གངས་ཞུ་ཆུ་ལོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གངས་ཞུ་ཆུ་ལོག
གངས་ཞུ་ཆུ་ལོག་ནི་གངས་ཞུ་ནས་ཆུ་ལོག་བྱུང་བ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
融雪洪水
ཕྱི་ཡིག་གི་མིང་།
snow—rnelt flood
1 ​ངོ་སྤྲོད།

གངས་ཞུ་ཆུ་ལོག་ནི་གངས་ཞུ་ནས་ཆུ་ལོག་བྱུང་བ་ལ་ཟེར།   གངས་ཞུ་ཆུ་ལོག་ནི་དཔྱིད་དང་དབྱར་གྱི་དུས་སུ་རྒྱུན་དུ་རི་མཐོའི་ས་ཁུལ་དུ་བྱུང་བ་ཡིན།   གངས་ཞུ་ཆུ་ལོག་གི་ཆེ་ཆུང་དང་བརྒྱུད་རིམ་གྱི་རྒྱུ་རྐྱེན་ཆེས་གཙོ་བོ་ནི་གངས་ཀྱི་རྒྱ་ཁྱོན་དང་།   ཁ་བའི་གཏིང་ཚད་དང་མཐུག་ཚད།    དབྱིབས་དང་མཁའ་དབུགས། སའི་བཀོལ་སྤྱོད་བྱེད་ཐབས་སོགས་དང་འབྲེལ་བ་ཡོད།   གངས་ཞུ་ཆུ་ལོག་ནི་དུས་ཡུན་རིང་བའི་དགུན་ཁའི་གངས་དང་ཡང་ན་དར་ཆགས་པ། དཔྱིད་ཀ་དང་དབྱར་ཁའི་དུས་སུ་དྲོད་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་ཞུ་བའི་རྣམ་པ་ཞིག་ཡིན།   གཙོ་བོ་འཕྲེད་ཐིག་གི་ཏུའུ་གྲངས་མཐོ་བའི་ས་ཁུལ་དང་མཚོ་ངོས་ཅུང་མཐོ་བའི་རི་ཁུལ་དུ་ཁྱབ་ཡོད།   དཔེར་ན་ལོ་སྔོན་མའི་དགུན་ཁར་ཁ་བ་འབབ་ཚད་ཅུང་མང་བ། དཔྱིད་ཀ་དང་དབྱར་ཁའི་དུས་སུ་དྲོད་ཚད་གློ་བུར་དུ་ཇེ་མཐོར་སོང་ནས་གཞི་རྒྱ་ཆེ་བའི་གངས་ཞུ་ནས་ཆུ་ལོག་བྱུང་བ་ཡིན།   གངས་ཞུ་ཆུ་ལོག་སྤྱིར་བཏང་དུ་ཟླ་བཞི་བ་ནས་ལྔ་བའི་བར་དུ་བྱུང་བ་དང་།  རང་རྒྱལ་དུ་གངས་ཞུ་ཆུ་ལོག་བྱུང་སའི་ས་ཁུལ་ནི་བྱང་ཤར་ས་ཁུལ་དང་ནུབ་བྱང་ས་ཁུལ་གྱི་འཕྲེད་ཐིག་གི་ཏུའུ་གྲངས་མཐོ་བའི་ས་ཁུལ་དུ་བྱུང་བ་རེད།  

2 དབྱེ་བ།

གཅིག    གངས་ཞུ་ཆུ་ལོག     

འཕྲེད་ཐིག་གི་ཏུའུ་གྲངས་མཐོ་བ་དང་འབྲིང་ཙམ་གྱི་ས་ཁུལ་དང་མཐོ་སྒང་དུ།  དཔེར་ན་ཀྲུང་གོའི་བྱང་ཤར་དང་ནུབ་བྱང་ས་ཁུལ།   སུའུ་ལེན།  མེ་གླིང་བྱང་མའི་བྱང་ཕྱོགས།  མེ་གླིང་ལྷོ་མའི་ལྷོ་ནུབ་ས་ཁུལ་དུ་དགུན་དུས་རིང་བས་གངས་གསོག་པ་ཅུང་མཐུག་ལ།   དེ་ཕྱི་ལོའི་དཔྱིད་ཀ་དང་དབྱར་ཁའི་དུས་སུ་དྲོད་ཚད་གློ་བུར་དུ་ཇེ་མཐོར་སོང་ན་གངས་ཞུ་འགྲོ་བའི་རྣམ་པ་ཞིག་གྲུབ་པ་རེད།  དབྱར་གྱི་དུས་སུ་དྲོད་ཚད་མཐོ་ལ་དུས་ཡུན་རིང་བའི་སྐབས་སུ།   དུས་ཡུན་རིང་བོར་རི་མགོ་ལ་གསོག་ཡོད་པའི་གངས་དང་དར་སོགས་ཀྱང་དལ་གྱིས་ཞུ་བ་ཡིན།  འོན་ཀྱང་དེའི་སྤྱིར་བཏང་གི་གངས་ཞུ་བ་དང་བསྡུར་ན་ཅུང་དལ་བ་ཡིན།     

གཉིས།    གངས་ཞུ་ཆུ་ལོག་དང་ཆར་བབས་ནས་ཆུ་ལོག་བྱུང་བ་གཉིས་བསྲེས་པ།   

གངས་ཞུ་ཆུ་ལོག་བྱུང་བའི་དུས་མཚུངས་སུ་ཆར་བབས་ནས་ཆུ་ལོག་བྱུང་བའང་ཡོད་དོ། །   གངས་ཞུ་ཆུ་ལོག་གིས་ཀྱང་སྤྱི་ཚོགས་ཀྱི་དཔལ་འབྱོར།   སྲོག་ཆགས་དང་མིའི་རིགས་ཀྱི་ཚེ་སྲོག་ལ་གནོད་པ་ཆེན་པོ་ཐེབས་པས།   ང་ཚོས་དེ་ལ་དོ་སྣང་ཆེན་པོ་བྱས་ནས་སྔོན་འགོག་གི་ཐབས་བཙལ་དགོས་སོ། །


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-29

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།