དབྱི་ཐ་ལིའི་མི། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

དབྱི་ཐ་ལིའི་མི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(རིགས་རྒྱུད།)

དབྱི་ཐ་ལིའི་མི།
དབྱི་ཐ་ལིའི་མི་ནི་དབྱི་ཐ་ལི་རྒྱལ་ཁབ་ཀྱི་གཙོ་གྲས་མི་རིགས་ཡིན། རོ་མའི་མི་དང་ལ་ཏིང་གི་མི། དབྱི་ཐི་ལུའོ་ལི་ཡའི་མི་དང་ཀེ་རི་སེའི་མི། ལུན་པ་ཏིའི་མི། ཨ་རབ་ཀྱི་མི་སོགས་ཀྱིས་གྲུབ་པ་ཡིན། ཁོ་ཚོའི་སྐད་རིགས་ནི་དབྱི་ཐ་ལིའི་སྐད་ཡིན། ཡི་གེ་ལ་ལ་ཏིང་གི་གསལ་བྱེད་ཡི་གེ་འབྲི་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
意大利人
ཕྱི་ཡིག་གི་མིང་།
Italians
མི་རིགས་འབྱུང་རྩ།
ལ་ཏིང་མི་དང་ལུན་པ་ཏིའི་མི་མཉམ་འདྲེས་ལས་གྲུབ་པ་རེད།
1 ངོ་སྤྲོད།

དབྱི་ཐ་ལིའི་མི་ནི་དབྱི་ཐ་ལི་རྒྱལ་ཁབ་ཀྱི་གཙོ་གྲས་མི་རིགས་ཡིན། རོ་མའི་མི་དང་ལ་ཏིང་གི་མི། དབྱི་ཐི་ལུའོ་ལི་ཡའི་མི་དང་ཀེ་རི་སེའི་མི། ལུན་པ་ཏིའི་མི། ཨ་རབ་ཀྱི་མི་སོགས་ཀྱིས་གྲུབ་པ་ཡིན། ཁོ་ཚོའི་སྐད་རིགས་ནི་དབྱི་ཐ་ལིའི་སྐད་ཡིན། ཡི་གེ་ལ་ལ་ཏིང་གི་གསལ་བྱེད་ཡི་གེ་འབྲི་བ་ཡིན། དུས་རབས19པའི་ལོ་རབས70པ་ནས་བཟུང་ཁོ་ཚོ་མང་ཤས་ཤིག་ཕྱིའི་རྒྱལ་ཁབ་ཏུ་གནས་སྤོས། སྐོར་ཞིག་ཨ་མེ་རི་ཁ་དང་ཧྥ་རན་སེ། ཁ་ན་ཏ། འཇར་མན། པ་ཞི། སུའེ་ཏེན། ཨོ་སི་ཁྲུ་ལི་ཡ་སོགས་ལ་མཆེད་ཡོད། ཨའོ་ལུའོ་པ་རིགས་རྒྱུད་ལ་གཏོགས། མི་རྒྱུད་བྱུང་ཁུལ་ནི་ཨ་ཨེར་པེ་སི་རིགས་རྒྱུད་ལ་གཏོགས། ལྷོ་རྒྱུད་ཀྱི་རྒྱ་མཚོ་དབུས་མའི་རིགས་རྒྱུད་ལ་གཏོགས། དབྱི་ཐ་ལིའི་སྐད་རིགས་སྤྱོད། ཡིག་རིགས་ལ་ལ་ཏིང་གི་གསལ་བྱེད་ཡི་གེ་འབྲི། མང་ཤས་གནམ་བདག་ཆོས་ལུགས་ལ་དད་ཅིང་། ཉུང་ཤས་ཤིག་ཡེ་ཤུའི་ཆོས་ལུགས་གསར་བར་ལའང་དད་མོས་བྱེད། ཆོས་ཚོགས་ཀྱི་ཤན་ཤུགས་ཧ་ཅང་ཆེ། དབྱི་ཐ་ལིའི་མིས་གནའ་ནས་བཟུང་ཞིང་ལས་དང་འབྲོག་ལས། ཉ་ལས་གཙོ་བོར་བཟུང་ནས་འཚོ། ལག་ཤེས་བཟོ་ལས་དང་ཚོང་ལས། རྒྱ་མཚོའི་ལས་རིགས་ལ་སོགས་པ་ཧ་ཅང་དར། དུས་རབས13པ་ནས་བཟུང་། འབྱོར་ལྡན་གྲལ་རིམ་གྱི་མྱུ་གུ་འབུས། ཡིན་ནའང་རྒྱལ་ཁབ་གཞན་དག་གིས་ཡུན་རིང་ལ་བདག་བཟུང་བྱས་པས། ཉེ་རབས་ཀྱི་བཟོ་ལས་འཕེལ་རྒྱས་ཧ་ཅང་དལ། འཛམ་གླིང་འཁྲུག་ཆེན་དང་པོའི་རྗེས་ནས་བཟུང་། འཕེལ་རྒྱས་ཧ་ཅང་སྐྱེན་ལ། ད་སྐབས་འབྱོར་ལྡན་གྱི་འཕེལ་རྒྱས་རྒྱལ་ཁབ་དུ་གྱུར་ཡོད།

2 ཁྱད་ཆོས།

དབྱི་ཐ་ལི་ནས་མི་ཞིག་སྣ་སྦྲིད་བྱས་ཚེ། ལམ་འགྲམ་གྱི་མིས་དེ་མ་ཐག་ཁྱེད་རང་མྱུར་དུ་དྲག་པར་སྨོན(SALUTE)ཞེས་བརྗོད་ངེས། དེ་ལས་གཞན། མི་གཞན་ལ་གཏད་ནས་སྣ་སྦྲིད་བྱེད་པའམ་གློ་ལུ་བྱས་ཏེ་མི་གཞན་ལ་བརྩི་འཇོག་མ་བྱས་པའམ་གཞན་ལ་གནོད་པར་བྱས་ན། རང་ཉིད་ཀྱིས་དེ་མ་ཐག་ཉེ་འཁོར་གྱི་མི་རྣམས་ལ་དགོངས་པ་མ་ཚོམས་ཞེས་བརྗོད་དགོས། བཤད་རྒྱུན་ལ་ཡོ་རོབ་གླིང་ལ་སྔོན་ཆད་ཧ་ཅང་ལྕི་བའི་ཆམ་ནད་ཅིག་གིས་མི་མང་པོ་རྐྱེན་ལམ་དུ་སོང་སྐད་། དབྱི་ཐ་ལིའི་མིའི་མིག་ནང་ནས་ཆམ་ནད་ནི་ཧ་ཅང་འཇིགས་སུ་རུང་བའི་གཅན་གཟན་གཏུམ་པོ་ཞིག་དང་འདྲ། དེ་བས་ལམ་འགྲམ་གྱི་མིས་ཁྱེད་རང་མྱུར་དུ་དྲག་པར་སྨོན(SALUTE)ཞེས་བརྗོད་པའོ། །

དབྱི་ཐ་ལིའི་མིའི་སེམས་ཁོངས་ནས་རང་དབང་ལ་ཧ་ཅང་གཙིགས་སུ་འཛིན། ཁོ་ཚོའི་དུས་ཚོད་ཀྱི་འདུ་ཤེས་དང་ཐུན་མོང་གི་འདུ་ཤེས་ཅུང་ཞན། ཚོགས་འདུ་འཚོགས་དུས་སྐར་མ20ཡས་མས་རྗེས་སུ་ལུས་པ་ཧ་ཅང་རྒྱུན་ལྡན་གྱི་དོན་ཞིག་ཡིན། དབྱི་ཐ་ལིའི་མི་ཡིས་ནངས་མོར་འཚིག་ཇ་འཐུང་བ་དང་སིལ་ཏོག་ཟ་བ། ཞོ་འཐུང་བ་སོགས་ཀྱི་སྲོལ་ཡོད། རྒུན་ཆང་ནི་དབྱི་ཐ་ལིའི་མི་ལ་མཚོན་ན་འབྲལ་མི་ཐུབ་པའི་སྐོམ་ཆུའི་རིགས་ཤིག་ཡིན་ལ། དེར་ཕོ་མོའི་དབྱེ་བ་མེད་པར་ཟས་ཐུན་རེ་ལའང་བཏུང་བར་བྱེད། ཐ་ན་འཚིག་ཇ་འཐུང་དུས་སུའང་ཆང་ཉུང་ངུ་རེ་བསྲེས་བར་བྱེད་དགོས།

དབྱི་ཐ་ལིའི་གཉེན་སྒྲིག་སྲོལ་ནི་ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་དག་དང་འདྲ་བར་ཆོས་ལུགས་ལ་འབྲེལ་ནས་ཡོད། དབྱི་ཐ་ལིའི་མིས་གཉེན་སྒྲིག་ན་གཉེན་རྟགས་རྒྱག་པ(གཉེན་སྒྲིག་མཛུབ་དཀྲིས་བརྗེ་བ)དང་། གཉེན་སྒྲིག་ཆོ་ག་སྤེལ་བ(དམངས་སྒྲུབ་དང་ཆོས་ཁང་ནས་སྒྲུབ་པ་གཉིས་སུ་དབྱེ)གོ་རིམ་དེ་གཉིས་སུ་འདུ། ཟླ3པ་དང4བ་ནི་དབྱི་ཐ་ལིའི་ན་གཞོན་ཚོས་གཉེན་སྒྲིག་དུས་ཚོད་འདེམ་པའི་ཆེས་ལེགས་གྲས་ཀྱི་དུས་ཡིན། དབྱི་ཐ་ལིའི་མིས་སྤྱི་ལོ1974ལོའི་ཟླ5པའི་ཡར་སྔོན་ནས་གཉེན་ཐོར་བྱས་མི་ཆོག སྤྱི་ལོ1974ལོའི་ཟླ5པའི་ཚེས16ཉིན་སྤྱི་དམངས་ཀྱིས་ཐག་གཅོད་བྱས་རྗེས། དབྱི་ཐ་ལིའི་གཉེན་འཐོར་ཀྱི་ཚད་ཧ་ཅང་མཐོ།

དབྱི་ཐ་ལིའི་མིས་ཁྱིན་ཚང་གཙོར་འཛིན་ལ། རྨོ་མོ་ལ་བཀུར་བསྟི་ཆེན་པོ་བྱེད། རྒྱལ་ཁབ་དེའང་ཚེ་ཐག་རིང་བའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། ཏི་ཀྲུང་རྒྱ་མཚོའི་ས་ཁུལ་ན་འཚོ་གནས་བྱེད་བཞིན་པའི་མི་རིགས་འདི་བདེ་ཐང་དང་ཚེ་ཐག་རིང་བའི་རྒྱུ་རྐྱེན་ནི་དམིགས་བསལ་གྱི་བཟའ་ཆས་ལས་བྱུང་བ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-19

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།