གདོད་མའི་བརྟན་སྐར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གདོད་མའི་བརྟན་སྐར།
གདོད་མའི་བརྟན་སྐར་ནི་གདོད་མའི་གནས་བབ་ཆགས་པའི་བརྟན་སྐར་ལ་བྱ། གདོད་མའི་བརྟན་སྐར་ལ་འགད་གས་ཆེན་པོ་བྱུང་བའི་རྗེས་སུ་སྐར་སྤྲིན་ཚོགས་པ་ནས་རིམ་འགྱུར་བྱུང་བ་ཡིན། དེ་ནི་སྐར་མའི་བར་གྱི་སྨྱན་རྫས་ཁྲོད་ཀྱི་སྤྲིན་འདུས་རྡུལ་ཆེན་པོ་ཆུང་དུ་འགྲོ་བའི་འོག་མངོན་པའི་སྐར་མའི་གོ་ལ་ཡིན་ཞིང་། བརྟན་སྐར་གྲུབ་པའི་བརྒྱུད་རིམ་ཁྲོད་ཀྱི་ཐོག་མའི་དུས་རིམ་ཡིན། ཉི་མའི་སྤུས་ཚད་ལྡན་པའི་བརྟན་སྐར་ཞིག་ལ་མཚོན་ནས་བཤད་ན། རིམ་པ་འདི་བརྒྱུད་པར་ཆེས་ཉུང་ནའང་མི་ལོ100000ཙམ་བརྒྱུད་དགོས་པ་འདུག དེ་སྤྲིན་འདུས་རྡུལ་སྲོག་སྙིང་གི་སྟུག་ཚད་ཇེ་རྒྱས་སུ་འགྲོ་འགོ་ཚུགས་ལ། གསེར་གླང་སྐར་མTརུ་གྲུབ་པ་ནས་མཇུག་བསྒྲིལ། དེའི་འཕྲོར་གཙོ་རིམ་ཁུལ་དུ་འཕེལ་བར་བྱེད། གོ་རིམ་འདི་ནི་གསེར་གླང་སྐར་མTཡི་བརྟན་སྐར་རླུང་གི་མཇུག་གྲིལ་བ་དྲིལ་བསྒྲགས་ཀྱི་ཚུལ་དུ་མངོན་ལ། བརྟན་སྐར་དེ་སྤུས་ཚད་ཀྱི་འཇིབ་པ་ནས་ནུས་ཚད་ཀྱི་འགྱེད་འཕྲོ་ནང་ཞུགས་པ་མཚོན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
原恒星
གོ་རིམ།
སྐུམ་འཐེན་དལ་བ།
རིགས་དབྱེ།
བརྟན་སྐར།
རྣམ་པ།
གདོད་པའི་རྣམ་པ།
1 ངོ་སྤྲོད།

གདོད་མའི་བརྟན་སྐར་ནི་གདོད་མའི་གནས་བབ་ཆགས་པའི་བརྟན་སྐར་ལ་བྱ། གདོད་མའི་བརྟན་སྐར་ལ་འགད་གས་ཆེན་པོ་བྱུང་བའི་རྗེས་སུ་སྐར་སྤྲིན་ཚོགས་པ་ནས་རིམ་འགྱུར་བྱུང་བ་ཡིན། དེ་ནི་སྐར་མའི་བར་གྱི་སྨྱན་རྫས་ཁྲོད་ཀྱི་སྤྲིན་འདུས་རྡུལ་ཆེན་པོ་ཆུང་དུ་འགྲོ་བའི་འོག་མངོན་པའི་སྐར་མའི་གོ་ལ་ཡིན་ཞིང་།  བརྟན་སྐར་གྲུབ་པའི་བརྒྱུད་རིམ་ཁྲོད་ཀྱི་ཐོག་མའི་དུས་རིམ་ཡིན།  ཉི་མའི་སྤུས་ཚད་ལྡན་པའི་བརྟན་སྐར་ཞིག་ལ་མཚོན་ནས་བཤད་ན། རིམ་པ་འདི་བརྒྱུད་པར་ཆེས་ཉུང་ནའང་མི་ལོ100000ཙམ་བརྒྱུད་དགོས་པ་འདུག དེ་སྤྲིན་འདུས་རྡུལ་སྲོག་སྙིང་གི་སྟུག་ཚད་ཇེ་རྒྱས་སུ་འགྲོ་འགོ་ཚུགས་ལ། གསེར་གླང་སྐར་མTརུ་གྲུབ་པ་ནས་མཇུག་བསྒྲིལ། དེའི་འཕྲོར་གཙོ་རིམ་ཁུལ་དུ་འཕེལ་བར་བྱེད། གོ་རིམ་འདི་ནི་གསེར་གླང་སྐར་མTཡི་བརྟན་སྐར་རླུང་གི་མཇུག་གྲིལ་བ་དྲིལ་བསྒྲགས་ཀྱི་ཚུལ་དུ་མངོན་ལ། བརྟན་སྐར་དེ་སྤུས་ཚད་ཀྱི་འཇིབ་པ་ནས་ནུས་ཚད་ཀྱི་འགྱེད་འཕྲོ་ནང་ཞུགས་པ་མཚོན་པ་ཡིན།

འབར་གས་ཆེ་བ་བྱུང་བའི་རྗེས་ནས་བར་སྣང་ཁམས་སུ་སྐར་ཚོགས་ཀྱི་དངོས་རྫས་ཀྱིས་ཁེངས་ལ། དངོས་རྫས་འདི་དག་གི་ཁྲོད་ཀྱི་གཏན་འཇགས་མིན་པའི་རྒྱུ་སྐོར་ཞིག་གིས་ཀྱང་རིམ་གྱིས་སྐར་སྤྲིན་ཚོགས་ཀྱི་དངོས་པོའི་སྟུག་ཚད་ཀྱི་འགྱུར་བ་དྲངས་ཤིང་། འཐེན་ཤུགས་གཙོ་གྲས་གཅིག་གམ་འགའི་སྣང་ཚུལ་ཡང་འབྱུང་དུ་བཅུག འཐེན་ཤུགས་གཙོ་གྲས་འདི་དག་གི་འཐེན་ཤུགས་ནུས་པ་ནི་ཉེ་འཁོར་གྱི་དངོས་རྫས་ནས་འབབ་བཞིན་ཡོད། དངོས་རྫས་དེ་ཆེས་མགྱོགས་པའི་མྱུར་ཚད་ཀྱིས་དྲངས་ལ། དངོས་རྫས་འདི་དག་གི་འཐེན་ཤུགས་ཀྱང་ཚ་ཤུགས་སུ་འགྱུར་བ་འབྱུང་གི་ཡོད། དྲོད་ཚད་དེ་ཏུའུ་ཁྲི་དྲུག་རྒྱའམ་བདུན་རྒྱ་ལ་ཐོན་དུས། རྒྱུ་རྡུལ་གྱི་མེ་འབར་བའི་སྣང་ཚུལ་འབྱུང་ལ། དྲོད་ཚད་རྒྱས་ནས་ཏུའུ་ཁྲི་སྟོང་གཅིག་ལ་སླེབས་དུས། བརྟན་སྐར་དཀྱིལ་དབུས་ཀྱི་ཉིང་རྡུལ་འདུས་གཏན་འཇགས་ངང་བྱེད་པ་ཡིན། བརྟན་སྐར་གྱི་གདོད་མའི་བརྟན་སྐར་གྱི་དུས་རིམ་མཇུག་རྫོགས་ནས་ཡོད་ལ། གཙོ་རིམ་སྐར་མའི་རིམ་པ་ནས་མགོ་བརྩམས་ཡོད།

2 གོ་རིམ།

བརྟན་སྐར་རིམ་འགྱུར་གྱི་གོ་རིམ་ཁྲོད་དུ་ཆེས་སྔ་བའི་སྐར་མའི་གོ་ལའི་རིམ་པ་ཞིག་ཡོད་ལ། རྒྱུན་པར་འཐེན་ཤུགས་བསྐུམ་པའི་ཕྱོགས་ཀྱི་སྟུག་པའི་སྐར་མའི་ཚོགས་པའི་དངོས་རྫས་སྤྲིན་དེ་ལ་གདོད་མའི་བརྟན་སྐར་ཟེར་ཞིང་། ཁྱད་པར་དུ་དེའི་ཁྲོད་ཀྱི་སའི་གོ་ལ་དང་དབྱིབས་འདྲ་བའི་ཟླུམ་གཟུགས་ཀྱི་དངོས་པོ་དེ་ལ་གོ །ཡིན་ཡང་མི་རྣམས་ཀྱིས་ཟླུམ་གཟུགས་འདིའི་སྤུས་ཚད་ཧ་ཅང་ཆུང་གི་འདོད་ལ། འཐེན་ཤུགས་བསྐུམ་པ་མི་འདང་བར་འདོད་ཀྱི་ཡོད། དེར་མ་ཟད་གཟུགས་དེའི་ནང་གི་རྡུལ་དང་དབུགས་ཀྱི་བསྡུར་ཚད་ཀྱང་ཧ་ཅང་ཆེ་ལ། གདོད་མའི་བརྟན་སྐར་གྱི་གདོད་མའི་རྒྱུ་རུ་འགྱུར་མི་ཐུབ། མི་མི་ཉུང་བ་ཞིག་གི་འདོད་ཚུལ་ལ་ཧི་པིས་ཀི་ཨ་ལོའི་སྐར་མའི་གོ་ལ་དང་། གསེར་གླང་སྐར་ཚོམTཅན་གྱི་འགྱུར་སྐར་སོགས་གདོད་མའི་བརྟན་སྐར་གྱི་རིམ་འགྱུར་ཚད་མི་འདྲ་བའམ་དབྱིབས་མི་འདྲ་བ་ཡིན་པར་འདོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-24

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།