམ་ལ་བསམ་བློ་གཏོང་བའི་ངོས་སྙོམས་པོར་སྐད་ཅིག་མའི་ཆ་སྙོམས་རྒྱུ་སྐར་འཁོར་ལམ་ངོས་སྙོམས་ཟེར། ངོས་སྙོམས་འདི་དང་གནམ་གྱི་གོ་ལ་ཕན་ཚུན་བསྣོལ་བའི་སྒོར་དབྱིབས་ཆེན་པོ་དེར་ཉི་མའི་འཁོར་ལམ་ཟེར། སའི་གོ་ལའི་དཀྱིལ་སྙིང་ནས་བལྟས་ན། ཉི་མའི་འཁོར་ལམ་དེ་ཉི་མ་དང་ཉེ་བའི་བརྟན་སྐར་ཁྲོད་ཀྱི་ལམ་ཐག་ན་ཡོད། གནམ་དཔྱད་རིག་པ་བའི་ལག་ཆ་ཞིབ་ཚགས་དང་ཚད་ལྡན་ཅན་ཡོད་ན་ད་གཟོད་ཉི་མའི་འཁོར་ལམ་ཉི་མའི་ལམ་ཐག་གི་ཁྱད་པར་ཚོར་ཐུབ། ཉི་མའི་འཁོར་ལམ་ནི་གནམ་གྱི་གོ་ལའི་སྟེང་གི་ཉི་མའི་འཁོར་ལམ་གནས་ཚད་མ་ལག་གི་གཞི་མ་ལྟ་བུ་ཡིན་ནོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-24

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།