གནམ་གཤིས་གནོད་འཚེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནམ་གཤིས་གནོད་འཚེ།
གནམ་གཤིས་གནོད་འཚེ་ནི་རླུང་ཁམས་ཆེན་མོས་མིའི་རིགས་ཀྱི་ཚེ་སྲོག་དང་རྒྱུ་ནོར། རྒྱལ་དམངས་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་སོགས་ལ་ཐད་ཀར་རམ་གཞན་བརྒྱུད་ཀྱིས་སློང་བའི་གྱོང་གུན་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
气象灾害
ཕྱི་ཡིག་གི་མིང་།
meteorologic disasters
1 ​ངོ་སྤྲོད།

གནམ་གཤིས་གནོད་འཚེ་ནི་རླུང་ཁམས་ཆེན་མོས་མིའི་རིགས་ཀྱི་ཚེ་སྲོག་དང་རྒྱུ་ནོར།   རྒྱལ་དམངས་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་སོགས་ལ་ཐད་ཀར་རམ་གཞན་བརྒྱུད་ཀྱིས་སློང་བའི་གྱོང་གུན་ལ་ཟེར།    དེ་ནི་རང་བྱུང་གནོད་འཚེ་ཁྲོད་ཀྱི་གདོད་སྐྱེས་གནོད་འཚེའི་རིགས་ཤིག་ཡིན།   སྤྱིར་བཏང་དུ་གནམ་གཤིས་དང་མཁའ་དབུགས་ཀྱི་གནོད་འཚེ་སོགས་ཡོད།   གནམ་གཤིས་གནོད་འཚེ་ནི་རང་བྱུང་གནོད་འཚེ་ཁྲོད་ཆེས་མང་བ་དང་ཧ་ཅང་ཚབས་ཆེན་ཡིན་པའི་གནོད་འཚེ་ཞིག་རེད།   ཀྲུང་གོ་ནི་འཛམ་གླིང་སྟེང་རང་བྱུང་གནོད་འཚེ་བྱུང་བ་རྒྱུན་ལྡན་ཡིན་པ་དང་གནོད་འཚེའི་རིགས་ཧ་ཅང་མང་བ།  གྱོང་གུན་ཐེབས་པ་ཆེས་མང་བའི་རྒྱལ་ཁབ་ཉུང་ཤས་གྲས་ཀྱི་གཅིག་ཡིན།  

2 ཁྱད་ཆོས།

གནམ་གཤིས་གནོད་འཚེའི་ཁྱད་ཆོས་ནི།   

གཅིག    རིགས་མང་བ།   

གཙོ་བོ་དྲག་ཆར་དང་ཆུ་ལོག   ཚ་ཁུལ་རླུང་འཁྱིལ་དང་སྨུག་བད་སོགས་རིགས་ཧ་ཅང་མང་ངོ་། །    

གཉིས།   ཁྱབ་རྒྱ་ཆེ་བ།   

དུས་ཚིགས་བཞི་བོར་གནམ་གཤིས་ཀྱི་གནོད་འཚེ་བྱུང་བ་ཡིན།   མཐོ་སྒང་དང་བདེ་ཐང་།  གླིང་ཕྲན་དང་འབྲི་ཆུ།  རྨ་ཆུ།   མཁའ་དབྱིངས་སོགས་གང་ཡིན་སའི་གནས་སུ་གནམ་གཤིས་ཀྱི་གནོད་འཚེ་ཡོད་པ་རེད།     

གསུམ།   འབྱུང་ཚད་མང་བ།  

ཀྲུང་གོ་སྤྱི་ལོ1950ནས་སྤྱི་ལོ1988ལོའི་བར་གྱི་ལོ38ནང་དུ་ལོ་རེར་ཐན་པ་བྱུང་བ་དང་ཆུ་ལོག   དྲག་ཆར།  མཚོ་འཕྱུར་སོགས་རིགས་མང་བའི་གནོད་འཚེ་མང་པོ་བྱུང་བ་རེད།  ལོ་རེར་ཆ་སྙོམས་ཀྱིས་ཐན་པ་ཐེངས7.5ལ་བྱུང་བ་རེད།   ཆུ་ལོག་ཐེངས5.8ལ་བྱུང་བ་རེད།   ཚ་ཁུལ་རླུང་འཁྱིལ་ཐེངས6.9ལ་བྱུང་བ་རེད།     

བཞི།   དུས་ཡུན་རིང་བ།   

ལྔ།  གཏོར་བརླག་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ནོ། །

3 དུས་ཚོད་དང་ས་གནས།

ཟླ་དང་པོར་གྲང་རྒྱུན་དང་གངས་གནོད།  དྲག་རླུང་སོགས་བྱུང་བ་རེད།   ཟླ་བཞི་བར་ཧྭ་བྱང་དང་ནུབ་བྱང་ས་ཁུལ་དུ་དྲག་ཆར་དང་ཆུ་ལོག    སེར་བ་སོགས་བྱུང་བ་ཡིན།   ཟླ་བདུན་པར་འབྲི་ཆུ་འབབ་རྒྱུན་ས་ཁུལ་དུ་ཐན་པ་དང་ཆུ་ལོག    མཚོ་འཕྱུར་སོགས་བྱུང་བ་ཡིན།  བྱང་ཤར་ས་ཁུལ་དུ་དྲག་ཆར་དང་ཆུ་ལོག   དྲོད་ཚད་དམའ་བའི་འཁྱགས་སྐྱོན་བྱུང་བ་ཡིན།   ནུབ་བྱང་ས་ཁུལ་དུ་ཐན་པ་དང་སེར་བ་མང་པོ་བྱུང་བ་ཡིན།   ཧྭ་བྱང་ས་ཁུལ་དུ་ཐན་པ་དང་དྲག་ཆར།  ཆུ་ལོག་སོགས་བྱུང་བ་ཡིན།   འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་དུ་དྲག་ཆར་དང་ཆུ་ལོག    ཐན་པ་དང་མཚོ་འཕྱུར་སོགས་བྱུང་བ་ཡིན། ལྷོ་ནུབ་ས་ཁུལ་དུ་དྲག་ཆར་དང་ཐན་པ།  འཁྱགས་སྐྱོན།  སེར་བ།   མཚོ་འཕྱུར་སོགས་མང་པོ་བྱུང་བ་ཡིན།   ཧྭ་ལྷོའི་ས་ཁུལ་དུ་དྲག་ཆར་དང་ཐན་པ།  དྲོད་ཚད་དམའ་བའི་འཁྱགས་སྐྱོན།  སེར་བ།  མཚོ་འཕྱུར་སོགས་བྱུང་བ་ཡིན་ནོ། །


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-29

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།