གྲང་གནོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲང་གནོད།
གྲང་གནོད་ནི་ཞིང་ལས་གནམ་གཤིས་གནོད་འཚེ་ཞིག་ཡིན། ལོ་ཏོག་སྐྱེས་པའི་དུས་ཚིགས་ཀྱི་ནང་དུ། དྲོད་ཚད་མར་བབས་ནས་ལོ་ཏོག་སྐྱེས་མི་ཐུབ་པའི་གནས་ཚུལ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
冷害
ཕྱི་ཡིག་གི་མིང་།
cool damage
1 ​ངོ་སྤྲོད།

གྲང་གནོད་ནི་ཞིང་ལས་གནམ་གཤིས་གནོད་འཚེ་ཞིག་ཡིན།   ལོ་ཏོག་སྐྱེས་པའི་དུས་ཚིགས་ཀྱི་ནང་དུ།   དྲོད་ཚད་མར་བབས་ནས་ལོ་ཏོག་སྐྱེས་མི་ཐུབ་པའི་གནས་ཚུལ་ལ་ཟེར།   ལོ་ཏོག་ལ་ལ་ཞིག་ནི་གནོད་འཚེ་བྱུང་བའི་རྗེས་སུ་སྐྱེས་དབྱིབས་ཀྱི་སྟེང་ནས་ཁྱད་པར་དེ་འདྲ་མེད་པ་དང་རྟོགས་མི་ཐུབ།   གྲང་གནོད་བྱུང་བའི་སྐབས་ཀྱི་ཉིན་གང་བོའི་ཆ་སྙོམས་ཀྱི་དྲོད་ཚད་ནི0℃ཡན་ན་ཡོད།   མཚམས་རེར་དྲོད་ཚད20℃གཡས་གཡོན་ལ་སླེབས་ཐུབ།      གྲང་གནོད་ལ་ཡུལ་སོ་སོར་དེ་མཐུན་གྱི་མིང་འབོད་སྲོལ་མི་འདྲ་བ་ཡོད། 

2 ཁྱབ་ཁོངས། 

གྲང་གནོད་ནི་འཛམ་གླིང་སྟེང་ཁྱབ་རྒྱ་ཧ་ཅང་ཆེ་བ་དང་འཕྲེད་ཐིག་གི་ཏུའུ་གྲངས་དང་མཚོ་ངོས་ལས་མཐོ་ཚད་དེ་ལས་ཀྱང་མཐོ།   གྲང་གནོད་འབྱུང་བར་དེ་བས་ཀྱང་སླ།     འཇར་པན་གྱི་བྱང་ཕྱོགས་སུ་ཅུང་མཐོ་བའི་གྲང་གནོད་བྱུང་བའི་གནས་ཚུལ་ཡོད།   དུས་རབས་བདུན་ཅུའི་ནང་དུ་ཚབས་ཆེན་ཡིན་པའི་གྲང་གནོད་ལོ་དྲུག་ལ་སླེབས།   སྤྱི་ལོ1980ལོའི་གྲང་གནོད་ཀྱིས་སྤྱི་ཆང་ཁྲི288.6ལྷག་གི་ཞིང་སའི་རྒྱ་ཁྱོན་ལ་གནོད་པ་ཐེབས།   དེ་ལས་གཞན།    ཨོ་སི་ཁྲུ་ལི་ཡ་དང་ཨ་རི།   ཁ་ན་ཏ།   ཧིན་རྡུ།  བྱང་ཁོ་རེ་ཡ།  བལ་བོ།  ཕེ་རུ་སོགས་ཀྱི་རྒྱལ་ཁབ་ཏུའང་རྒྱུན་དུ་གྲང་གནོད་བྱུང་བ་ཡིན།    ཀྲུང་གོའི་གྲང་གནོད་ནི་ཤར་བྱང་ས་ཁུལ་དུ་བྱུང་བ་ཅུང་ཚབས་ཆེན་ཡིན།   འབྲི་ཆུའི་བཞུར་རྒྱུན་དུ་གཙོ་བོ་དཔྱིད་ཀ་དང་སྟོན་ཀའི་དུས་སུ་བྱུང་བ་ཡིན།   ཡུན་ཀོས་མཐོ་སྒང་དུ་ཟླ་བརྒྱད་པ་དང་ཟླ་དགུ་བའི་ནང་དུ་བྱུང་བ་ཅུང་མང་།  

3 གནོད་འཚེ།  

གྲང་གནོད་ཀྱིས་ལོ་ཏོག་ལ་ཤུགས་རྐྱེན་ཐེབས་པ་ནི།    

གཅིག    འོད་སྦྱོར་ནུས་པ་ཉམས་དམས་སུ་གཏོང་བ་ཡིན།    གལ་ཏེ་ལོ་ཏོག་སྣ་ཚོགས24℃ཡིས་འོད་སྦྱོར་ནུས་པའི་དྲག་ཚད་ནི100% ཡིན་ན།   12℃ཡིས་ཆ་རྐྱེན་འོག་ཏུ་སྲན་མའི་འོད་སྦྱོར་ནུས་པའི་དྲག་ཚད་ནི85%ཡིན།     ཆུ་འབྲས་ནི81%ཡིན།     རྨ་རྨོས་ལོ་ཏོག་ནི62%ཡིན།  དྲོད་ཚད་དམའ་བས་འོད་སྦྱོར་ནུས་པའི་དྲག་ཚད15~38%མར་འབབ་པར་བྱེད་པ་ཡིན།     

གཉིས། འཚོ་བཅུད་འབྱིབ་པ་ཇེ་ཉུང་དུ་འགྲོ་བ།   དྲོད་ཚད་དམའ་བས་འཚོ་བཅུད་འབྱིབ་པའི་ནུས་པ་ཇེ་ཞན་དུ་འགྲོ་བ་ཡིན།  

གསུམ། འཚོ་བཅུད་ཀྱི་འཁོར་རྒྱུག་ལ་ཤུགས་རྐྱེན་ཐེབས་པ།   གྲང་གནོད་ཀྱིས་ད་དུང་སྔོ་ཚོད་ལ་ཡང་གནོད་པ་ཆེན་པོ་ཐེབས་པ་ཡིན།  


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-19

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།